中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྩོམ་པ་པོ་:余红春(图片由周玉红提供) ཁྱབ་བསྒྲགས་དུས་ཚོད་:2026-05-06 17:16:45

   ཞོགས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ། དཔྱིད་ཀའི་དྲོད་འཇམ་གྱི་ཉི་འོད་གྲོང་ཚོ་རུ་འཕྲོས་ཡོད་ལ། ཞིང་ཁ་དང་ཞིང་ནང་དུ་ཞིང་བ་རྣམས་བྲེལ་འཚུབ་ཀྱིས་ངལ་རྩོལ་བྱེད་བཞིན་པའི་རྣམ་པས་ཁེངས་ཡོད།ལོ་60ལྷག་ལ་སླེབས་པའི་ཀྲོའུ་ཡུས་ཧུང་གིས་ཁོང་གི་ཟོག་འདྲེན་རླངས་འཁོར་ཆུང་ངུ་དེ་ཅང་པན་གྲོང་གསར་གྱི་ཞིང་ནང་གི་ལམ་ཆུང་དེའི་ཐོག་ཏུ་ཕར་ཚུར་ཡང་དང་བསྐྱར་དུ་འགྲོ་འོང་བྱེད་བཞིན་ཡོད། ཁོ་བོ་པ་ཕུ་ཀྲུའུ་ཡིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས་ཁོང་གིས“ཁྱིམ་དུ་སྡོད་པའི་སྦྱིན་བདག”མི་བྱེད་པར་ཀུ་ཀུ་ཤ་མོ་འཐུ་བའི་དུས་སུ་སླེབས་མ་ཐག་ཉིན་ལྟར་རླངས་འཁོར་བཏང་ནས་གྲོང་ཚོ་དང་གྲོང་གྲོང་ཚོར་བསྐྱོད་དེ་དུད་ཚང་རེ་རེ་བཞིན་ཀུ་ཀུ་ཤ་མོ་བསྡུ་ཉོ་བཞིན་ཡོད།འཐུས་མ་ཐག་པའི་ཀུ་ཀུ་ཤ་མོ་གསར་པ་ཡུལ་དངོས་སུ་ལྗིད་ཚད་འཇལ་བ་དང་ཡུལ་དངོས་སུ་བསྡོམས་རྩིས་རྒྱག་བཞིན་ཡོད་དེ་ཏན་ཏིག་གིས་མང་ཚོགས་དང་ཟུང་འབྲེལ་གྱི་ཐོག་ནས་འབབ་འཕར་ཡོང་བར་བྱས་ཤིང་། གྲོང་མི་ཚོ་དང་མཉམ་ལས་ཁང་གཉིས་གཉིས་ཕན་གྱི་ལམ་ཞིག་བཏོད་པ་རེད།

   ཉེ་བའི་ལོ་ཤས་རིང་། ཀུ་ཀུ་ཤ་མོསན་པ་ཤང་གི་ཡོང་འབབ་གཙོ་བོ་སྟེ་གསེར་གྱི་ཤ་མོ་རུ་གྱུར་ཡོད། ཀྲོའུ་ཡུས་ཧུང་དང་མཉམ་ལས་ཁང་གི་སྣེ་ཁྲིད་འོག་ཞིང་དུད་སྔར་བས་མང་པོ་ཞིག་ཐག་རིང་དུ་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་ཁར་ཡོང་འབབ་བརྟན་པོ་བྱུང་ཐུབ་བཞིན་ཡོད་ལ། འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་པ་ཕུའུ་ཀྲུའུ་ཡིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནི་ཤང་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཡིན་པ་དང་གཙོ་བོ་ཤ་མོ་འདེབས་འཛུགས་དང་ཉོ་སྒྲུབ་བྱེད་བཞིན་ཡོད་ལ། དེ་མིན་གཡེར་མའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བྱེད་བཞིན་ཡོད མཉམ་ལས་ཁང་གིས་ས་ཁྱོན་མུའུ་10བཟུང་ནས་ད་ཆ་ལས་བཟོ་དང་ལག་རྩལ་མི་སྣ་20ལྷག་ཙམ་ཡོད་པ་དང་སྤྱིའི་རྒྱུ་ནོར་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། 2025ལོར་མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་ཤ་མོ་ཏུན་13ཉོ་སྒྲུབ་བྱས་པའི་ནང་ས་གནས་དེ་གའི་ཏུན་10ཉོ་སྒྲུབ་བྱས་པ་དེས་ཉོ་སྒྲུབ་བསྡོམས་འབོར་གྱི་95%ཟིན་གྱི་ཡོད།ཞིང་དུད་ཀྱིས་བཏབ་པ་བློ་བདེ་པོ་དང་བཙོངས་པ་བློ་བདེ་པོ་ཡོང་བ་བྱ་ཆེད།མཉམ་ལས་ཁང་གིས་སྦེལ་ཐག་གཅིག་གིས་ཡོངས་སུ་བཟུང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད།ཉོ་སྒྲུབ་ས་ཚིགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། རང་འགུལ་ངང་ཉོ་སྒྲུབ་བྱེད་པར་བསྐྱོད་དེ་ཞིང་དུད་ཀྱི་མ་གནས་ཆུང་དུ་གཏོང་རྒྱུ་དང་།མཛོད་འཇུག་དང་ཁ་འགྲེམས། སྤུས་བཤེར། སྒྲིག་ཆས་སྐྱོན་བཤེར་བཅས་ཀྱི་ཚད་གཞི་དམའ་རུ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་ཆག་སྐྱོན་བྱེད་ཚད་10%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་ནོར་སྲིད་རྩིས་ཐོ་དུས་ཐོག་ཏུ་ཉོ་སྒྲུབ་བྱེད་ཚད་100%ཟིན་རྒྱུ་རེད།

   སན་པ་ཤང་གི་ཀུ་ཀུ་ཤ་མོ་ས་བབ་མཐོ་ཚད་གཞིར་བཟུང་རིམ་དབྱེ་འདེབས་འཛུགས་བྱས་ཏེ་ཅང་པན་གྲོང་གསར་ནས་པེ་ཏི་གྲོང་ཚོའི་བར་ཁྱབ་པ་དང་། ཅང་པན་གྲོང་གསར་དུ་འདེབས་འཛུགས་བྱེད་སྔ་ཤོས་དང་བརྔ་བསྡུ་སྔ་ཤོས།ས་ཞིང་གྲོང་ཚོར་བརྔ་བསྡུ་བྱེད་འགོར་ཤོས་བཅས་ཡིན་པས་ཤ་མོ་བརྔ་བསྡུ་དང་ཉོ་བསྡུའི་ཕན་འབྲས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བྱེད་ཀྱི་ཡོད་པ་རེད།

   ཀུ་ཀུ་ཤ་མོ་ལས་བྱུང་བའི་བདེ་སྐྱིད་ཀྱི་འཚོ་བའི་སྐོར་གླེང་སྐབས། སན་པ་ཤང་ཅང་པན་གྲོང་གསར་གྱི་འདེབས་འཛུགས་དུད་ཁྱིམ་ཅིན་ཁོན་ཆང་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ།ཁོང་གིས“ཀུ་ཀུ་ཤ་མོ་མ་བཏབ་པའི་གོང་དུ་མུའུ་1གི་ས་ཞིང་མང་ཤོས་ལའང་སྒོར་500ལས་རག་གི་མེད།ད་ཆ་ཀུ་ཀུ་ཤ་མོ་བཏབ་ན་ལོའི་ཡོང་འབབ་དེ་སྔོན་ལས་ལྡབ་56འཕར་ནས་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་སོང་སྟེ་ཕྱུག་འགྱུར་གྱི་ལམ་དུ་དངོས་སུ་བསྐྱོད་ཐུབ་ཀྱི་མེད”ཅེས་བཤད།

   ད་ལོར།ཅིན་ཁོན་ཆང་གི་ཁྱིམ་དུ་ཀུ་ཀུ་ཤ་མོ་མུའུ་8ལྷག་བཏབ་ཡོད་ལ དུས་ཚིགས་དང་པོར་སྤྱིའི་ཡོང་འབབ་སྒོར་ཁྲི་18ལ་སླེབས། ཁོང་གིས་གསར་འགོད་པར་རྩིས་ཤིག་བརྒྱབ་པ་སྟེ།ཀུ་ཀུ་ཤ་མོ་མུའུ་རེའི་ཡོང་འབབ་སྒོར་ཁྲི་2ལྷག་ཟིན་ཡོད།ད་ལོར་ཁོ་ཚང་གི་མུའུ་རེའི་ཐོན་ཚད་མཐོ་ཤོས་སྤྱི་རྒྱ་500ལྷག་ཟིན་པ་དང་།མཉམ་ལས་ཁང་གི་འགན་འཁུར་བ་ཀྲོའུ་ཡུས་ཧུང་གིས་སྤྱི་རྒྱ་རེའི་རིན་གོང་ལྟར་ཉོ་སྒྲུབ་བྱས་ སྐམ་པོ་སྤྱི་རྒྱ་རེར་སྒོར་450ཡི་རིན་གོང་ལྟར་ཉོ་སྒྲུབ་བྱས་ཏེ། རིན་གོང་མཐོན་པོས་ཐ་སྐྱོང་བྱས་ཏེ། གྲོང་མི་རྣམས་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བར་བྱས་ཡོད།

   མཉམ་ལས་ཁང་གིས་ཀུ་ཀུ་ཤ་མོ་སྤུས་ལེགས་མཁོ་འདོན་དང་ཉོ་སྒྲུབ་འགན་ལེན་བྱས་པ་མ་ཟད བརྒྱུད་རིམ་ཧྲིལ་པོར་རིན་མེད་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཀྱི་ཡོད། འདེབས་འཛུགས་དང་ཞིང་ཁའི་དོ་དམ་གྱི་ལྷུ་ཚིགས་ཁག་ལ་ཞིང་དུད་ལ་དོགས་པ་ཡོད་ན།ཁ་པར་ཞིག་བརྒྱབ་རྗེས་ལག་རྩལ་མི་སྣ་དུས་ཐོག་ཏུ་སྒོ་རྩར་བསྐྱོད་དེ་ཞིང་ནང་དང་མུ་ཁར་འགྲེལ་བཤད་རྒྱག་པ་དང་སློབ་ཁྲིད་བྱེད་ཀྱི་ཡོད། བརྒྱུད་རིམ་ཧྲིལ་པོར་ཞིང་དུད་ལ་རླངས་འཁོར་བཏང་ནས་སྲུང་སྐྱེལ་བྱེད་ཀྱི་ཡོད།“མ་འཇོག་ཉུང་བ་དང་། ཕན་འབྲས་ཐོན་མགྱོགས་པ།ཕན་འབྲས་ཆེ་བ་བཅས་ཡིན་པས། ཀུ་ཀུ་ཤ་མོ་ནི་རྣམ་གྲངས་ཡག་པོ་ཞིག་རེད”ཅེས་ཅིན་ཁུན་ཆང་གིས་བཤད། ཁོང་གིས་ཀུ་ཀུ་ཤ་མོ་བཏབ་པ་ནས་བརྔ་བསྡུ་བྱེད་པའི་བར་ཟླ་བ་3ལས་འགོར་གྱི་མེད། བརྔ་བསྡུ་མཇུག་འགྲིལ་རྗེས་ས་ཞིང་སློག་ནས་ལོ་ཏོག་བཏབ་ཆོག་པས་ས་ཞིང་ལ་ཤུགས་རྐྱེན་མི་ཐེབས་པ་དང་། ས་ཞིང་ལ་ནད་འབུ་མི་ཐེབས་པ། དུས་ཚིགས་གཅིག་ལ་ཀུ་ཀུ་ཤོ་མོ་བསྡུ་བ། དུས་ཚིགས་གཅིག་ལ་ལོ་ཏོག་བསྡུ་ཐུབ་པས། ཞིང་ས་གཅིག་ནས་ལོ་ཏོག་ཐེངས་གཉིས་བསྡུ་ཐུབ་ལ། ཡོང་བབས་ཐེངས་གཉིས་ལེན་ཐུབ། དེ་བས་བློ་ཡིད་ཚིམ་པོ་ཞིག་ནི་ཁྱིམ་གྱི་སྒོ་ཁར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཁྱིམ་ལ་ལྟ་རྟོག་དང་ཡོང་འབབ་ལེན་པ་ འཐུས་ཤོར་མི་ཡོང་བ་བྱེད་ཐུབ ཁྱིམ་དུ་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་བ་དང་རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད།དེ་སྔ་ཁོང་ཕྱིར་གླ་པར་འགྲོ་སྐབས་རྟག་ཏུ་སེམས་ཁྲལ་བྱེད་ཀྱི་ཡོད། ད་ཆ་རང་ཁྱིམ་གྱི་ཞིང་ཁ་བསྲུངས་ནས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ལ་ས་ཞིང་དོ་དམ་ཡག་པོ་ཡང་བྱེད་ཐུབ་པས་འཚོ་བ་བདེ་ཞིང་བློ་བདེ་པོ་ཞིག་སྐྱེལ་བཞིན་ཡོད།

   རང་ཉིད་ལ་འབབ་འཕར་བྱུང་བ་ནས་ཡུལ་མི་ཚོ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པའི་བར་ཀྲོའུ་ཡུས་ཧུང་གིས་ཀུ་ཀུ་ཤ་མོའི་ཐོན་ལས་ལོ་10ལྷག་ཙམ་འདེབས་ཀྱི་ཡོད།སེམས་ཤུགས་བརྟན་པོ་ཞིག་ལ་བརྟེན་ནས་སྐད་གྲགས་མེད་པར་བརྟན་སྲུང་དང་ངལ་གསོས་མྱོང་མེད།ཁོང་གིས་རྟག་ཏུ་ཟོག་འདྲེན་རླངས་འཁོར་ཆུང་གྲས་བཏང་ནས་ཤང་གྲོང་གི་ལམ་ཆུང་དུ་བསྐྱོད་དེ་ཐོག་མའི་བསམ་འདུན་དང་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་། གོམ་པ་རེ་རེ་བཞིན་ལག་ལེན་འཚོལ་ཞིབ་དང་ལག་རྩལ་བརྩོན་ཞིབ་བྱས་ཏེ་ཤ་མོ་ཆུང་ཆུང་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་ཆེན་པོར་འགྱུར་བ་བྱས་ཡོད།ད་ཆ་གྲོང་མི་དེ་བས་མང་བས་རང་འགུལ་ངང་ཁོང་དང་མཉམ་དུ་ལས་ཀ་བྱེད་པ་དང་།ཐོན་ལས་འཕེལ་རྒྱས་གཏོང་བ།ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ།མཉམ་ལས་ཁང་དང་ཞིང་དུད་ལ་དངོས་འབྲེལ་གཉིས་ཁེ་ཡོང་བ་བཅས་བྱེད་བཞིན་ཡོད།

   ཁྱིམ་གྱི་སྒོ་ཁར་ཐོན་ལས་ཡོད་པ་དང་།ཞིང་ནང་དུ་གསེར་ཡོད་པ།སེམས་སུ་གདེང་ཚོད་ཡོད་པ་བཅས་རེད།སན་པ་ཤང་དུ་ཀུ་ཀུ་ཤ་མོ་རེ་རེ་ཡིས་ཡུལ་མི་ཚོའི་བདེ་སྐྱིད་བརྟན་པོར་བཅངས་ནས་ས་གནས་དེ་གའི་ཁྱད་ཆོས་མངོན་གསལ་དོད་པ་དང་།མང་ཚོགས་ལ་ཕན་པ་ཐོབ་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་བཟང་པོ་ཞིག་གཏོད་བཞིན་ཡོད།




  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com