中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-06-01 16:18:37 འབྱུང་ཁུངས་:香格里拉藏文网

ཟླ5པའི་ཚེས28ཉིན་ནས་ཚེས29ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟག་མཆོང་གྲོག་རོང་དང་སན་པཱ་ཤང་དུ་བརྟག་ཞིབ་གནང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག”ཅེས་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་ནས། སྲུང་སྐྱོང་སྔོན་ལ་འཇོག་པ་དང་། དོ་དམ་ཚད་ལྡན། ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞིབ་འཇུག་རྣམ་པར་སློབ་སྦྱོང་དང་ཉམས་ལེན་རྣམ་པའི་ཡུལ་སྐོར་འཚོལ་ཞིབ་དང་འཕེལ་རྒྱས་ཡག་པོ་གཏོང་བ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱིས་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པ་བསྐྲུན་དགོས།

图片

ལུའོ་ཁྲའོ་ཧྥེང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་ཡུང་ཧྲེང་གྲོང་ཚོའི་པུན་ཏི་ཝན་ཚོ་ཆུང་དུ་རྐང་ཐང་མར་བསྐྱོད་སའི་ལམ་ཐིག་ཚད་ལྡན་ཅན་གྱི་གསར་སྤེལ་དོ་དམ་བྱས་ཚུལ་ལ་བརྟག་ཞིབ་གནང་བ།

སྟག་མཆོང་གྲོག་རོང་དུ། ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་ཡུང་ཧྲེང་གྲོང་ཚོའི་པུན་ཏི་ཝན་ཚོ་ཆུང་དང་། ཧོ་ཐང་ཡོན་ཚོ་ཆུང་གསུམ་པ། སྦས་ལུང་·རི་རྐེད་མགྲོན་ཁང་དུ་བཅས་སུ་ཕེབས་ནས་ཡུལ་དངོས་སུ་འབྲེལ་ཡོད་གནད་དོན་དག་ཐེར་དང་ལེགས་བཅོས་དོན་འཁྱོལ་དང་། སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་གཉེར་སྐྱོང་ཚད་ལྡན་དུ་བཏང་བ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ། གཉེར་སྐྱོང་དུད་ཚང་དང་། མང་ཚོགས། ལས་ཡུལ་དང་པོ་བཅས་ཀྱི་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་གཉེར་སྐྱོང་དང་། འབབ་འཕར། རྐང་ཐང་མར་འགྲོ་བའི་ཐོ་འགོད། བདེ་འཇགས་དྲན་སྐུལ་དང་དོ་དམ་ལས་རིམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཡུལ་དངོས་སུ་རྐང་ཐང་མར་སྐྱོད་པའི་ལམ་ཐིག་ཚད་ལྡན་ཅན་གྱི་གསར་སྤེལ་དོ་དམ་བྱེད་ཐབས་ཞིབ་འཇུག་ཀྱང་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། དོ་དམ་ཚད་ལྡན་དུ་གཏོང་རྒྱུ་ནི་མིག་སྔར་སྟག་མཆོང་གྲོག་རོང་ས་ཁོངས་འཕེལ་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་དོ་དམ་གྱི་འགན་འཁྲི་ཏན་ཏིག་ཁུར་ནས་རྨང་གཞིའི་རང་བཞིན་གྱི་ལས་དོན་དམ་འཛིན་བྱས་ཏེ་དོ་དམ་གནད་ལ་འཁེལ་བ་དང་། ཚད་ལྡན་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས། ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་དང་། རྐང་ཐང་མར་འགྲོ་བའི་ཡུལ་སྐོར་མི་སྣའི་ཐོ་འགོད་སྙན་སེང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་བ་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་འཛུལ་བའི་གསལ་བཤད་གོ་རིམ་ནན་པོ་བཟོ་བ་བཅས་བྱས་ཏེ། རང་དགར་འཛུལ་བ་དང་སྒྲིག་འགལ་ངང་བརྒལ་བ་གཏན་འགོག་བྱེད་དགོས། ཆ་འཕྲིན་གྱི་ཐབས་ལམ་བདེ་བགྲོད་དང་། ཕན་ནུས་ཆེ་བའི་མཉམ་འགུལ་མངོན་འགྱུར། དམངས་སྲོལ་གནས་ཚང་དང་། ལམ་སྟོན་པ། ཕྱི་རོལ་གྱི་ལུས་རྩལ་སྤྲོ་སྐྱིད་ཁང་སོགས་ཀྱི་མི་ཚོགས་ལ་དོ་དམ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ཞབས་ཞུ་མགྱོགས་མྱུར་རྒྱུན་གཏན་གྱི་སྲོལ་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དབྱེ་མཚམས་གསལ་པོ་བཟོས་ནས་རྐང་ཐང་མར་སྐྱོད་པའི་ལམ་ཐིག་ཁྲིམས་མཐུན་དང་། ཡོངས་བསྒྲགས། ཚད་ལྡན་བཅས་ཀྱི་སྒོ་ནས་གཉེར་སྐྱོང་བྱ་རྒྱུར་ཁྲིམས་ལྟར་སྐུལ་འདེད་གཏོང་དགོས།མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་ཀུང་སིས་ས་གནས་སྲིད་གཞུང་དང་མཉམ་ལས་མཉམ་འགུལ་བྱས་ཏེ།བདེ་འཇགས་དང་། ཞབས་ཞུ། ལས་རྣམ་བཅས་ལྟེ་བའི་འགྲན་ནུས་ཆེན་པོ་གསུམ་ལ་དམིགས་པ་དང་། ཁྱད་པར་ཡོད་པའི་ཡུལ་སྐོར་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ཏེ། ཡུལ་སྐོར་བ་རྣམས་དལ་དུ་འཇུག་པ་དང་བསྡད་དུ་འཇུག་པ། འདུག་དུ་འཇུག་པ་བྱེད་དགོས། གྲོག་རོང་གི་ས་དབྱིབས་སོགས་རང་བྱུང་གི་ཁྱད་མཚར་བའི་རང་བཞིན་སྔོག་འདོན་དང་ངོམ་སྟོན་བྱ་རྒྱུར་དོ་སྣང་བྱེད་པ་དང་། བདེ་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་ཤུགས་ཁྱོན་ཡོངས་ནས་ངོམ་སྟོན་བྱེད་པ། མང་ཚོགས་དང་ཡུལ་སྐོར་བར་སྐྱེ་ཁམས་ཁོར་ཡུག་ལ་ཐུན་མོང་ཐོག་གཅེས་སྐྱོང་བྱེད་པའི་ཁྲིད་སྟོན་བྱ་དགོས།

图片
ལུའོ་ཁྲའོ་ཧྥེང་གིས་སན་པཱ་ཤང་ཧ་པ་རི་བོའི་ཚན་རིག་ཁྱབ་གདལ་འགྲེམས་ཁང་དུ་ཧ་པ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཕན་འབྲས་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

སན་པཱ་ཤང་ཧ་པ་གྲོང་ཚོ་རུ། ལུའོ་ཁྲའོ་ཧྥེང་གིས་གྲོང་ཚོའི་ཨུ་ལྷན་དང་། ཡུན་ནན་ཧ་པ་གངས་རི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཧ་པ་དོ་དམ་སྲུང་སྐྱོང་སུའོ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧ་པ་རི་བོསྐྱེ་ཁམས་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་སུ་བསྐྱོད་ནས། གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། ཧ་པ་གངས་རིའི་ཚད་ལྡན་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཧ་པ་རི་བོར་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ཐོན་ཁུངས་དང་མཛེས་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ལ། བདེ་ཆེན་གྱི་སྣ་མང་ཅན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་སྡུད་ཐོག་མཚོན་པ་ཞིག་རེད། ཚན་རིག་ཁྱབ་གདལ་གྱི་གཡུལ་སའི་ནུས་པ་འདོན་སྤེལ་དང་། ཆེད་ལས་ཀྱི་ཤེས་ཡོན་བསྒྱུར་བ།མི་རིགས་དང་སྐྱེ་ཁམས་རིག་གནས་བར་གྱི་འབྲེལ་བ་སྔོག་འདོན།གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེར་གཏོང་། རིག་གཞུང་ཚན་ཁག་རྒྱུགས་ལེན་གསོ་སྐྱོང་། ཡུལ་སྐོར་གྱི་རྣམ་པ་གསར་པ་གཏན་འབེབས་བཅས་བྱ་དགོས། ཚན་རྩལ་ཁྱབ་སྤེལ་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ་ཆེད་ལས་ཤེས་བྱ་བསྒྱུར་བཀོད་དང་། མི་རིགས་དང་སྐྱེ་ཁམས་རིག་གནས་བར་གྱི་འབྲེལ་བ་སྔོག་འདོན། གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེར་གཏོང་། ཞིབ་འཇུག་སློབ་སྦྱོང་ཚན་རྩལ་རྒྱུགས་ལེན་དང་གཏན་ལ་ཕབ་པའི་ཡུལ་སྐོར་སོགས་པའི་ལས་རྣམ་གསར་པ་སྐྱེད་སྲིང་བྱ་དགོས། “རི་སྟེང་དུ་འཕྲི་རྩིས་རྒྱག་པ་དང་རི་གཤམ་དུ་སྣོན་རྩིས་རྒྱག་པ”རྒྱུན་འཁྱོངས་བྱེད་དགོས་ཤིང་། རི་སྟེང་དུ་མིས་བཟོས་འཛུགས་སྐྲུན་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། དགོས་ངེས་ཀྱི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་པ་མ་ཟད་རྣམ་པ་ཚོད་འཛིན་དང་ཚན་རིག་དང་མཐུན་པའི་བཞུར་ཚད་ཚོད་འཛིན་བྱེད་དགོས། རི་གཤམ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་ཞབས་ཞུའི་སྣ་མང་ལས་རྣམ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ནས།མང་ཚོགས་ཡུལ་སྐོར་གཉེར་སྐྱོང་ལ་གཏིང་ཟབ་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས།ཡུལ་སྐོར་བར་བདེ་འཇགས་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་པ་བརྒྱུད་བདེ་ཆེན་གྱི་སྐྱེ་ཁམས་མཛེས་སྡུག་ཕྱི་ཕྱོགས་སུ་མངོན་པར་བྱས་ཏེ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཡོང་བ་བྱེད་དགོས།

ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་། ཧོང་ལུང་ཤིན། ལིན་ཧའོ། ལི་ཐའོ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་སློབ་གྲྭ་ཁག་གིས་“དྲུག་གཅིག་”ལ་རྟེན་འབྲེལ་ཞུ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་བ།

ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།

བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com