རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཟླ་4ཚེས་28ཉིན།པེ་ཅིང་།ཚུན་ཅིན་ཚན་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པའི་གནས་ཚུལ་ཁྱབ་སྐབས། བདེ་ཆེན་མཐོ་སྒང་ནས་ཡོང་བའི་པའེ་རིགས་ཀྱི་སྐྱེས་པ་དེའི་མིག་མཐའ་བརླན་སོང་།
ད་ལོ་ལོ་37སླེབས་པའི་ཚུན་ཅིན་ཚན་ནི་ཁུལ་མི་རིགས་སློབ་འབྲིང་གི་སྐད་ཡིག་མཐོ་རིམ་དགེ་རྒན་དང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རེད། ཚུན་ཅིན་ཚན་གྱིས་ཉིན་རེ་བཞིན་བརྟན་སྲུང་དང་འབད་བརྩོན་བྱས་ནས་དུས་རབས་གསར་པའི་མི་དམངས་དགེ་རྒན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པ་མ་ཟད།ཡུན་ལིང་བུ་ཕྲུག་རྣམས་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་ཡང་མངོན་ཡོད།


2011ལོར་སློབ་ཆེན་ཐོན་རྗེས་འཆད་ཁྲིད་སྟེགས་བུའི་ཐོག་བསྐྱོད་རྗེས། ཁོང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་དང་འབྲེལ་བ་ཟབ་མོ་ཆགས་ཡོད། ཁོང་གི་འཛིན་གྲྭའི་ལག་དེབ་ནང་གི་ཟིན་ཐོ་མང་ཞིང་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་སྟེ།ཕྲུ་གུ་སུ་ཞིག་ཀྱང་དེ་རིང་སློབ་ཁྲིད་སྐབས་བློ་རྩེ་གཅིག་སྒྲིམ་མི་བྱེད་པ་དང་ཉལ་ཁང་གང་ཞིག་འཕྲོད་བསྟེན་ཡག་པོ་བྱས་མེད་པ།གནས་ཚུལ་ཚང་མ་ཁོང་གིས་མིག་ནང་དུ་མཐོང་ཡོད་ལ་སེམས་ནང་ངེས་ཡོད། ལོ་15རིང་ཚུན་ཅིན་ཚན་གྱིས་རིམ་རྩིས་བྱས་ན་དངོས་གཞིའི་རིམ་པ་དང་པོའི་སློབ་མ་74གསོ་སྐྱོང་བྱས་ཡོད།དེའི་ནང་མི་25མཐོ་སློབ་985ལ་རྒྱུགས་འཕྲོད་ཡོད། མི་13ཕ་ཡུལ་གྱི་འཛུགས་སྐྲུན་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།ཁོང་གིས་སྣེ་ཁྲིད་པའི་འཛིན་གྲྭར་ཞིང་ཆེན་དང་ཁུལ་རིམ་པའི་སྔོན་ཐོན་འཛིན་གྲྭའི་མཉམ་སྡེབ་ཀྱི་དཔྱད་བསྡུར་ཐེངས་མང་ཐོབ་ཡོད།

2023ལོའི་སྐབས་ཀྱི་BBམུ་ཏིག་འཛིན་གྲྭའི་སློབ་མ་ཆོས་མཚོའི་གཏམ་རྒྱུད་ཁྱབ་བསྒྲགས་བྱས་པ་ནི་ཚུན་ཅིན་ཚན་གྱི་སློབ་གསོའི་འདུ་ཤེས་ཀྱི་མཆན་འགྲེལ་ཡག་ཤོས་ཤིག་རེད།འཇོལ་རྫོང་ཧྥོ་ཧྲན་ཤང་ནས་ཡོང་བའི་ཕྲུ་གུ་དེས་ཁྱིམ་ཚང་འགྱུར་ལྡོག་བྱུང་བའི་དབང་གིས་ནད་ཕོག་པའི་རྨོ་བོར་ལྟ་རྟོག་བྱེད་དགོས་པས།སློབ་སྦྱོང་ལ་འགོར་འགྱངས་བྱུང་བ་རེད།ཚུན་ཅིན་ཚན་གྱིས་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་ཏེ་ཁོང་གི་སློབ་སྦྱོང་སླར་ཡང་རྒྱུན་ལྡན་གྱི་ལམ་དུ་ལོག་ཏུ་བཅུག་པ་དང་ཁོང་རོལ་དབྱངས་ལ་དགའ་པོ་ཡོད་པ་ཤེས་རྗེས།ཁོང་གིས་མུ་མཐུད་དུ་ཁོ་མོའི་སློབ་སྦྱོང་ལ་སྐུལ་མ་དང་རྒྱབ་སྐྱོར་བྱས་པ་རེད།མཐར་ཆོས་མཚོས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་ཚན་ཁག་ཏུ་རྒྱུགས་འཕྲོད་པ་རེད།2026ལོར་ད་དུང་ཨན་ཧུའེ་བརྙན་འཕྲིན་ཁང་གི་དཔྱིད་གསར་དགོང་ཚོགས་ནང་ཞུགས་ཐུབ་ཡོད།
འཛིན་གྲྭ་132པའི་སློབ་མ་ཝང་གོ་ཧྲུན་གྱི་བརྒྱུད་རིམ་ཡང་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་ནས་ཡོང་བའི་ཡ་ཁྱིམ་གྱི་བུ་མོ་དེ་ཚུན་ཅིན་ཚན་དང་ཁ་རྩོད་བྱུང་མྱོང་ཡོད། ཚུན་ཅིན་ཚན་གྱིས་སྐྱོན་བརྗོད་མ་བྱས་པར་ངང་རྒྱུད་རིང་པོས་ཁ་ཏ་སློབ་པ་དང་སློབ་གསོ་གཏོང་གི་ཡོད། ཕྲུ་གུ་ཚང་མ་འཚར་ལོངས་བྱུང་བར་ང་ལ་ཡིད་ཆེས་ཡོད་ཅེས་པའི་ཚུན་ཅིན་ཚན་གྱི་སྐད་ཆ་དེས་ཁོང་གི་བློ་སྟོབས་བསྐྱར་དུ་འཕེལ་དུ་བཅུག་ཡོད། ལོ་གསུམ་གྱི་རྗེས་སུ་ཝང་གོ་ཧྲུན་སློབ་ཆེན་དུ་བསྐྱོད་ནས་ད་བར་དགེ་རྒན་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
ཡིག་རྒྱུགས་སྣ་ཚོགས་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པ་དང་ཆབས་ཅིག ཚུན་ཅིན་ཚན་གྱིས་སློབ་མའི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་མཐོང་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས་སྣེ་ཁྲིད་པའི་འཛིན་གྲྭར་ལོ་གསུམ་བསྟུད་མར་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ལན་ཆིའུ་སྤོ་ལོའི་ཨང་དང་པོ་ཐོབ་པ་མ་ཟད། རིག་རྩལ་མཉམ་འཁྲབ་ཁྲོད་བྱ་དགའ་རིམ་པ་གཉིས་པ་ཐོབ་ནས།བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོ་ལྔ་མཉམ་སྤེལ་བྱས་ཞེས་པའི་སློབ་གསོའི་འདུ་ཤེས་གསལ་བཤད་བྱས་ཡོད།
2021ལོའི་ཟླ་5པར།ཚུན་ཅིན་ཚན་སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་གྱུར། ཁོས་ན་གཞོན་དགེ་རྒན་ཚོའི་སློབ་ཁྲིད་ཁྲིད་སྟོན་ཞིབ་འཇུག་བྱས་བཞིན་ཡོད།ཁོང་གི་སྐུལ་འདེད་འོག་སློབ་གྲྭའི་དམིགས་ཚད་ལྟ་སྐུལ་ཞིབ་བཤེར་མ་ལག་ཁྱོན་ཡོངས་ནས་རིམ་སྤོར་བྱུང་ཡོད།2022ལོར་ཁུལ་ཐད་གཏོགས་སློབ་གྲྭའི་ལྟ་སྐུལ་དཔྱད་ཞིབ་ཁྲོད།ཁུལ་མི་རིགས་སློབ་འབྲིང་གི་ཕུལ་བྱུང་ཚན་པའི་དཔྱད་བསྡུར་ཐོབ་པ་རེད།

ལོ་15རིང་ཆར་རླུང་མཉམ་དུ་བསྐྱོད་བཞིན་ཡོད་པས་ཚུན་ཅིན་ཚན་ལ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་དཔེ་ཀློག་བུམ་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་བྱ་དགའ།བདེ་ཆེན་ཁུལ་ཁུལ་ཐད་གཏོགས་མཐོ་རིམ་སློབ་འབྲིང་སློབ་གྲྭའི་བློ་རིག་སློབ་ཚན་སློབ་ཁྲིད་འགྲན་བསྡུར་གྱི་སྐད་ཡིག་རིག་ཚན་གྱི་རིམ་པ་གཉིས་པའི་བྱ་དགའ་བཅས་ཐེངས་མང་ཐོབ་པ་མ་ཟད།2023ལོར་བདེ་ཆེན་ཁུལ་སློབ་གསོ་འཕེལ་རྒྱས་ཀྱི་ཕུལ་བྱུང་འཛིན་གྲྭའི་ཀྲུའུ་རེན་འདམས་པ་རེད།
ཚུན་ཅིན་ཚན་གྱི་གཏམ་རྒྱུད་ནི་གཞི་རིམ་གྱི་སློབ་གསོའི་ལས་དོན་པའི་ཁྲི་སྟོང་མང་པོའི་བསྡུས་རིས་ཤིག་རེད། འཆད་ཁྲིད་སྟེགས་བུའི་ཐོག་ཁོང་གིས་ཤེས་བྱར་བརྟེན་ནས་རྨོངས་བདེ་སེལ་བ་དང་གཅེས་སེམས་ལ་བརྟེན་ནས་རིག་པ་དྲོན་མོ་བཟོ་བ།བརྟན་སྲུང་ལ་བརྟེན་ནས་རེ་བ་བསྐྱེད་ཡོད།ཁོང་གིས་ཉིན་ཐོའི་ནང་སློབ་གསོ་ནི་དྲོ་སྐྱིད་ལྡན་པའི་སྒོམ་སྒྲུབ་ཅིག་རེད།ངས་ནམ་ཡང་གཟིམས་པ་མེད་པའི་འོད་ཟེར་ཞིག་བྱས་ནས་ཕྲུ་གུ་ཚོའི་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱེད་འདོད་ཡོད་ཅེས་བྲིས་ཡོད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད།
ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་ལྔ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་གྲོས་བསྡུར་ཐེངས་གཉིས་པ་འཚོགས་པ།
འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་མང་ཚོགས་ཁག་དང་པོར་ཁང་པ་གསར་པའི་ལྡེ་མིག་བླངས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཀླུ་ཆུའི་ལྗོངས་རྣམ།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་(རྒྱས་འཛོམས)ཚོགས་འདུ་ཐེངས་81པ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྤྲིན་གྱི་བང་རིམ།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108