中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-04-30 16:22:59 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་4ཚེས་29ཉིན་གྱི་ཕྱི་དྲོར། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སྐབས་བཅུ་བཞི་པའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་དོན་་གྲོས་ཚོགས་ཐེངས་85པ་གཙོ་སྐྱོང་གནང་ཞིང་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས།

    གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ནོར་སྲིད་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་གཞི་རིམ་གྱི་“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་དགོས། བདེ་ཆེན་གྱི་ལེགས་ཆར་གཞི་ཚུགས་ནས་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་སེལ་བ། དམངས་འཚོ་འགན་སྲུང་དང་། ལས་ཞུགས་བརྟན་པོ། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱེད་པ། དཔལ་འབྱོར་གྱི་སྡེར་མ་ཆེན་པོ་ནུས་ཤུགས་ཡོད་རྒུས་བརྟན་པོ་ཡོང་བ་བཅས་བྱས་ཏེ་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་《བདེན་འཚོལ་》དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་གལ་ཆེན་《དམངས་ཡོངས་ཀྱི་ལྟ་ཀློག་ལ་སྐུལ་འདེད་བཏང་སྟེ་རིག་དཔལ་དར་བའི་སྤྱི་ཚོགས་སྐྲུན་དགོས་》ཞེས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་ཡོངས་ཀྱི་ལྟ་ཀློག་དང་ལས་བྱེད་པའི་སློབ་སྦྱོང་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་པ་དང་རིག་དཔལ་དར་བའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྩོན་ཞིང་སློབ་སྦྱོང་ལ་མཁས་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་སློབ་སྦྱོང་རྒྱུན་འཁྱོངས་བྱེད། འགན་འཁྲི་སྒྲུབ་པར་ངེས་པར་དུ་མཁོ་བའི་ཤེས་བྱ་དང་ནུས་པ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་གྲུབ་འབྲས་ཏན་ཏིག་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
    གྲོས་ཚོགས་ཐོག་དུས་ཚོད་དམ་འཛིན་དང་མྱུར་ཚད་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་ཚིགས་གཉིས་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་མ་འཇོག་ལ་དམ་འཛིན་ཏན་ཏིག་བྱས་ཏེ་རྣམ་གྲངས་ཇུས་འགོད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་གསར་སྐྲུན་རྣམ་གྲངས་དུས་བཀག་ལྟར་ལས་འགོ་འཛུགས་པ་དང་མཐུད་སྐྲུན་རྣམ་གྲངས་ཀྱི་ཕན་འབྲས་སྔ་ཙམ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་དམ་འཛིན་ཏན་ཏིག་བྱས་ཏེ་བཟོ་ལས་དཔལ་འབྱོར་འཕར་ཚད་གསར་པ་ཡོང་བའི་འགན་ལེན་བྱེད་དགོས། ཁྲོམ་རའི་འཛད་སྤྱོད་ལ་དམ་འཛིན་ནན་པོ་བྱས་ཏེ་འཛད་སྤྱོད་ཀྱི་རྣམ་པ་ཧུར་ཐག་གཏོད་པ་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།
    གྲོས་ཚོགས་ཐོག་བདེ་འཇགས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་འབྲུབ་དུས་ཀྱི་གེགས་འགོག་ཉེན་གཡོལ་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། ལས་རེས་དོན་འཁྱོལ་ནན་པོ་བྱེད་པ་དང་ཆུ་ཚོད་24རིང་ཆེད་མིས་ལས་རེས་བྱེད་པ་དང་འགོ་ཁྲིད་ཀྱིས་ལས་གནས་ཐོག་ལས་རེས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཉེན་ཁའི་གནས་ཚུལ་ཐོན་མ་ཐག་དང་ལེན་དང་དུས་ཚོད་དང་པོར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་པོ་སྲུང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་བྱས་ཏེ་རང་རྟོགས་ངང་སྤྱོད་གཙང་རང་གཅུན་དང་ཡ་རབས་ངང་དུས་ཆེན་གཏོང་དགོས་པའི་བླང་བྱ་བཏོན་པ།
    གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

责任编辑:万玛措

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com