ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

ཟླ་12་པའི་ཚེས་2ཉིན། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་དང་། བདེ་ཆེན་ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ལུས་རྩལ་ཐང་དུ་2025/2026ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ། ཀྲང་ཝེ་ཏུང་གིས་ཡུལ་དངོས་སུ་འགྲན་ར་འཐུས་ཚང་གཏོང་ཚད་དང་མིག་སྔར་འཕྲོད་པའི་དཀའ་ངལ་དང་གནད་དོན་ལ་རྒྱུས་ལོན་བྱས་ཏེ། འགྲན་ར་བཟོ་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལས་དོན་ཁག་ལ་ཞིབ་ཚགས་འདྲི་བ་དང་མཛུབ་སྟོན་བྱས།

ཀྲང་ཝེ་ཏུང་གིས། འགྲན་ར་མཐའ་འཁོར་གྱི་ཁོར་ཡུག་མཛེས་བཟོ་ལས་དོན་ཡག་པོ་སྒྲུབ་སྟེ་འགྲན་བསྡུར་གྱི་རྣམ་པ་ཟབ་མོ་བསྐྲུན་ནས་མང་ཚོགས་ལ་ལུས་རྩལ་འགྲན་བསྡུར་གྱི་ཡིད་དབང་འཕྲོག་ཤུགས་མྱོང་བཅུག་པ་དང་སྐུ་མགྲོན་རྣམས་ལ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐད་ཀར་མྱོང་ཚོར་བྱེད་དུ་འཇུག་དགོས། ཞབས་ཞུའི་ཐད། མཐོ་སྒང་གནམ་གཤིས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལྟད་མོ་བས་འགྲན་བསྡུར་ལ་ལྟ་དུས་སྟབས་བདེ་འདོན་པ་དང་སྣང་བ་སྐྱིད་པོ་ཡིན་པར་འགན་ལེན་བྱས་ནས་འགྲན་བསྡུར་ནང་ཞུགས་མཁན་དང་ལྟད་མོ་བ་རྣམས་ལ་བདེ་ཆེན་གྱི་སྤྲོ་སེམས་དང་ཆེད་ལས་མྱོང་དུ་བཅུག་དགོས་ཞེས་ནན་བཤད་བྱས།
ཀྲང་ཝེ་ཏུང་གིས། ཐེངས་འདིའི་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་སྤེལ་བའི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས། འགྲན་བསྡུར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་སའི་ནུས་པ་དང་སྤུས་ཀ་སྔར་བས་ཆེ་རུ་གཏོང་བ་དང་འཐུས་ཚང་དུ་གཏོང་ཞིང་ལུས་རྩལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་དུ་སླེབས་པར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ལུས་རྩལ་ལས་དོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་སྟོན།
ཀྲང་ཝེ་ཏུང་གིས། འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་སྔར་བས་དམ་ཟབ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ལྟད་མོ་ཆེ་ལ་བདེ་འཇགས་དང་གོ་རིམ་ལྡན་པར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།
དབྱང་ཞུའེ་ཝུན་དང་ཡུས་ཀུའེ་ཧྥུན། ལི་ཐའོ། ཀྲོང་ཞའོ་ཕིང་། ཁུལ་དང་གྲོང་ཁྱེར་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་ཞིབ་འཇུག་བརྟག་དཔྱད་ནང་ཞུགས།
责任编辑:吹批拉姆 南珠泽仁
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།
《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག
ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།
ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།
ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་དུ་དཔྱིད་དཔལ་རབ་ཏུ་བཞད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108