བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།

ཟླ་12པའི་ཚེས་2ཉིན། བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་དེ་ཁུལ་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་སྤེལ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་འཁུར་པ་གཙོ་བོས་ལོ་ལྔ་ཚན་བཅུ་བཞི་པའི་དུས་རིམ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས།ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས། ཁུལ་ཆུ་དོན་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས།ཡུན་ནན་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པ་ཁྱབ་བསྒྲགས་ཚོགས་འདུ་རུ་ཞུགས་པ་མ་ཚད་གསར་འགོད་པའི་དྲི་བར་ལན་འདེབས།
“ལོ་ལྔ་ཚན་བཅུ་བཞི་པའི་”དུས་རིང་རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་ཐོབ། སྐྱེ་ཁམས་སྲུང་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་། ཡན་ལག་དོ་དམ་ཚོད་འཛིན་མ་ལག་ཉིན་བཞིན་འཐུས་ཚང་དུ་གཏོང་།ཁུལ་ཡོངས་ཀྱིས་སྲུང་ཡོལ་གསུམ་རྒྱུད་གཉིས་ཁུལ་གསུམ་དང་། ཉིང་སྙིང་གཅིག་མདའ་གཉིས། ཚོགས་པ་བཞི་ཞེས་པའི་རྒྱལ་ས་བར་སྟོང་སྲུང་སྐྱོང་གསར་སྤེལ་གྱི་རྣམ་པ་གསར་པ་བསྐྲུན་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཆེན་པོ་གསུམ་བརྟན་པོ་སྐྲུན། འབྲི་ཆུ་དང་ཟླ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རི་དང་ཆུ། ནགས་ཚལ། ས་ཞིང་། མཚེའུ་དང་རྩྭ་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་། ཚད་གསུམ་ཐོ་གཅིག་ཅེས་པའི་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་དེ་ཁུལ་ཡོངས་ཀྱི་རྒྱལ་ས་སྤྱིའི་རྒྱ་ཁྱོན་གྱི་63.26%བཟུང་བ་དང་། ནགས་ཚལ་ཁེབས་ཚད་63.98%ཟིན། རིམ་པ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་བཞི་དང་རྒྱལ་སྤྱིའི་འདམ་ར་གལ་ཆེན་གཉིས་བསྐྲུན་པ། ལྷ་མོ་སྟོང་མཚོ་དེ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་མིང་གཞུང་ནང་བཅུག རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་།


སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་། སྐྱེ་དངོས་སྣ་མང་རང་བཞིན་ལ་གྲུབ་འབྲས་མངོན་གསལ་ཐོབ། ཁུལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་བསྟུད་མར་ལོ་ལྔ་100%རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུ་ཡི་ལྟ་ཞིབ་ཚད་ལེན་བཅད་ངོས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་གྲངས་100%ཟིན་པ་དང་། རྫོང་རིམ་པ་ཡན་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ས་ཁུལ་གྱི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན། རིགས་ལྔ་ཅན་གྱི་ཆུ་གཟུགས་ཞན་པ་མེད། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྟོན་གྲངས་རིགས་དང་པོ་ཞེས་པའི་ཚད་གཞི་རྒྱུན་འཁྱོངས་བྱས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་མཐོ་གྲང་གི་ཆུ་ཀེའུ་སོགས་སྐྱེ་དངོས་རིགས་རྩ་ཆེན་སྔ་རྗེས་སུ་གསར་རྙེད་བྱས།གསའ་ཡི་གཟུགས་བརྙན་ཐོ་འགོད་ཐེངས་མང་བྱས་ཡོད། སྤྲེའུ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་སྲུང་སྐྱོང་རིགས་ཀྱི་གྲངས་འབོར་བརྟན་པོའི་ངང་མང་དུ་ཕྱིན། ཁུལ་ཡོངས་སུ་བྱ་རིགས་བཞི་བརྒྱ་བདུན་ཅུ་ལྷག་ཙམ་ཐོ་འགོད་བྱེད་པས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་སྔར་བས་མངོན་གསལ་དོད་དུ་ཕྱིན།
བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་བ་དང་དཔེ་སྟོན་གསར་སྐྲུན་གྲུབ་འབྲས་མངོན་གསལ་ཐོབ།སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལས་ཀ་བསྟུད་མར་ལོ་ལྔའི་ནང་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཕུལ་བྱུང་རིམ་པ་ཐོབ་པ་དང་།སྦགས་བཙོག་དངོས་པོ་ཉུང་གཏོང་ལས་འགན་ཁག་ཚད་བརྒལ་ལེགས་གྲུབ་བྱུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་ལེགས་གྲུབ་བྱུང་ཚད་99.08%ཟིན། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན།མང་ཚོགས་ཀྱིས་ཁོར་ཡུག་ཞུ་གཏུག་ཐེར་འདོན་ལེགས་གྲུབ་བྱུང་ཚད་100%ཟིན། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་སྐྲུན་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན།རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གསར་སྐྲུན་བྱས། འབའ་ལུང་རྫོང་དང་འཇོལ་རྫོང་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་གདེང་འཇོག་ཐོབ་པ་དང་། རིམ་རྩིས་བྱས་ན་ཁུལ་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཚོ་བརྒྱ་དང་རེ་བཞི་དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་རྡལ་བཅོ་ལྔ། རིམ་པ་བཞིའི་གསར་བཟོ་མ་ལག་གྲུབ་འབྲས་མངོན་གསལ་ཐོབ།
སྐྱེ་ཁམས་དམངས་ཕན་ལ་གྲུབ་འབྲས་མངོན་གསལ་ཐོབ། མང་ཚོགས་ཀྱི་ཡིད་འཚིམ་ཚད་རྒྱུན་མཐུད་ངང་སྔོན་དུ་སླེབས། རང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ལས་དོན་མཉམ་འདྲེས་བྱས།སྐྱེ་ཁམས་ཁ་གསབ་དང་ཐོན་ལས་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་སྐྱེ་ཁམས་ཀྱི་དམངས་ཕྱུག་བགྲོད་ལམ་བསྐྲུན་ནས་གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱས།2020ལོ་ནས་2024ལོའི་བར། ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དོན་དངོས་དང་མཐུན་པའི་ཐོབ་སྣང་དང་སྐྱིད་སྣང་ཐོབ།

责任编辑:ཆོས་འཕེལ་ལྷ་མོ། རྣམ་འཇོམས་ཚེ་རིང་།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མདོ་འཛིན་པས་དགུན་ཁ་མེ་འགོག་ལ་དོ་སྣང་བྱ་དགོས་ལུགས་སྐོར་བཤད།
རང་ཁུལ་གྱིས་“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་སྤེལ།
གངས་ལྗོངས་ས་མཐོའི་ཏང་དར་དམར་པོ། “ལོ་ལྔ་ཚན་བཅུ་བཞི་པ”ཡི་དུས་སྐབས་སུ་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
བདེ་ཆེན་ཁུལ་གྱིས་ “ སྤུས་ཚད་མཐོ་བའི་ངང་ ‘ ལོ་ལྔ་ཚན་བཅུ་བཞི་པའི་ ’ འཆར་འགོད་ ” འགྲུབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ཏང་གི་འཛུགས་སྐྲུན་གྱི་ཆེད་དོན་སྤེལ།
ཁུལ་ཨུས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཁབ་གློག་གཏོང་ཚོགས་ཁག་ཡུན་ནན་རྒྱལ་སྤྱི་གློག་ཤུགས་གཏོང་འཇོག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཛིན་པ་ཧྥུ་ཅིན་སུང་དང་བཅས་པ་ལ་ཐུག་འཕྲད་གནང་།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི’་འཆར་འགོད་འགྲུབ་པའི་”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་སྐྱེ་ཁམས་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་རུ་ཁག་ཁྲིད་དེ་ཧྥུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་བདེ་ཆེན་འགྲན་རའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་བརྟག་དཔྱད་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
