中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁྱབ་བསྒྲགས་དུས་ཚོད་:2026-04-30 16:23:03

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ4པའི་ཚེས28ཉིན་ནས་ཚེས29ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་ལག་བསྟར་བྱེད་པ་དང་།སྲིད་འཛིན་ཁྱབ་ཁོངས་ལེགས་སྒྲིག་བྱས་རྗེས་རྫོང་གི་གནས་ཚུལ་འགྱུར་ལྡོག་གི་དོན་དངོས་ལ་གཞི་ཚུགས་ནས།གནས་བབ་ལ་དབྱེ་ཞིབ་དང་།ཡིད་ཆེས་བརྟན་པོ།འགག་སྒྲོལ་དཀའ་སེལ།དམ་པ་དོན་གཉེར་བཅས་བྱས་ཏེ།ཁུལ་དང་རྫོང་གིས་མཉམ་འགུལ་བྱས་ཏེ་འབའ་ལུང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་འབུར་ཐོན་ཅན་ཐུན་མོང་ཐོག་ཐག་གཅོད་བྱས་ཤིང་།འབའ་ལུང་གི་འཕེལ་རྒྱས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཟླ4པའི་ཚེས28ཉིན། བརྟག་ཞིབ་ཚོ་ཆུང་གིས་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དུ་འབའ་ལུང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་།དམངས་སྲོལ་གནས་ཚང་གི་ཚད་ལྡན་དོ་དམ། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་4Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཀྲུའུ་པའོ་ཧྥུའུ་ཚོགས་འདུར་ཕེབས་པ།
    བརྟག་ཞིབ་གནང་རིང་། ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་སྔ་རྗེས་སུ་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་དང་། ཨ་སན་ཏུའོ་ཆུ་མཛོད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དང་།འབའ་ལུང་པའེ་ཞིན་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི། ཐུའོ་པ་ཆུ་ཤུགས་གློག་ཁང་གི་མཛོད་ངོགས་བརྟན་ཤོར་ལྟ་ཞིབ་ཚད་ལེན་ས་ཚིགས་དང་།པའོ་ཀྲུང་གཞུང་ལམ་རྣམ་གྲངས།འབའ་ལུང་ལུའོ་ཀུང་གངས་རི་ཞིང་ནགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱི་རྟེན་གཞིར་བསྐྱོད་ནས་འབའ་ལུང་རྫོང་གི་རིག་གནས་ཡུལ་སྐོར་དང་།ཀྲུང་ལུགས་སྨན་རྫས།བཟའ་བྱའི་ཤ་མོ། ནགས་གསེབ་དཔལ་འབྱོར་སོགས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གཏིང་ཟབ་བྱས་པ་མ་ཟད། གཙོ་གནད་རྣམ་གྲངས་འཆར་འགོད་དང་།འཛུགས་སྐྲུན།སྐུལ་འདེད་བཅས་ཀྱི་གནས་ཚུལ་དང་དེ་བཞིན་ཐུའོ་པ་ཆུ་ཤུགས་གློག་ཁང་གི་མཛོད་ངོགས་བརྟན་ཤོར་ཐག་གཅོད་གནས་ཚུལ་ལའང་བརྟག་ཞིབ་གནང་།

    ཚོགས་འདུའི་ཐོག འབའ་ལུང་རྫོང་གི་འགོ་ཁྲིད་གཙོ་བོས་ལས་ཀའི་སྙན་ཞུ་བྱས་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་འབའ་ལུང་རྫོང་གི་རེ་འདུན་ཞུ་ཡིག་ལ་ལན་བསྐྱོན་པ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ་རེད།

ཟླ4པའི་ཚེས28ཉིན། བརྟག་ཞིབ་ཚོ་ཆུང་གིས་འབའ་ལུང་ལུའོ་ཀུང་གངས་རི་ཞིང་ནགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་རུ་འབའ་ལུང་རྫོང་གི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་། དེ་བཞིན་ནགས་གསེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ།ཀུང་སིའི་གཉེར་སྐྱོང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ། 

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།འབའ་ལུང་རྫོང་ལ་སྲིད་ཇུས་དང་།ས་གནས།གནམ་གཤིས།མི་ཆོས་རིག་གནས་སོགས་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པས།ངེས་པར་དུ་ཡིད་ཆེས་བརྟན་པོ་དང་།རང་འགུལ་ངང་འགྱུར་ལྡོག་དོན་གཉེར།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱས་ཏེ།སེམས་རྣལ་དུ་ཕབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་དང་།སེལ་ཐབས་འཚོལ་དགོས།རྫོང་ཨུའི་ཚང་འཛོམས་ཚོགས་འདུ་ཐོག་གཏན་ལ་ཕབ་པའི་འཕེལ་རྒྱས་གཏོང་རྒྱུའི་གནས་ངེས་ལ་དམིགས་ནས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་གི་འཆར་འགོད་དེ་བདེ་སྐྱིད་ལྡན་པའི་དངོས་ལྗོངས་སུ་འགྱུར་བ་བྱེད་དགོས།“རྣམ་གྲངས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་།འཕེལ་རྒྱས་དམ་འཛིན་བྱེད་པར་རྣམ་གྲངས་དམ་འཛིན་བྱེད་དགོས”པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།ད་ཡོད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་།རྣམ་གྲངས་ཡག་པོ་ཁག་ཅིག་ཇུས་འགོད་ཞིབ་ཚགས་བྱས་ཏེ།རྣམ་གྲངས་དམ་འཛིན་དང་མ་དངུལ་འཇོག་གྲངས་མང་དུ་གཏོང་དགོས། ཐོན་ཁུངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཤིང་།བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ལ་ཐབས་ཤེས་འདོན་པ་དང་།བྱེད་ཐབས་དངོས་འདོན་པ།འགག་གནད་ལས་སྒྲོལ་ཐབས་བཅས་བྱས་ནས།འབའ་ལུང་གི་ཁྱད་ཆོས་ལྡན་པའི་ཁྱད་པར་རང་བཞིན་དང་།སྐྱེ་ཁམས་རང་བཞིན་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་།ཁུལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྒྱུ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཚད་ཤིང་ཧུར་ཐག་གིས་བཏོད་དེ།བརྩེ་སེམས་ལ་བརྟེན་ནས་“ཡུལ་སྐོར་”དང་།“ཞིང་ལས”“ནགས་ལས།”“ཆུ།”“གཏེར་ཁ་”སོགས་ཐོན་ཁུངས་དཔལ་འབྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ།རྫོང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སློང་གང་ཐུབ་བྱ་དགོས།དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་།གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་བའི་གཞི་ཐིག་དང་།སྲིད་གཞུང་གི་བུ་ལོན་ཉེན་ཁའི་གཞི་ཐིག སྐྱེ་ཁམས་གཞི་ཐིག བདེ་འཇགས་བརྟན་ལྷིང་གི་གཞི་ཐིག་བཅས་བརྟན་པོར་སྲུང་བ། ཐོན་ཁུངས་འདོན་པ་དང་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་དང་། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སུ་བཏང་ནས་དངུལ་སྐར་མ་རེ་རེ་དགོས་གཏུག་ཆེ་སར་སྤྱད་དེ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་རྒྱུན་མི་འཆད་པར་ཆེ་རུ་གཏོང་དགོས།
    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས།དཀའ་སྡུག་གི་ཁུར་པོ་ཁུར་བ་དང་།སྙིང་སྟོབས་ཆེར་བསྐྱེད།ལས་ཀར་ཞིབ་འཇུག་དང་དོན་འཁྱོལ་ལྟ་སྐུལ།སྤྱོད་ཚུལ་ལེགས་སྒྱུར་དང་ལས་ཕྱོད་མཐོར་འདེགས་བཅས་ལ་སྣེ་ཁྲིད་དེ།མཉམ་འགུལ་ཤུགས་འདོན་གྱིས་ཚོགས་འདུའི་བླང་བྱ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་འབའ་ལུང་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས།
    ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་།ཞུང་ཝུན་པིན།ཧུའུ་ཧྥེ་ཞུང་།ཡུས་ཀུའེ་ཧྥུན།ལི་ཐའོ།ཀྲོང་ཞའོ་ཕིན།འབའ་ལུང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཞུགས་ཡོད་པ་རེད།

责任编辑:万玛措

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com