བདེ་ཆེན་གྱི་ནགས་འོག་གསོ་སྤེལ་ཐོན་ལས་གྲུབ་འབྲས་མངོན་གསལ་ཐོབ།

ཉེ་བའི་ལོ་གསུམ་རིང་། རང་ཁུལ་གྱི་ནགས་འོག་གསོ་སྤེལ་འཕེལ་རྒྱས་མངའ་ཁོངས་སུ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཁྱད་ཆོས་ལྡན་པའི་འཕེལ་རྒྱས་བྱེད་སྟངས་དང་མངོན་གསལ་དོད་པའི་དཔལ་འབྱོར་ཕན་འབྲས་དེ་ས་ཁུལ་ཀྱི་དཔལ་འབྱོར་འཕར་སྣོན་དང་ཞིང་པའི་ཡོང་འབབ་འཕར་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར།
རང་ཁུལ་དུ་ནགས་འོག་ཐོན་ཁུངས་ཕུན་སུམ་ཚོགས་པོས་ནགས་འོག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འདོན། རྒྱལ་ཐང་གི་འབྲི་གཡག་དང་རོང་པའི་བྱ། བོད་ཕག་སོགས་ཁྱད་ལྡན་སྒོ་ཕྱུགས་རིགས་རྒྱུད་ཀྱི་ལེགས་ཆ་ལ་དམིགས་ནས་སྔོ་ལྗང་སྤུས་དག་ནགས་འོག་གི་གསོ་སྤེལ་ཐོན་རྫས་གསོ་སྐྱོང་བྱས་ཏེ་མི་གཞན་མེད་ང་ལ་ཡོད་ཅེས་པའི་ཁྱད་པར་ཅན་གྱི་བྱང་བུ་བསྐྲུན་ནས་ཁྲོམ་ར་ཁྱད་པར་ཅན་ཀྱི་འགྲན་རྩོད་ནུས་པ་མཐོ་རུ་ཕྱིན།
རང་ཁུལ་གྱིས་《ནགས་རྩྭ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་འཆར་འགོད་(2022—2025ལོ)》བཏོན། ཧུར་ཐག་ངང་ཕྱུགས་ར་སྐྱེ་ཁམས་ཀྱི་གསོ་སྤེལ་རྟེན་གཞི་དང་། གཟན་རྩྭ་དང་གཟན་ཆག་རྟེན་གཞི་འཛུགས་སྐྲུན་བྱེད་དེ་གསོ་སྤེལ་དུད་ཚང་ལ་གཅིག་གྱུར་གྱིས་སོན་བཟང་དང་ལག་རྩལ། རིམས་འགོག་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས། དེ་དང་ཆབས་ཅིག་དུད་ཚང་བཅུ་ཡིས་ཐོན་སྐྱེད་མཉམ་འབྲེལ་དང་ཐུན་མོང་དཔལ་འབྱོར་སོགས་ཚོགས་སྒྲིག་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་པ་སྤྱད་དེ་ཐར་ཐོར་དུད་ཚང་ལ་མ་དངུལ་མི་འདང་བ་དང་། ལག་རྩལ་མི་འདང་བ། འཚོང་ལམ་མི་འདང་བ་བཅས་ཀྱི་དཀའ་གནད་ཐག་གཅོད་བྱེད། ཉེ་བའི་ལོ་གསུམ་རིང་། ནགས་འོག་གསོ་སྤེལ་གྱིས་ནགས་སའི་རྒྱ་ཁྱོན་བེད་སྤྱོད་བྱེད་ཚད་མུའུ་ཁྲི་2.37ཟིན་པ་དང་། གཞི་ཁྱོན་ཅན་གྱི་འབྲི་གཡག་གསོ་སྤེལ་ར་བ་12འཕེལ་རྒྱས་བྱེད། འབྲི་གཡག་50ཡན་གསོ་བའི་ཁྱིམ་ཚང་ཞིང་ར་120ཡོད་དེ་ལོ་རེར་འབྲི་གཡག་ཁྲི་6ལྷག་ཙམ་ཉར་ཚགས་དང་ཁྲི་1ལྷག་ཙམ་ཐོན་པའི་གསོ་སྤེལ་གཞི་ཁྱོན་མངོན་འགྱུར་བྱུང་། རོང་པའི་བྱ་ཉར་ཚགས་ཀྱང་ཁྲི་50ཡན་བརྟན་པོ་བྱུང་།
རང་ཁུལ་གྱིས་མཉམ་ལས་ཁང་གི་གཙོ་ཁྲིད་དང་ཞིང་དུད་དེའི་ནང་ཞུགས་པ། ཁེ་ལས་ཀྱིས་མ་རྩ་འཇོག་པ་དང་དངུལ་རྩ་འགན་ལེན། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་སྲིད་གཞུང་གིས་ཞབས་ཞུ་སོགས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས། ཚད་ལྡན་ཅན་གྱི་ཐོན་སྐྱེད་འཁོར་ཁང་དང་ལས་སྣོན་བཟོ་ཁང་། བྱ་རིགས་གསོན་པོའི་ཉོ་ཚོང་ཁྲོམ་ར། ཁྱད་ལྡན་བཟའ་འཐུང་སོགས་བྱེད་ཐབས་འཛུགས་སྐྲུན་བརྒྱུད་དེ། རླུང་སྐེམ་འབྲི་གཡག་ཤ་དང་འབྲི་གཡག་ཤ་སྣུམ། སྒོ་ང་ལག་རྟགས་སྒམ་བུ། འབྲི་གཡག་ཤའི་རྒྱ་ཁོག རོང་པའི་རྫ་ནག་བྱ་སོགས་ཁྱད་ཆོས་ལྡན་པའི་བཟའ་ཆས་ཟས་རིགས་གསར་སྤེལ་བྱེད་དེ། ཐོན་ལས་འབྲེལ་ཐག་ཇེ་རིང་དུ་བཏང་ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་བཏང་།
རང་ཁུལ་གྱིས་ཡུན་ནན་ཞིང་ཆེན་གྱིས་འཛམ་གླིང་གི་གནོད་མེད་བཟའ་ཆས་རྟགས་ཅན་ཡག་ཤོས་སྐྲུན་པའི་དམིགས་ཡུལ་ལ་འཁོར་ནས། གནོད་མེད་སྐྱེ་ལྡན་དང་གདོད་མའི་སྐྱེ་ཁམས་ཐོན་རྫས་གནས་གཏན་ལ་དམིགས་ཏེ། རྟགས་ཅན་སྐྲུན་པའི་བྱ་དགའ་དང་ཁ་གསབ་སྲིད་ཇུས་ལག་བསྟར་བྱས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས་15ནང་འདྲེན་བྱས། ཧུར་ཐག་ངང་གནོད་མེད་དང་སྐྱེ་ལྡན། མིང་གྲགས་དམིགས་བསལ་ཕུལ་བྱུང་གི་ཞིང་ལས་ཐོན་རྫས་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སྤེལ། ཨེ་ཤ་ཡ་ལྷོ་མའི་སྟོན་ཚོགས་དང་། ཞིང་ལས་དངོས་མང་སྟོན་ཚོགས་སུ་ཞུགས། ཐད་འཚོང་ཁང་བཀོད་པ་དང་། ཐད་གཏོང་བརྒྱུད་དེ་དངོས་ཟོག་བཙོང་བ་སོགས་བྱ་ཐབས་སྤྱོད་ནས་ཕྱིར་འཚོང་ལམ་རྒྱ་བསྐྱེད་གཏོང་ཞིང་སྤུས་དག་ཞིང་ལས་ཐོན་རྫས་བདེ་ཆེན་ནས་ཐོན་པར་སྐུལ་འདེད་གཏོང་། ཉེ་བའི་ལོ་འགའི་རིང་། ཁུལ་ཡོངས་ཀྱིས་རིམ་བསགས་ནས་“ཐོན་རྫས་གསུམ་ས་ཁམས་མཚོན་རྟགས་གཅིག་”ཅེས་པའི་ཞིང་ལས་ཐོན་རྫས་20ལྷག་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས། “སེམས་ཀྱི་ཉི་ཟླའི་འབྲི་གཡག་ཤ་”དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ངོས་མཐའ་གཅིག་ཏུ་འཛིན། “རོང་པའི་བྱ་”དང་“བདེ་ཆེན་གྱི་བོད་ཕག་”དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཞིང་ལས་ཐོན་རྫས་སུ་ཞུ་བ་ལེགས་འགྲུབ་བྱུང་།
མ་འོངས་པར། རང་ཁུལ་གྱིས་མུ་མཐུད་ནས་ནགས་འོག་གི་དཔལ་འབྱོར་རིན་ཐག་འཚོལ་ཞིབ་བྱེད་དེ་ནགས་འོག་གསོ་སྤེལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་སྐྱེ་ཁམས་སྔོན་ནས་སྤེལ་བ་དང་སྣ་མང་མཉམ་སྤེལ་གྱི་གནོད་མེད་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་རྒྱུ།
责任编辑:此里追格 卓玛央初
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག
ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
