中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-05-27 11:36:04 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་5པའི་ཚེས་26ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  ནན་ཏན་སྒོས་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས། དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་ལ་བསྐྱར་དུ་བཀོད་སྒྲིག་དང་སྐུལ་འདེད་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ་ཚན་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་བཤེར་འདོན་གནད་དོན་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གནས་ཚུལ་གྱི་སྙན་སེང་ཉན་པ་དང་། གཅིག་བསྡུས་སྒྲིག་བཅོས་རྣམ་གྲངས་དགུའི་ཆེད་དོན་སྒྲིག་བཅོས་ཇུས་གཞི་གཏན་འབེབས་དང་ལས་ཀ་སྐུལ་སྤེལ་གཏོང་བ་སོགས་ཀྱི་གནས་ཚུལ་གྱི་སྙན་སེང་ཉན།  ཚོགས་ཞུགས་བློ་མཐུན་གྱིས་ཁ་གསབ་སྤེལ་རེས་གཏམ་བཤད་བྱས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་རྒྱག་སྟེ་དག་ཐེར་ལེགས་བཅོས་དོན་དུ་མི་འཁྱོལ་ན་ཏང་ལ་བསམ་པ་རྣམ་དག་མིན་ཞེས་པར་ངོས་འཛིན་གཏིང་ཟབ་བྱེད་དེ་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་དེ་ཆབ་སྲིད་ཀྱི་འགན་འཁྲི་གཅིག་ཏུ་བརྩིས་ནས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་ནུས་ལྡན་གྱི་བྱ་སྤྱོད་ལ་བརྟེན་ནས་དག་ཐེར་ལེགས་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།  དུས་ཚོད་གནད་འགག་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་དག་ཐེར་ལེགས་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དག་ཐེར་ལེགས་བཅོས་ལེགས་འགྲུབ་བྱུང་བའི་གནད་དོན་ལ་སྙན་ཞུ་དང་སྦྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ། གོ་རིམ་དང་དུས་ཚོད་ལྟར་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས་ནས་མེད་པར་བཟོས་བའི་དཔྱད་དཔོག་སྙན་ཞུ་འདོན་སྤྲོད་བྱས་པ་དང་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་བཏང་ནས་བསྐྱར་ལོག་ཐེབས་པར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དག་ཐེར་ལེགས་བཅོས་ལེགས་འགྲུབ་བྱུང་མེད་པའི་གནད་དོན་ལ་མགྱོགས་ཐུབ་ན་མགྱོགས་ཞེས་པའི་རྩ་དོན་ལྟར་ལས་ཡུན་དང་གསལ་ཐོ་ལྡོག་སྒྲིག་བྱས་ནས་སྐུལ་འདེད་གཏོང་བ་དང་།  གནད་དོན་ཐག་གཅོད་མ་བྱས་ན་གློད་དུ་མི་གཏོང་བ་དང་དག་ཐེར་ལེགས་བཅོས་མཐར་མི་ཕྱིན་ན་གློད་དུ་མི་གཏོང་བ་བྱེད་དགོས།  ཉེ་དུས་ཀྱི་འགུལ་ཚུལ་གསར་སྒྱུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་དངོས་སྒྲུབ་ལག་བསྟར་བྱེད་ཐུབ་པའི་དག་ཐེར་ལེགས་བཅོས་བྱ་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་།  སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་མཁྲེགས་གཏོར་བྱེད་དགོས།  གནད་ཆེ་གཙོར་བཟུང་བྱས་ནས་མཁྲེགས་གཏོར་བྱེད་དེ་གཅིག་བསྡུས་བཅོས་སྒྲིག་རྣམ་གྲངས་དགུ་ལ་དམིགས་ནས་བྱ་ཐབས་སྔར་ལས་ཞིབ་ཕྲ་བཟོ་བ་དང་།  ཡུལ་དངོས་སུ་བརྟག་ཞིབ་དང་ཆེད་དོན་ཞིབ་འཇུག  ཐུན་མོང་གིས་ཞིབ་བཤེར་གཏན་འབེབས།  ཆེད་གཉེར་ཚན་པས་ཐོ་འགོད་སྙན་སེང་།  དོན་དུ་འཁྱོལ་བར་ལྟ་སྐུལ་བཅས་གོ་རིམ་ལྔ་ལྟར་ཆེད་དོན་སྒྲིག་བཅོས་ཇུས་གཞི་མྱུར་དུ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་སྐུལ་འདེད་མགྱོགས་པ་གཏོང་དགོས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེར་གཏོང་སྟེ་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་དེ། དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་དེ་ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། དེ་འཕྲལ་དུ་སྒྲིག་བཅོས་དང་ཡུན་རིང་བཙུགས་པ་གཉིས་ཟུང་འབྲེལ་བྱས་ནས་དག་ཐེར་ལེགས་བཅོས་བྱེད་རིམ་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འབེབས་བྱེད་པ་དང་། གནད་དོན་གཅིག་ཐག་གཅོད་བྱས་ནས་ལམ་ལུགས་ཆ་ཚང་ཞིག་ཆགས་པ་དང་ཁྱབ་ཁོངས་གཅིག་ཚད་ལྡན་དུ་གཏོང་བ་བྱེད་དགོས།   དུས་མཚུངས་སུ། དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་དེ་སྒོ་འབྱེད་སློབ་གསོ་དང་སྤྱོད་ཚུལ་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ནས་ཁྱབ་ཁོངས་ཁག་ཏུ་གནས་ཡོད་པའི་གནད་དོན་དང་མང་ཚོགས་ཀྱི་སེམས་ཁྲལ་ཆེ་བ་དང་དགོས་གཏུག་ཆེ་བའི་གནད་དོན་ཁག་ཅིག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་མང་ཚོགས་སློབ་སྦྱོང་སློབ་གསོ་ལ་ཚོར་ཐུབ་པ་དང་ཟིན་ཐུབ་པ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།  སྣེ་ཁྲིད་བྱེད་མཁན་ཁག་གིས་རང་རྟོགས་ངང་ཞིབ་འཇུག་བྱེད་དེ་འཐབ་ས་དང་པོར་ཟབ་ཞུགས་བྱས་ནས་ལས་བགོས་འགན་གཉེར་གྱི་ཁྱབ་ཁོངས་ཀྱི་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་དང་།  ཧུར་ཐག་སྒོས་འགན་འཁྲིའི་སྒྲུབ་ཁོངས་ནང་གི་དག་ཐེར་ལེགས་བཅོས་འགན་འཁྲི་དོན་དུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།  འགན་འཁྲི་སྡེ་ཚན་ཁག་གི་འགན་འཁུར་མི་སྣ་གཙོ་བོས་ཨར་ལས་ཀྱི་རུ་དཔོན་ཡག་པོ་བྱེད་དེ་དག་ཐེར་ལེགས་བཅོས་ཀྱི་བྱ་ཐབས་ཞིབ་འཇུག་ནན་ཏན་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།  སློབ་སྦྱོང་སློབ་གསོ་ལས་དོན་གྱི་ཆེད་གཉེར་ཚན་པས་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དེ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན། གཏིང་སྐྱོད་མཛུབ་སྟོན། ལས་ཀ་བཀོད་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་ཚད་ཁོང་དུ་ཆུད་ནས་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དོན་དུ་འཁྱོལ་བར་ཁག་ཐེག་བྱེད་དགོས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས་ཀྱིས་ཞིང་ཨུའི་བླང་བྱ་ལ་དཔེ་བསྡུར་ཏེ་རང་རང་སོ་སོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་དམ་འཛིན་བྱས་ནས་དག་ཐེར་ལེགས་བཅོས་ལས་དོན་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས།

ཞུས་ཀོང་ཏེ་དང་དབྱང་ཞུའེ་ཝུན།  ཧོང་ལུང་ཞིན།  ཞུང་ཝུན་པིན།  དབྱང་ཁའེ་བཅས་ཚོགས་འདུར་ཞུགས།

责任编辑:七林卓玛

  • བདེ་ཆེན་གསར་འགྱུར།

ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།

བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།

ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com