ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ཟླ་8པའི་ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འབྲེལ་ཡོད་ཁེ་ལས་སུ་ཕེབས་ནས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། བདེ་ཆེན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཁ་ཕྱོགས་ལ་དམ་པོར་དམིགས་པ། གཞི་གྲངས་གསལ་རྟོགས་བྱེད་པ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “ཕྱི་འདྲེན”དང་“ནང་སྦྱོང”མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དེ། ཞབས་ཞུ་ལས་རིགས་ཀྱི་ཚོང་རའི་བྱེད་པོའི་འཕར་སྣོན་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིར་ཚ་ཤུགས་འགན་ལེན་ཞབས་ཞུའི་གནས་ཚུལ་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཆིང་ཁོའུ་ཕྱོགས་གཉིས་སྣུམ་སྣོན་རླུང་སྣོན་ས་ཚིགས་སུ་ནུས་རྒྱུ་ཞབས་ཞུའི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཞབས་ཞུ་ལས་རིགས་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཚོང་རའི་བྱེད་པོ་དམ་འཛིན་ནི་དཔལ་འབྱོར་འཕེལ་རྒྱས་དམ་འཛིན་གྱི་འདུ་ཤེས་དམ་པོར་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ། ལས་རིགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་གསལ་རྟོགས་དང་། ཐབས་བརྒྱ་ཇུས་སྟོང་གིས་གསོག་ཚད་དང་འཕར་ཚད་དམ་འཛིན་བྱེད་པ། ཁེ་ལས་འཕེལ་རྒྱས་གཏོང་བར་བསམ་ཕྱོགས་འཚོལ་བ་དང་ཐབས་ཇུས་འདོན་པར་ཤུགས་རྒྱག་པ་དང་། “སྒེར་གཉེར་ཁེ་ལས་སུ་བསྒྱུར་བ་དང་། ཁེ་ལས་ཆུང་གྲས་རིམ་སྤར”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བསྡོམས་རྩིས་ཞབས་ཞུའི་མཛུབ་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱོན་ཡོངས་དང་དོན་དངོས་དང་མཐུན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་ཁུལ་ཡོངས་དཔལ་འབྱོར་གྱི་འཁྲུག་ཚད་མཚོན་པ།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིར་ཁེ་ལས་ཀྱི་ཡུལ་སྐོར་ཞབས་ཞུའི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་།
ཞུས་ཀོང་ཏེ། དབྱང་ཞུའེ་ཝུན་བཅས་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108