སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ཡི་སྐོར་གྱི་གསལ་བཤད།

ཁྱབ་བསྒྲགས་དུས་ཚོད་:2025ལོ་11ཟླ་བ་02ཉི་མ་ 10:53:49 འབྱུང་ཁུངས་:人民日报藏文版


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་21པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི〉ཡི་སྐོར་གྱི་གསལ་བཤད》བཀོད་ཡོད་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། 《གྲོས་གཞི》ཡི་མ་ཟིན་འགོད་རིང་ང་ཚོས་གཤམ་གསལ་གྱི་གནད་འགག་འགའ་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་པ་སྟེ། གཅིག་ནི་དམིགས་ཚད་ཀྱི་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་བརྒྱུད་རིམ་ལྡན་པའི་བསམ་གཞིག་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་གནད་དོན་གལ་ཆེན་ཁག་གཅིག་ལ་གསལ་བཤད་གནང་ཞིང་། དང་པོ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གནས་བབ་གལ་ཆེན་སྐོར་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཡིན་པས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱས་ཚེ་2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་ཡོང་བར་རྨང་གཞི་སྔར་བས་བརྟན་པོ་འདིང་ཐུབ་པ་དང་། གཉིས་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་དམིགས་ཚད་སྐོར་ལ། 《གྲོས་གཞི》ཡི་མ་ཟིན་ནང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གཞི་རྩའི་ངེས་གནས་དང་དུས་མཚམས་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པ་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་ཏེ། དཔལ་འབྱོར་འཕར་རྒྱུ་ལུགས་མཐུན་བར་མཚམས་སུ་རྒྱུན་འཁྱོངས་དང་། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་བརྟན་པོའི་ངང་རིམ་སྤོར་བྱེད་པ། དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་པ། གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་གོམ་སྟབས་གཅིག་མཚུངས་ཡོང་བ། ངལ་རྩོལ་གྱི་གླ་ཆ་སྤོར་བ་དང་ངལ་རྩོལ་གྱི་ཐོན་སྐྱེད་ལས་ཆོད་མཐོར་གཏོང་གོམ་སྟབས་གཅིག་མཚུངས་ཡོང་བ། ཡོང་འབབ་འབྲིང་རིམ་ཚོགས་སྤྱི་རྒྱུན་མཐུད་མང་དུ་གཏོང་བ་སོགས་དམིགས་ཚད་གལ་ཆེན་བཏོན་ཡོད། གསུམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱ་རྒྱུའི་སྐོར་ལ། 《གྲོས་གཞི》དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་བརྗོད་དོན་གཙོ་བོར་མུ་མཐུད་གཏན་འཁེལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཇེ་མགྱོགས་སུ་བཏང་ཐོག་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བཞི་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་གཏོང་བྱ་རྒྱུའི་སྐོར་ལ། 《གྲོས་གཞིའི》འཆར་ཟིན་ནང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་མངོན་གསལ་དོད་པོས་སྟོབས་ཆེར་བཏང་བ་དང་། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་དང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་འཛུགས་རྒྱུར་བཀོད་སྒྲིག་བྱས་པ་དང་དུས་མཚུངས་རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་ཆེར་གཏོང་བ་དང་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་རྒྱུ་བཏོན་ཡོད། ལྔ་པ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་གོམ་སྟབས་བརྟན་པོ་སྤོ་རྒྱུའི་སྐོར་ལ། 《གྲོས་གཞིའི》འཆར་ཟིན་ནང་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་བླང་བྱ་སྟངས་འཛིན་ནན་པོ་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་དམིགས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་བའི་སྲིད་ཇུས་བྱ་ཐབས་ཁག་གཅིག་བཀོད་སྒྲིག་བྱས་ཡོད། དྲུག་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུའི་སྐོར་ལ། 《གྲོས་གཞིའི》འཆར་ཟིན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་བཏོན་ཡོད། བདུན་པ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུའི་སྐོར་ལ། 《གྲོས་གཞིའི》འཆར་ཟིན་ནང་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་ཚེ་ལྷས་ཞུས)


  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།

རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།

གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།

ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com