中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-05-28 14:50:07 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་5པའི་ཚེས་27ཉིན། ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས། གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་སྒྲུབ་པ་སྐོར་གྱི་དགོངས་པ་གལ་ཆེན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  ནན་ཏན་སྒོས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་བྱེད་པ། རྒྱུན་མཐུད་ངང་ཤེས་ལྡན་མི་སྣ་ལ་བརྟེན་ནས་སྟོབས་ལྡན་ཁུལ་སྐྲུན་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་པའི་ཆེད་དུ་ཤེས་ལྡན་མི་སྣའི་འདེགས་སྐྱོར་སྲ་བརྟན་གཏོང་དགོས།

 ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་གྲོས་ཚོགས་སུ་ཞུགས་པ་དང་འབྲེལ་ཞིང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།    གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཐམས་ཅད་རང་ལ་དབང་བར་མི་གཉེར་པ་དང་རང་ལ་ཡོད་པ་ཚང་མ་ཕན་ཐོགས་ཡོད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་དགོས་མཁོ་ལ་དམིགས་ནས་བང་རིམ་མཐོ་བ་དང་ཆེད་ལས་ལག་རྩལ་མཁས་པ།  རྩལ་ནུས་མཐོ་བ་བཅས་ཀྱི་ཤེས་ལྡན་མི་སྣ་ཁག་ཅིག་འབེན་གཏད་ནང་འདྲེན་བྱེད་དགོས།  མཁྲེགས་གཤིས་ནང་འདྲེན་དང་མཉེན་གཤིས་ཤེས་ལྡན་མི་སྣ་ནང་འདྲེན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དུས་ཐུང་གི་ཤེས་ལྡན་མི་སྣ་དཀོན་པའི་དཀའ་གནད་སེལ་དགོས།  དྲུག་ཅུའི་དབུ་དཀར་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེ་བའི་དྲུག་ཅུའི་དབུ་དཀར་གྱི་ཤེས་ལྡན་མི་སྣས་བདེ་ཆེན་དུ་རང་རང་གི་དགེ་མཚན་འདོན་སྤེལ་དང་རང་ནུས་འདོན་སྤེལ་བྱེད་དུ་འཇུག་དགོས། ནང་ཁུལ་གསོ་སྐྱོང་ཐད་འབད་བརྩོན་ཆེན་པོ་བྱས་ནས་གངས་ལྗོངས་ཀྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་གཏིང་ཟབ་ཏུ་གཏོང་དགོས།  དངོས་པོ་ལ་མ་དངུལ་འཇོག་པ་དང་མི་ལ་མ་དངུལ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་མི་སྣ་རིགས་ཁག་གི་ཆེད་ལས་ནུས་པ་དང་། གསར་གཏོད་ནུས་པ། ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བཅས་ལ་དམིགས་ཏེ་རིམ་པ་དང་རིགས་དབྱེ་ནས་སློབ་གསོ་གསོ་སྦྱོང་དང་། ལག་ལེན་སྦྱོང་བརྡར། ཕྱི་ཕྱོགས་དང་སྤེལ་རེས་བཅས་བྱེད་དགོས། རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཧྲང་ཧའེ་དང་ཡུན་ནན་གྱི་ཁ་གཏད་རོགས་སྐྱོར་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སོགས་ཤེས་ལྡན་མི་སྣའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ས་གནས་འདི་གའི་ཤེས་ལྡན་མི་སྣའི་རོགས་རམ་དང་སྣེ་ཁྲིད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲིད་མི་ཐུབ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་དགོས། རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་རྩལ་ནུས་འགྲན་བསྡུར་བྱེད་སྒོ་ཡག་པོ་གཉེར་བ་དང་། རྒྱུན་མཐུད་ངང་ཐོན་ལས་བཟོ་པ་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་གཏིང་ཟབ་གཏོང་དགོས། 

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རིགས་ཁག་གི་ཤེས་ལྡན་མི་སྣའི་ནུས་པ་གཅིག་གྱུར་གྱིས་འདོན་སྤེལ་བྱེད་པ་དང་། གསར་གཏོད་དང་ལས་གཏོད། ལག་ལེན་སྦྱོང་བརྡར། གྲུབ་འབྲས་སྟོན་པ་བཅས་ཀྱི་སྟེགས་བུ་དེ་བས་མང་བ་བསྐྲུན་པ། ཚན་རྩལ་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། ཐོན་ལས་སློབ་སྟོན་དགེ་རྒན། དངུལ་རྩ་ཆེད་མངག་མི་སྣ་བཅས་རྒྱུན་མཐུད་ངང་བེད་སྤྱོད་ཡག་པོ་བྱས་ནས་རིགས་ཁག་གི་ཤེས་ལྡན་མི་སྣ་ཐོན་ལས་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་ཞུགས་རྒྱུར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས། སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་དེ་རང་ཁུལ་གྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་དུ་སྐྱེད་སྲིང་བྱེད་དགོས།  ཤེས་ལྡན་མི་སྣ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་གཞི་ཚུགས་པར་ཁྲིད་སྟོན་བྱས་ནས་ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་བསྐྱོད་པ་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།  ཤེས་ལྡན་མི་སྣ་དམངས་འཚོ་འགན་ལེན་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་གྲལ་དུ་ཞུགས་པར་ཁྲིད་སྟོན་བྱེད་དེ་རྒྱུན་མཐུད་ཀྱིས་སྤྱི་ཚོགས་ལས་དོན་གྱི་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐག་ཉེ་སར་ལས་བྱེད་པར་རྟོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་བ་སྒྲུབ་ཤེས་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཐུབ་པ། དོན་རྐྱེན་མི་བྱུང་བ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་དགོས།  ཤེས་ལྡན་མི་སྣར་གཅེས་སྐྱོང་དང་ཤེས་ལྡན་མི་སྣར་བརྩི་བཀུར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་ཤེས་ལྡན་མི་སྣའི་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས།  ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་“ཁེ་ལས་མཁས་ཅན་གྱི་མཚན་མོའི་གཏམ་བཤད”དང་“ཅུས་ཀྲང་གིས་བརྟག་དཔྱད་དང་། སྐོར་སྐྱོད་སྨན་བཅོས། སྒོ་རྩར་བསྐྱོད་ནས་འདྲི་བརྟག”བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས་ཤེས་ལྡན་མི་སྣ་སྣ་ཚོགས་བདེ་ཆེན་དུ་ལས་གཏོད་ལས་ཞུགས་ཡོང་བར་འགུག་དགོས། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ་དང་། གདེང་འཇོག་དང་སྐུལ་སློང་།  འཁོར་རྒྱུག་སོགས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།  ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་སྣེ་ཁྲིད་པ་དང་སྤྱི་ཡོངས་དམ་འཛིན། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་།  ཁུལ་ཨུ་ཤེས་ལྡན་མི་སྣ་གཞུང་ལས་ཁང་གིས་གཙོ་གནད་ལས་དོན་ལ་མཐུན་སྦྱོར་དང་ལྟ་སྐུལ།  ཞིབ་བཤེར།  སྐུལ་འདེད་བཅས་བྱེད་དགོས།  ཁོངས་གཏོགས་ལས་ཁུངས་ཁག་གིས་མིག་མང་འགྲིག་སྐོར་གཅིག་གི་བསམ་བློ་བཙུགས་ནས་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་བ་དང་རོགས་ལས་གཞོགས་འདེགས་དམ་ཟབ་བྱེད་དགོས།  མི་བེད་སྤྱོད་ཚན་པ་ཁག་གིས་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། ཆེད་སྤྱོད་མ་དངུལ་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་ཚང་མ་གནད་འགག་ཆེ་སར་སྤྱོད་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས། 

གྲོས་ཚོགས་ཐོག འབྲེལ་ཡོད་སྡེ་ཚན་གྱིས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་དང་།  གྲོས་ཚོགས་ཀྱིས་《ཀྲུང་གུང་བདེ་ཆེན་ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་2026ལོའི་ལས་ཀའི་རྩ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

    འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་།  འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ཚན་པ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས། 

责任编辑:七林卓玛

  • བདེ་ཆེན་གསར་འགྱུར།

ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།

བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།

ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com