བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།


ད་ལོ་ནས་བཟུང་། བདེ་ཆེན་གྱིས་སྤུས་ཚད་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ཀྱི་གཙོ་རྐང་དམ་པོར་དམིགས་ནས། ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་“སྤུས་ཚད་འདྲི་རྩད”དང་ཚད་ལྡན་ཅན་གྱི་ཞབས་ཞུ། “གཅིག་འཐུས་རྣམ་པའི”ཞབས་ཞུ། དངུལ་རྩའི་ནུས་པ། སྤུས་རྟགས་གསར་གཏོད་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ས་ཁོངས་ཀྱི་སྤུས་ཚད་དང་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
“སྤུས་ཚད་འདྲི་རྩད”གནད་དུ་འཁེལ་བར་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་བྱས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་ནུས་པ་ཞན་པ་སོགས་ཀྱི་ན་སར་དམིགས་ནས། བདེ་ཆེན་ཁུལ་གྱིས་“སྤུས་ཚད་འདྲི་རྩད”ཆེད་དོན་མཐོར་འདེགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཡོད། ལས་དོན་མི་སྣས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་བཟོ་རྩལ་བརྒྱུད་རིམ་དང་ཚད་གཞི་ལག་བསྟར། ཞིབ་དཔྱད་ཚད་ལེན་སོགས་ཀྱི་དུས་རིམ་དང་“ནད་ལ་བརྟགས་ནས་སྨན་སྟེར་བ”བྱས་ཏེ། ཁེ་ལས་ལ་སྤུས་ཚད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རོགས་བྱས་ནས་སྤུས་ཚད་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། མིག་སྔའི་བར་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད། ཁེ་ལས་མང་པོར་ཡུན་རིང་གནས་པའི་སྤུས་ཚད་དོ་དམ་ཚོད་འཛིན་གྱི་དཀའ་གནད་ནུས་ལྡན་བསལ་ནས་ཁེ་ལས་ཀྱི་སྤུས་ཚད་འགྲན་རྩོད་ནུས་པ་དང་ཐོན་རྫས་ཚད་ལོན་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད།
རིན་མེད་ངང་ཚད་ལྡན་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ལ་“ཚད་ལྡན་གཞི་འཛིན་ས་ཡོད་པར”རོགས་རམ་བྱས་ཡོད། བདེ་ཆེན་ཁུལ་གྱིས་རིན་མི་ལེན་པར་ཁུལ་ཡོངས་ཀྱི་ཁེ་ལས་དང་བྱ་གཞག་སྡེ་ཚན་ལ་ཚད་གཞི་འདྲི་རྩད་དང་འགྲེལ་བཤད། བློ་འདྲིའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་བེད་སྤྱོད་ཡང་དག་བྱེད་པར་མཛུབ་སྟོན་བྱས་ནས་ཚོང་ཟོག་ཆ་འཕྲིན་གྲངས་ཀ་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཚད་གཞི་སྣ་ཚོགས་87འདྲི་རྩད་བྱེད་རོགས་བྱས་པ་དང་མི་ཐེངས་52ལ་ཚད་ལྡན་ཅན་གྱི་བློ་འདྲི་དང་ལེན་བྱས་པ། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་23སྤྱོད་རྒྱུར་མཛུབ་ཁྲིད་བྱས་པ་དང་ཁེ་ལས་ཀྱི་ཚོང་ཟོག་རྩ་གཉིས་རྟགས་རིས་27གྲུབ་ཡོད། ཚད་ལྡན་ཅན་གྱི་ཞབས་ཞུ་བརྒྱུད་དེ་ཁེ་ལས་ཀྱི་ཐོན་སྐྱེད་དེ་བས་ཚད་ལྡན་དང་ཐོན་རྫས་ཀྱི་ཆ་འཕྲིན་དེ་བས་གསལ་བ། ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཡོད།
“གཅིག་འཐུས་རྣམ་པའི”ཞབས་ཞུ་གཞི་རིམ་དུ་ཕྱོགས་པ་དང་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་ཕན་ནུས་ཐོན་ཡོད། སྤུས་ཚད་ཞབས་ཞུའི་“མཐའ་མཇུག་གི་སྤྱི་ལེ་གཅིག”ཤར་གཏོང་བྱེད་ཆེད། བདེ་ཆེན་ཁུལ་གྱིས་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་“གཅིག་འཐུས་རྣམ་པའི”ཞབས་ཞུ་དོན་འཁྱོལ་ཇེ་མགྱོགས་སུ་གཏོང་། ཚད་འཇལ་དང་ཚད་གཞི། ཁས་ལེན་དཔང་འདོན། ཞིབ་བཤེར་ཚད་ལེན་སོགས་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། ཁེ་ལས་ལ་ཐག་ཉེ་ས་དང་སྟབས་བདེ་སའི་ཕྱོགས་བསྡུས་སྤུས་ཚད་ཞབས་ཞུ་འདོན་སྤྲོད་བྱས་ཡོད། དྲ་ཐོག་དང་དྲ་ཕྱིའི་ཐོག་ནས་མཉམ་དུ་ཤུགས་བརྒྱབ་སྟེ་ཁེ་ལས་ཀྱི་སྤུས་ཚད་མ་གནས་དམའ་རུ་གཏོང་བ་དང་སྤུས་ཚད་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ས་ཁོངས་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཐོན་ཁུངས་མཐུན་སྦྱོར་མཉམ་སྤྱོད་ལ་སྐུལ་འདེད་གཏོང་ནས། ཁྱད་ལྡན་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་སྤུས་ཚད་རིམ་སྤོར་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད།
“སྤྲིན་སྤུས་མཉམ་འདྲེས”ཀྱིས་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་བསལ་བ་དང་དངུལ་རྩའི་གསོན་ཤུགས་ཆེ་རུ་ཕྱིན་ཡོད། སྤུས་ཚད་ནི་ཁེ་ལས་ཀྱི་སྲོག་རྩ་ཡིན་ལ་མ་དངུལ་བསྡུ་རུབ་ཀྱི་“འགྲོ་རྒྱུག་དངུལ་ལོར”ཡང་ཡིན། བདེ་ཆེན་ཁུལ་གྱིས་“སྤྲིན་སྤུས་མཉམ་འདྲེས”སྤུས་ཚད་ཀྱི་མ་དངུལ་བསྡུ་རུབ་དང་ཡིད་རྟོན་འཕར་སྣོན་གྱི་ཆེད་དོན་ཞབས་ཞུ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་སྤུས་ཚད་ཆུ་ཚད་དང་ཚད་གཞི་གཏན་འབེབས་བྱེད་ནུས། སྤུས་རྟགས་ཀྱི་རིན་ཐང་སོགས་“སྤུས་ཚད་རྒྱུ་ནོར”དེ་དངུལ་ཁང་གི་ཡིད་རྟོན་གཞི་འཛིན་སར་བསྒྱུར་ཏེ་ཁེ་ལས་ཀྱི་སྤུས་ཚད་ལེགས་བཅོས་དང་ལག་རྩལ་གསར་གཏོད་ལ་སྣ་མང་ཅན་གྱི་དངུལ་རྩའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཤིང་། མ་དངུལ་བསྡུ་རུབ་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་ནས། ཁེ་ལས་ཀྱིས་སྤུས་ཚད་ལེགས་བཅོས་དང་ལག་རྩལ་གསར་བཅོས། སྒྲིག་ཆས་གསར་བཅོས་བཅས་བྱེད་པར་མ་དངུལ་ཐོག་ནས་འགན་སྲུང་བྱས་ཏེ། ཁེ་ལས་ཀྱི་སྤུས་ཀའི་རྨང་གཞི་སྔར་ལས་བརྟན་དུ་བཏང་ཡོད།
སྤུས་ཚད་མཐོ་བའི་འབྲེལ་ཐག་བརྟན་པོའི་ངང་སྐུལ་འདེད་བཏང་ནས། ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཕན་འབྲས་རགས་ཙམ་ཐོན་ཡོད། བདེ་ཆེན་གྱིས་དབྱེ་འབྱེད་ནུས་པ་ལྡན་པའི་སྤུས་ཚད་མིང་བྱང་གཏོད་ཆེད། བདེ་ཆེན་ཁུལ་གྱིས་2026ལོའི་སྤུས་ཚད་ལེགས་འབྲེལ་ལས་དོན་འཆར་གཞི་བཟོས་ནས་ལེགས་གྲུབ་བྱུང་། “རྫོང་རེར་སྤུས་རྟགས་གཅིག”གི་སྤུས་ཚད་ཁྱད་ཆོས་གསར་གཏོད་ཚོད་ལྟའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། རྫོང་དང་(གྲོང་ཁྱེར)ཁག་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་རྫས་གཅིག་ནས་གཉིས་བར་ལ་དམིགས་ཏེ་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཞིབ་ཚགས་ཅན་གྱི་དོ་དམ། སྤུས་རྟགས་ཅན་གྱི་གཉེར་སྐྱོང་བཅས་བྱས་པ་བརྒྱུད། “རྫོང་གཅིག་ལ་སྤུས་རྟགས་གཅིག”གི་སྤུས་ཚད་སྤུས་རྟགས་སྐྱེད་སྲིང་གི་རྣམ་པ་རིམ་བཞིན་ཆགས་ཡོད། དེ་དང་ཆབས་ཅིག ཁེ་ལས་ཞབས་ཞུའི་སྤུས་ཚད་ཀྱི་ཚད་ཤིང་གཏོད་པའི་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་འདུ་ཤེས་དང་ཞབས་ཞུའི་ཆུ་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་སྤུས་ཚད་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་ཡར་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤུས་ཚད་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། སྤུས་ཚད་ལས་དོན་དང་ཐོན་ལས་རིམ་སྤོར། གྲོང་གསེབ་དར་རྒྱས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་གཏོང་བ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤུས་ཚད་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108