中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་གཙོ་བོར་དབྱེ་ཞིབ་བརྡར་གཅོད་བྱས་པ།

ཁྱབ་བསྒྲགས་དུས་ཚོད་:2019-04-04 09:46:36 འབྱུང་ཁུངས་:སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ3པའི་ཚེས་26ཉིན།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས2019ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་གཙོ་བོར་དབྱེ་ཞིབ་བརྡར་གཅོད་ཀྱི་ཚོགས་འདུ་བསྡུས་པ་རེད།     ཚོགས་འདུའི་ཐོག་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།   གནས་བབས་ལ་བརྡར་ཤ་ཡང་དག་གཅོད་པ་རྒྱུན་འཁྱོངས་བྱས་ནས།  ལས་ཀ་ཁག་ལ་དམིགས་ཚད་ཞིབ་ཕྲ་བཟོ་དགོས་པ་དང་།    གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་གནས་ལ་དམ་པོར་དམིགས་ཏེ་དུས་ཚིགས་དང་པོར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་ཁུལ་ཡོངས་ཀྱི་དམིགས་འབེན་གཙོ་བོ་མངོན་འགྱུར་བྱུང་བར་འགན་སྲུང་བྱེད་དགོས་པར་ནན་གྱིས་བསྟན་ཡོད།   

རྒྱུས་ལོན་བྱུང་བ་ལྟར་ན།   ཟླ་3པའི་ཚེས་26ཉིན་གྱི་བར་དུ།   གྲོང་ཁྱེར་ཡོངས་ཀྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16499ལེགས་འགྲུབ་བྱུང་བ་དང་།   དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་གྲངས་ཁྲི13794འཕར་ཡོད།   འབབ་འཕར་སྒོར་ཁྲི2705བྱུང་ཡོད།    འཕར་ཚད་བརྒྱ་ཆའི་19.6ཟིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་ནོཪ་སྲིད་སྔོན་རྩིས་འགྲོ་སོང་སྒོར་ཁྲི68605ལེགས་འགྲུབ་བྱུང་ཡོད་པ་དང་།   དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་གྲངས་ཁྲི47018འཕར་ཡོད།   འབབ་འཕར་སྒོར་ཁྲི21587བྱུང་ཡོད།    འཕར་ཚད་བརྒྱ་ཆའི་45ཟིན་ཡོད་པ་རེད།  གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་།   ཚན་རིག་ལག་རྩལ།   འཕྲོད་བསྟེན།   སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་བརྒྱད་ཀྱི་མ་གཏོང་སྒོར་ཁྲི31488ལ་སླེབས་པ་དང་།   དེས་ནོར་སྲིད་གཏོང་སྒོའི་བརྒྱ་ཆའི45.90ཟིན་ཡོད།   དེ་ལོ་གོང་མའི་དུས་མཚུངས་ཀྱི་སྒོར30719དང་བསྡུར་ན།    གཏོང་སྒོ་འཕར་སྣོན་སྒོར་ཁྲི769བྱུང་ཡོད་པ་དང་།   འཕར་ཚད་བརྒྱ་ཆའི2.5ཟིན་ཡོད།    ལོ་ཧྲིལ་པོའི་ལས་འགན་གྲངས་འབོར་སྒོར་ཁྲི286203ཡི་བརྒྱ་ཆའི11ལེགས་འགྲུབ་བྱུང་ཡོད།   

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།   ཉེན་ཁའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ། དེང་སྐབས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བབ་བསྟུན་བརྟན་བརླིང་དང་།  བརྟན་ཐོག་ཡར་འཕེལ་བྱུང་བ།   དུས་མཚུངས་སུ་དཔལ་འབྱོར་འཁོར་སྐྱོད་ཀྱང་ཆག་དོགས་ཡོད་པས།   རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ།     ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་པའི་གྲོང་ཁྱེར་ཁག་ལ་མིག་ལྟོས་བྱས་ནས།   དཔལ་འབྱོར་དམིགས་ཚད་འཁོར་རྒྱུགས་བྱེད་པའི་གནས་ཚུལ་ལ་གནད་དུ་འཁེལ་བའི་བརྡར་ཤ་གཅོད་དགོས།    ཡོན་ཏན་སུ་མཁས་འགྲན་པའི་རྣམ་པ་ཞིག་ཆགས་ཏུ་བཅུག་ནས།   གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས།    ཁུལ་ཡོངས་ཀྱི་དམིགས་འབེན་གཙོ་བོ་ལེགས་འགྲུབ་བྱུང་བར་འགན་ལེན་ཏན་ཏིག་བྱེད་དགོས།     ལས་རིགས་ཀྱི་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ། དམིགས་ཚད་ཁག་ཞིབ་ཕྲ་བཟོ་དགོས། དུས་ཚོད་ཀྱི་གནད་འགག་ལ་དམ་འཛིན་ལྷོད་མེད་བྱས་ནས།  གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ཁྱབ་ཁྱོངས་ལ་དམ་པོར་དམིགས་ཏེ་གནད་སྨིན་ལག་བསྟར་བྱེད་དགོས།    དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།   བསྡོམས་རྩིས་ལས་དོན་ལ་ཆེད་ལས་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལྡན་པར་བྱེད་དགོས།     གཞི་རིམ་གྱི་བསྡོམས་རྩིས་མི་སྣར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།   བསྡོམས་རྩིས་དཔུང་ཁག་བལྟོས་བཅས་ཀྱི་བརྟན་པོ་ཡོང་བ་དང་།  བྱང་ཚད་ལྡན་པ།  སྤུས་ཚད་མཐོ་བའི་བསྡོམས་རྩིས་དཔུང་ཁག་ཅིག་བཙུགས་ནས།   ཚན་རིག་དང་མཐུན་པར་བསྡོམས་རྩིས་བྱེད་ཐུབ་པ་དང་།   གཅིག་གྱུར་གྱིས་བསྡོམས་རྩིས་བྱེད་ཐུབ་པ།    ཁྲལ་ཁུངས་འགྲོ་ལུགས་སྒྲུབ་ཤེས་པ།       གང་བསྟུན་སྒྲུབ་ཤེས་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པར་དམ་འཛིན་བྱ་དགོས།    རིགས་དབྱེ་ཁྲིད་སྟོན་དང་།    ཁག་བགོས་ནས་ཇུས་འདོན་གནང་བ་རྒྱུན་འཁྱོངས་བྱས་ཏེ།   གནད་སྨིན་མཛུབ་ཁྲིད་དང་།  གནད་སྨིན་ཞབས་ཞུ་སྒྲུབ་ནས་རྨང་གཞི་རང་བཞིན་གྱི་ལས་དོན་ཁག་ཏན་ཏིག་ཞིབ་ཕྲ་སྒྲུབ་དགོས།     ཆ་རྐྱེན་ལ་སླེབས་པའི་ཁེ་ལས་དང་རྣམ་གྲངས་གཏན་འཁེལ་ལྟར་མཛོད་ནང་དུ་གཅིག་གྱུར་གྱིས་ཞུགས་པར་འགན་ལེན་བྱེད་དགོས།འདུ་ཤེས་དང་གཞོགས་འདེགས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།  སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་དང་། ལས་རིགས་ཡོངས་ཀྱི་རྒྱབ་སྐྱོར་ཡོང་ཐུབ་པར་སྒྲུབ་དགོས།    ལྟ་སྐུལ་ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།        ཡོངས་ཁྱབ་ཞིབ་བཤེར་བྱས་པ་བརྒྱུད་ནས་ལས་དོན་གྱི་མཐིལ་རྟོགས་དགོས་པ་དང་།   བསྡོམས་རྩིས་གྲངས་གཞི་ནི་ཚན་རིག་དང་མཐུན་ལ་ཡང་དག་པ་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ་ཐོན་ལས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།


  • བདེ་ཆེན་གསར་འགྱུར།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com