中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-08-03 15:08:32 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
 

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་པར་འགྲེམས་བྱས་པའི་《ཏང་ཨུ་ཏང་ཙུའུ་ཡིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་གླེང་མོལ་ལས་དོན་སྤེལ་ཐབས་》ཀྱི་བླང་བྱ་གཞིར་བཟུང་། ཟླ་7པའི་ཚེས་31ཉིན། ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཚབ་ཞུས་ནས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་དང་དེ་བཞིན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་གླེང་མོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་བརྟན་པོ་བཟོས་ནས་ཏང་རྩ་འཛུགས་ཁག་གི་“འགོ་ཁྲིད་དང་པོར”རང་གཅུན་ནན་པོ་དང་འགན་འཁྲི་ནན་པོ། མངའ་ཁོངས་དོ་དམ་ནན་པོ་བཅས་བྱ་རྒྱུར་སྐུལ་འདེད་བཏང་། 

གླེང་མོལ་དེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁུ་མཁན་དང་པོའི་འགན་འཁྲི་སྒྲུབ་པ་དང་རང་གཅུན་ནན་པོ་བྱེད་ཚུལ་ལ་དམིགས་ནས་སྤེལ་ཞིང་། ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་གནས་ཚུལ་རེ་རེ་བཞིན་བརྡ་ཁྱབ་བཏང་བ་དང་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་བཏོན་པ། གླེང་མོལ་བྱ་ཡུལ་གྱིས་རང་བརྟག་གནས་ཚུལ་སྙན་སེང་ཞུ་བ་དང་འབྲེལ་ཡོད་གནད་དོན་ལ་གསལ་བཤད་བྱས་པ་མ་ཟད་རྣམ་འགྱུར་བསྟན་ནས་གཏམ་བཤད་བྱས།

 
图片
 

ལུའོ་ཁྲའོ་ཧྥེང་གིས་ཏང་རྩ་འཛུགས་ཁག་གི་འགོ་ཁྲིད་དང་པོ་ཡིས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་ཆབ་སྲིད་ཀྱི་ཆ་རྐྱེན་དང་པོའི་ལམ་སྲོལ་དང་གྲོས་གཞི་དང་པོའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ཐོག་གཏན་འཁེལ་གཉིས་ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་སྲུང་སྐྱོང་གཉིས་བློ་ཐག་རྦད་བཅད་བྱེད་པ། སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་དང་། དོན་དག་གལ་ཆེན་གྱི་བཀའ་སློབ་སྙན་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དེ་ལས་ཀའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུ། ཁུལ་ཨུའི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་པོ་བྱེད་དགོས་ཞེས་ནན་གསུང་གནང་།

 
图片
 

ལུའོ་ཁྲའོ་ཧྥེང་གིས་ཏང་རྩ་འཛུགས་ཁག་གི་འགོ་ཁྲིད་དང་པོ་ཡིས་ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་བྱས་པའི་སྲོལ་བཟང་སྣེ་ཁྲིད་བྱས་ཏེ། ཁ་དགྲ་མི་བཟོ་བའི་མི་ཡི་བསམ་བློ་མཐའ་གཅིག་ཏུ་དོར་ཞིང་། དུས་རྒྱུན་དུ་ཚན་ཁག་གི་ཁོངས་མི་དང་འོག་རིམ་གྱི་འགོ་ཁྲིད་དང་པོ་བར་སྙིང་གཏམ་ཤོད་པ་དང་གླེང་མོལ་བྱས་ནས།  འགོ་ཁྲིད་ལས་བྱེད་པའི་ཆུ་ཚོད་བརྒྱད་ཕུད་པའིབྱ་སྤྱོད་ལ་རྒྱུས་ལོན་བྱས་ཏེ།  སྔ་ལྟས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་སྔ་ཙམ་དྲན་སྐུལ་དང་སྔ་ཙམ་ཡོ་བསྲང་བྱ་དགོས། རྒྱུན་རྣམ་ཅན་གྱི་ཏང་གཤིས་སློབ་གསོ་དང་སྒྲིག་ཁྲིམས་སློབ་གསོ། ཉེན་ཟོན་སློབ་གསོ་བཅས་སྤེལ་ཏེ།  གྱོད་གཞིར་བརྟེན་ནས་སྒྲིག་བཅོས་བྱས་པ་དང་བཅོས་སྐྱོང་བྱས་པ། འཛུགས་སྐྲུན་བྱས་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ནས།  ཉེ་འགྲམ་གྱི་མི་དང་བྱ་བ་ཡིས་ལས་བྱེད་པར་སློབ་གསོ་བྱ་དགོས། རང་གཅུན་ནན་པོ་དང་གཞུང་དྲང་སྤྱོད་གཙང་བྱས་པར་སྣེ་ཁྲིད་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་བྱས་པར་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ།  རང་རྟོགས་ངང་སྤྱི་ཚོགས་འབྲེལ་ཚོམས་དང་འཚོ་བའི་འབྲེལ་ཚོམས། གྲོགས་པོའི་འབྲེལ་ཚོམས་བཅས་གཙང་གསལ་བཟོ་ནས། སྤྱོད་གཙང་གཞུང་དྲང་གི་བློ་མཐུན་འབྲེལ་བ་དང་སྒྲིག་ལམ་ལྡན་པའི་གོང་འོག་རིམ་པའི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་ཚོང་འབྲེལ་བ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། དབང་ཆ་དྲང་གཞག་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་སྒོས་དབང་ཆ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ནས། རང་འགུལ་ངང་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱ་དགོས། ཁྱིམ་སྲོལ་འཛུགས་སྐྱོང་བྱས་པ་དེ་གནས་བབ་གལ་ཆེན་ཐོག་བཞག་པར་སྣེ་ཁྲིད་བྱས་ཏེ།  ནན་ཏན་ངང་གཉེན་ཉེ་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་བྱེད་པར་སློབ་གསོ་དང་དོ་དམ། གཅུན་སྡོམ་བཅས་བྱས་ནས།  ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཏང་སྲོལ་སྲིད་སྲོལ་དྭངས་གཙང་བྱས་ཏེ།  ཁྱིམ་ཚང་གི་རུལ་རྒོལ་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་ཞེས་ནན་གསུང་གནང་།

ལུའོ་ཁྲའོ་ཧྥེང་གིས་ཏང་རྩ་འཛུགས་ཁག་གི་འགོ་ཁྲིད་དང་པོ་ཡིས་སྣེ་ཁྲིད་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱིས་ཁ་གསལ་བཟོས་པའི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱེད་པ། ཁོངས་གཏོགས་དེ་གའི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་ཇུས་འགོད་སྐུལ་འདེད་གཏོང་བ་དང་། དམ་འཛིན་དངོས་སྒྲུབ་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

 

ཀྲུའུ་ཧུང་དང་དབྱང་ཁའེ་ཡིས་གླེང་མོལ་རམ་འདེགས་བྱས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com