中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ཁྱབ་བསྒྲགས་དུས་ཚོད་:2026-08-03 15:49:58 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片ལུའོ་ཁྲའོ་ཧྥང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་གཉིས་པར་སྒྲིག་ཆས་འཁོར་སྐྱོད་དང་བཙོག་ཆུ་གཙང་སེལ། ཆུ་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

ཟླ་8ཚེས་2ཉིན ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ནགས་ཕག་མཚོར་ཕེབས་ནས་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ། ཁོང་གིས་ནན་བཤད་གནང་དོན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ བཙོག་ཆུ་གཙང་བཅོས་དང་། ཆུ་ལམ་དོ་དམ་སྲུང་སྐྱོང་། ཆུ་སྤུས་ལྟ་ཞིབ་ཚད་ལེན ཕྱིའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་་སྲུང་སྐྱོང་བྱེད་དགོས།


图片

ལུའོ་ཁྲའོ་ཧྥང་གིས་ཀུའེ་པའོ་ཆུའི་ཆུ་ལམ་སྤུས་ཚད་དང་དེ་བཞིན་བཅོས་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་།

བརྟག་ཞིབ་གནང་སྐབས ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཙོག་ཆུ་གཙང་བཅོས་བཟོ་གྲྭ་གཉིས་པ་དང་། ནགས་ཕག་མཚོའི་ཆུ་སྤུས་གཙང་བཟོ་གླིང་། ཀུའེ་པའོ་ཆུ་བོ་དང་ནགས་ཕག་མཚོ་ཨང་དང་པོའི་ཆུ་སིམ་གས་སྲུབས་ཀྱི་ཞིང་ཆེན་ཚོད་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་སུ་ཕེབས་ནས། སྒྲིག་ཆས་འཁོར་རྒྱུག་དང་། ཆུ་རྒྱུན་འཁོར་རྒྱུག ཆུ་སྤུས་ཀྱི་གནས་ཚུལ་དང་བཅོས་སྐྱོང་གི་ཕན་འབྲས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་གནང་བ།
图片

ལུའོ་ཁྲའོ་ཧྥང་གིས་ནགས་ཕག་མཚོའི་ཆུ་སིམ་གས་སྲུབས་ཨང་དང་པོའི་ཞིང་ཆེན་ཚོད་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན ཆུ་སྤུས་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་སྤུས་འགྱུར་ལྡོག་གི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ གནད་དོན་གྱི་འགག་རྩ་འཚོལ་བ སྤྱོད་གོ་ཆོད་པའི་ཐབས་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་བྱེད་པ ལས་གྲྭའི་བྱ་ཐབས་གཙང་བཟོ་དང་རང་བྱུང་གཙང་བཟོ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནགས་ཕག་མཚོའི་འཁོར་རྒྱུག་སྦྲེལ་མཐུད་ཆེ་མོའི་རྣམ་པ་གཏོད་དགོས། ཞིང་ཆེན་རིམ་པའི་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། “བཅོས་སྐྱོང་གསུམ་དང་ལེགས་བཅོས་གཅིག”ལ་དམིགས་ནས། ག་ཆུ་དང་ཀུའེ་པའོ་ཆུ་བོ་སོགས་ནགས་ཕག་མཚོར་རྒྱུག་པའི་ཆུ་བོའི་བཅོས་སྐྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ གཉེར་སྐྱོང་དུད་ཚང་གི་གྲངས་འབོར་དང་ཕྱུགས་རིགས་ཤོང་ཚད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ཚད་ལྡན་དོ་དམ་ལ་ཤུགས་སྣོན་བརྒྱབ་པ། སྒྲིག་འགལ་ངང་ས་འོག་ཆུའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ ཆར་ཆུ་དང་བཙོག་ཆུ་ཁག་བགོས་དང་། ཟ་ཁང་གི་གད་སྙིགས་རིགས་དབྱེ རླངས་འཁོར་འཁྲུད་ས་ཚད་ལྡན་ངང་གཉེར་སྐྱོང་། ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་བཅོས་སྒྲིག རྟ་རའི་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ དམངས་སྲོལ་གནས་ཚང་དང་བཟའ་བཏུང་སོགས་ཁྲོམ་རའི་ཆོག་འཐུས་འགག་སྒོ་ནན་པོ་སྲུང་བ་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ནགས་ཕག་མཚོའི་ཆུ་སྤུས་མཐོ་རུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དང་གཉེར་སྐྱོང་དུད་ཚང་གིས་རང་འགུལ་ངང་ནགས་ཕག་མཚོའི་སྣོད་བཅུད་སྲུང་སྐྱོང་བཅོས་སྐྱོང་ནང་ཞུགས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།
ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་ལི་ཐའོ་བརྟག་ཞིབ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:བཀྲ་ཤིས་ཚེ་རིང་།

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com