中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ཁྱབ་བསྒྲགས་དུས་ཚོད་:2026-08-05 17:32:04 འབྱུང་ཁུངས་:云南发布

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

(2026ལོའི་ཟླ་8པའི་ཚེས་4ཉིན་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་།) 

ཟླ་8པའི་ཚེས་4ཉིན། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ་2026ལོའི་ཟླ་8པའི་ཚེས་4ཉིན་ཁུན་མིང་དུ་འཚོགས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་ཞིང་ཨུའི་ཨུ་ཡོན་71དང་ཞིང་ཨུའི་རྗེས་སྣོན་ཨུ་ཡོན་5ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་ཞིང་ཆེན་ལྟ་སྐུལ་ཨུའི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གཞི་རིམ་གྱི་འཐུས་མི་ཁ་ཤས་ཚོགས་འདུར་ཟུར་ཞུགས་བྱས།

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལོ་སྟོད་ཀྱི་ལས་དོན་ཕྱོགས་སྡོམ་དང་ལོ་སྨད་ཀྱི་ལས་འགན་བཀོད་སྒྲིག་བྱེད་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱེད་དེ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱེད་པ། ཞིང་ཡོངས་གོང་འོག་ལ་ཡིད་ཆེས་བརྟན་པོ་དང་མུ་མཐུད་ནས་འབད་འཐབ་བྱེད་པ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་“གཏན་འཁེལ་གཉིས་”བརྩི་བཀུར་བརྟན་པོ་བྱེད་པ་དང་“སྲུང་སྐྱོང་གཉིས་”བློ་ཐག་རྦད་བཅད་ངང་སྒྲུབ་ཐུབ་དགོས་པའི་སྐུལ་སློང་བྱེད།

ཚང་འཛོམས་གྲོས་ཚོགས་ཐོག་ཝང་ཉིང་གིས་ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་ཡུན་ནན་ཞིང་ཨུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ་2026ལོའི་དུས་ཚིགས་བཞི་པར་ཁུན་མིང་དུ་འཚོག་རྒྱུའི་གྲོས་ཐག་བཅད། ཝང་ཉིང་གིས་《བསམ་འཆར་(གྲོས་བསྡུར་མ་ཟིན་)》དང་《གྲོས་ཆོད་(གྲོས་བསྡུར་མ་ཟིན་)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་།

ཝང་ཉིང་གིས་གསུང་བཤད་གནང་།

ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ནས་བཟུང་ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བརྩི་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག  ཞིང་ཨུ་རྒྱུན་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ། “མཆོང་སྐྱོད་གཅིག་”དང་། “ངེས་གནས་གསུམ་” “འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་”བཅས་ཀྱི་སྤྱིའི་རྩ་འཛིན་ལ་དམ་པོར་དམིགས་པ་དང་། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཞིང་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད་ཡར་བརྩོན་དང་། དམ་འཛིན་དངོས་སྒྲུབ་བཅས་བྱེད་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། དམངས་འཚོ་འགན་ལེན་ཏན་ཏིག་དང་ནུས་ལྡན་ཡིན་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པར་ངོས་འཛིན་གཅིག་མཐུན་བྱས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་ཞིང་ཆེན་ཡོངས་ཀྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་དཔྱད་འདེམས་གཟེངས་བསྟོད་སྤེལ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སློབ་སྦྱོང་དང་ཞིབ་བཤེར་ལེགས་བཅོས་བྱེད་པར་གཞི་གཅིག་ཏུ་སྐུལ་འདེད་གཏོང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སེམས་སུ་སྦྱོང་བ་དང་ལས་ཀའི་ཐོག་བེད་སྤྱོད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས། ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་དམ་འཛིན་ནན་ཏན་བྱེད་དེ་“1+3+1”གི་དག་ཐེར་ཇུས་གཞི་གཅིག་གྱུར་འཆར་འགོད་བྱས་ནས་བཟོས་པ་དང་། ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་ནས་ཟླ་རེར་བཀོད་གཏོང་བྱས་ཏེ་དག་ཐེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། རྫོང་དང་ཤང་ཏང་ཨུ་དང་གྲོང་ཚོ་(སྡེ་ཁུལ་)“ཨུ་ཡོན་ལྷན་ཁང་གཉིས་”ཀྱི་སྐབས་བརྗེའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚན་པའི་གྲུབ་ཆ་ལེགས་སུ་བཏང་བ་དང་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་ཕྱིན། “ངེས་གནས་གསུམ་”འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཞིང་ཁྱབ་འགྱེད་ལྟེ་གནས་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་ནས་གཙོ་གནད་བྱ་ཡུལ་ལ་དམིགས་ནས་གནད་སྨིད་རོགས་སྐྱོར་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བའི་“དྲི་བ་གསར་པ་5 ”ལ་ལེན་ཡག་པོ་འདེབས། དཔལ་འབྱོར་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་རྒྱུན་མཐུད་ངང་སྟོབས་ཆེ་རུ་ཕྱིན་པ་དང་། བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་བསྐྱར་འཕར་བྱུང་། ཞབས་ཞུ་ལས་རིགས་ལ་འཕར་ཚད་ཅུང་ཙམ་མགྱོགས་པོ་རྒྱུན་འཁྱོངས་ཐུབ། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ནས་འབྲུབ་འགོག་གི་“1262”སྔོན་ཚུད་ཉེན་བརྡ་གཏོང་བའི་ལམ་སྲོལ་བེད་སྤྱོད་གཏིང་ཟབ་བྱས་ཏེ་དུས་ཐོག་དང་འཕྲལ་ཐག་ཆོད་པ། བདེ་འཇགས་བཅས་ཀྱི་སྒོ་ནས་མང་ཚོགས་གནས་སྤོ་བྱེད་པ། ཤུགས་ཆེན་བཏོན་ནས་སྤྱི་ཚོགས་དམངས་འཚོའི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ་ཚོར་ཐུབ་པ་དང་སྒྲུབ་ཐུབ་པའི་དམངས་འཚོའི་དོན་དངོས་ཁག་གཅིག་བསྒྲུབས་པ། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཅིང་སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེའི་“མཐོ་རུ་གཏོང་བ་བཅུའི་”བྱ་སྤྱོད་བཀོད་སྒྲིག་དང་སྤེལ་བ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་ཆེ་རུ་བཏང་།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“བདུན་གཅིག་”དུས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔ་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཞིང་ཨུའི་《བསམ་འཆར་》གྱི་བཀོད་སྒྲིག་གཞིར་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དེ་གཞི་གཅིག་ཏུ་ཤེས་རྟོགས་དང་གཞི་གཅིག་ཏུ་ཁོང་དུ་ཆུད་པ། གཞི་གཅིག་ཏུ་ལག་བསྟར་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་བསམ་བློ་གཅིག་གྱུར་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་དེ་ལས་དོན་གཅིག་གྱུར་ངང་བདག་གཉེར་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་ཏུ་སྒྲིལ་ཏེ་བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས་གལ་ཆེན་སྒྲིག་འཛུགས་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འགྲེལ་བཤད་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་སྤེལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དེ་ “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་“དཔལ་འབྱོར་ཆེན་པོ་གསུམ་”རྒྱ་སྐྱེད་གཏོང་། ཐོན་ལས་རིགས་བསྒྱུར་རིམ་སྤོར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་མི་རིགས་ས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་འགན་གཙོ་གནད་ལ་དམ་འཛིན་ཏན་ཏིག་བྱེད་ཅིང་སློབ་སྦྱོང་གི་གྲུབ་འབྲས་དེ་ཞིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དང་ཕན་འབྲས་སུ་བསྒྱུར་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།

ཡུན་ནན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པས་དུས་ཚོད་ཀྱིས་མི་ལ་མི་སྒུག་པ་དང་དུས་བབ་ཀྱིས་མི་ལ་སྒུག་མི་ཐུབ་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ཞིང་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ཉིན་ཞག་བརྩོན་ལེན་བྱེད་པ། གནོན་ཤུགས་ཆེ་རུ་གཏོང་ནས་མདུན་སྐྱོད་བྱེད་པ་བཅས་བྱེད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བཀོད་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་བདེ་སྐྱིད་ཀྱི་ཡུལ་ལྗོངས་དངོས་སུ་འབད་བརྩོན་ངང་བསྒྱུར་བཅུག་དགོས། གོ་སྐབས་དམ་འཛིན་དང་སྐབས་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་། དཔའ་ངར་ཆེན་པོས་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་“3815”འཐབ་ཇུས་འཕེལ་རྒྱས་དམིགས་འབེན་གྱི་“ལོ་བརྒྱད་ཀྱི་འཕེལ་རྒྱས་ཆེན་པོ་”མངོན་འགྱུར་གང་ཐུབ་བྱ་དགོས། དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་དམངས་འཚོ་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བྱེད་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་གཏོང་ནས་ཞིང་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པ་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས། འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། བྱེད་ཐབས་དངོས་དང་གནད་འཁེལ་སྔར་ལས་མང་བ་བཏོན་ནས་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་གཞག་དང་འགན་འཁྲིའི་“རྒྱུག་མཐུད་དབྱུག་པ་”དང་ལེན་ལེགས་པོ་བྱེད་དེ། འཆར་གཞི་རེ་རེ་མཐའ་འཁྱོལ་བར་འགོད་པ་དང་། འགོ་ཁྲིད་ཚང་མས་ལས་དོན་ཡག་པོ་སྒྲུབ་ཅིང་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་གསར་སྐྲུན་ཧུར་ཐག་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།

ལོ་སྨད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་འཛུགས་ཡག་པོ་བྱ་རྒྱུ་དང་འབྲེལ་བ་ཡོད། ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བ་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་དང་མ་འཇོག་ལ་སྐུལ་འདེད། ཞིང་ལས་དམ་འཛིན་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་བཟོ་ལས་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་མགྱོགས་སུ་གཏོང་། དེང་རབས་ཞབས་ཞུ་ལས་རིགས་སྟོབས་ཆེར་གཏོང་བ་དང་ཡུལ་སྐོར་གསར་གཏོད་ཚད་བརྒལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕར་སྣོན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་དཔལ་འབྱོར་བསྐྱར་འཕར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་འཚོར་ཕན་པ་དང་བདེ་འཇགས་འགན་ལེན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བསྒྲུབ་དགོས་པ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་ལ་དམ་འཛིན་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ། ལས་ཞུགས་མཐོ་རུ་གཏོང་བའི་བྱ་སྤྱོད་སྒྲིག་འཛུགས་ལག་བསྟར་ཡག་པོ་བྱེད་པ། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཞིབ་ཚགས་བྱེད་པ། མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སློབ་གསོ་དང་སྨན་བཅོས། “རྒན་གཅིག་དང་བྱིས་པ་གཅིག་”སོགས་དམངས་འཚོའི་དོན་དངོས་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་འགྱུར་དུ་བཅུག བསྒྱུར་བཅོས་སྒོ་འབྱེད་གསར་གཏོད་ལ་རྒྱུན་མཐུད་ངང་ཟབ་ཏུ་གཏོང་ནས་བསྒྱུར་བཅོས་ལ་སྒུལ་ཤུགས་བཙལ་བ་དང་། སྒོ་འབྱེད་ལ་མི་མངོན་པའི་སྟོབས་ཤུགས་བཙལ་བ། གསར་གཏོད་ལ་གསོན་ཤུགས་བཅས་བཙལ་ཏེ་རྒྱུན་ཆད་མེད་པར་སྒུལ་ནུས་གསར་པ་སྐྱེད་སྲིང་དང་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་མཐོ་སྒང་གི་མཚེའུ་སྲུང་སྐྱོང་བཅོས་སྐྱོང་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་ལིན་ཅུ་གང་ཕྱོགས་བསྡུས་བཅོས་སྐྱོང་གི་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་གནོད་མེད་གློག་གསར་སྤེལ་བེད་སྤྱོད་རྒྱ་ཆེར་གཏོང་སྟེ་གནོད་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་ཞིང་རི་ཀླུང་སྔོ་ལྗང་སྲུང་སྐྱོང་ཡག་པོ་བྱས་ནས་གསེར་རི་དངུལ་རི་རུ་མངོན་འགྱུར་བྱུང་བཅུག་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།

 “ལོ་ལྔ་ཚན་བཅོ་ལྔ་པའི་”རྒྱང་སྐྱོད་ལམ་བུ་གསར་པར་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པ་དང་ཞིང་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་རིམ་པ་རེ་རེའི་ཏང་རྩ་འཛུགས་ཀྱིས་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་དགོས་པ་དང་ཏང་ཡོན་ཚང་མས་འབད་བརྩོན་ལྡབ་འགྱུར་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་ནས་ཚན་པ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད། སྤྱོད་བཟང་འཛུགས་པ་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟེན་ཏེ་བྱ་བར་བསམ་བློ་གཏོང་ནས་བྱ་བ་སྒྲུབ་པ་དང་བྱ་བ་སྒྲུབ་ནས་བྱ་བ་སྒྲུབ་ཐུབ་དགོས་པར་ཁྲིད་སྟོན་བྱེད་དགོས། སྐབས་བརྗེ་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་ནན་ཏན་བྱེད་པ། ཁུལ་(གྲོང་ཁྱེར་)ཏང་ཨུའི་སྐབས་བརྗེ་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚན་ཁག་ལེགས་འདེམས་དང་སྟོབས་ཆེ་རུ་གཏོང་བ། མི་དོན་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་རྩ་འཛུགས་ནན་པོ་བཅས་བྱས་ནས་སྐབས་བརྗེའི་ལས་དོན་སྤྱོད་བཟང་གཞུང་དྲང་དང་བརྟན་བརླིང་གོ་རིམ་ལྡན་པ་འགན་ལེན་བྱེད་དགོས། ལས་བྱེད་པའི་དཔུང་ཁག་གི་སྙིང་སྟོབས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་གསར་བརྗེ་དང་ལས་ཕྱོད་གསར་བརྗེ་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། “གལ་ཆེན་བཞིའི་”མི་བཀོལ་སྤྱོད་ཀྱི་ཁྲིད་སྟོན་བརྟན་པོ་འཛུགས་པ། སྒྱུར་བཅོས་ལ་རྒྱབ་སྐྱོར་དང་གསར་གཏོད་ལ་སྐུལ་སློང་། ནོར་འཛོལ་ལ་བཟོད་སྒོམ་བཅས་བྱེད་པའི་ལས་སྒྲུབ་ཁོར་ཡུག་ཤུགས་ཆེན་སྐྲུན་ནས་རིམ་པ་ཁག་གི་ལས་བྱེད་པས་སྔར་བས་དཔའ་ཉམས་ཆེན་པོ་དང་ཡར་ཐོན་གྱི་སྙིང་སྟོབས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་རུལ་རྒོལ་བྱེད་པ་དང་སྤྱོད་གཙང་ཡུན་ནན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་གཏིང་ཟབ་གཏོང་བ། ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་ཡོ་བསྲང་ལ་མུ་མཐུད་སྐུལ་འདེད་གཏོང་ནས་ཞིང་ཨུའི་སྐོར་ཞིབ་རེས་སྐོར་བཅུ་བཞི་པ་ཡག་པོ་སྤེལ་ཞིང་རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་གཙང་སེལ་མཐའ་གཅིག་ཏུ་བྱ་དགོས། ཕྱོགས་ཁག་གི་སྟོབས་ཤུགས་ལ་མཐུན་སྒྲིལ་བྱས་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བཅས་བྱེད་དེ་ཐག་པ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཞིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།

ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་སྐུལ་འདེད་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་ཞིང་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཞིང་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲ་སྒྲིག་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ཟིན་བྲིས་ཡག་པོ་འགོད་པ། སླད་ཕྱིན་ལོ་5ཡི་དམིགས་ཚད་ལས་འགན་དང་བྱེད་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བཅས་བྱེད་དེ་འཆར་གཞི་ཡག་པོ་འགོད་པ་དང་ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ། ཕྱོགས་སྟོན་ཡག་པོ་འཛུགས་པ། སྐྱེ་ཁམས་གསོ་སྐྱོང་ཡག་པོ་བཅས་བྱས་ནས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གུང་ཡུན་ནན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཁོའུ་ཅེ་དང་ལུའི་པིང་གཉིས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་སྔོན་དུ་ཁོའུ་ཅེ་དང་ལུའི་པིང་ལ་ཏང་ནས་ཕྱིར་འབུད་པའི་ཆད་པ་གཏན་འཁེལ་བྱས།

ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གཏོང་དོན།

ཞིང་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བརྩི་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དེ། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་འཕེལ་བ། འགག་སྒྲོལ་དཀའ་སེལ། འབད་བརྩོན་མདུན་སྐྱོད་བཅས་བྱས་ཏེ། ལོ་ཧྲིལ་པོའི་ལས་ཀའི་དམིགས་འབེན་དང་ལས་འགན་འབད་བརྩོན་ཆེན་པོས་ལེགས་འགྲུབ་བྱེད་ཅིང་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་ཚུགས་པར་ཁག་ཐེག་བྱེད་དེ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་དང་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་འབད་བརྩོན་ལྷོད་མེད་བྱ་དགོས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com