བདེ་ཆེན་ཁུལ་གྱི་སློབ་གྲྭ་ཁག་གིས་“དྲུག་གཅིག་”ལ་རྟེན་འབྲེལ་ཞུ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ།
2026ལོའི་“དྲུག་གཅིག་”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྐབས་སུ་རང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་དང་བུ་བཅོལ་ཁང་གིས་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་བྱ་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་དང་། རིག་རྩལ་འཁྲབ་སྟོན། སྤྲོ་སྣང་ལྡན་པའི་གླིང་སྐོར་བྱེད་སྒོ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཕྲུ་གུ་ཚོ་དགའ་སྤྲོའི་དགོད་སྒྲའི་ཁྲོད་སྤྲོ་སྣང་དང་འཚར་ལོངས་ཀྱིས་ཁེངས་པའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱས་ཡོད།






ཟླ་6ཚེས1ཉིན་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ཆ་ཚང་སློབ་ཆུང་དང་པོས་“དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱེད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་“དྲུག་གཅིག་”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དགེ་སློབ་སློབ་གྲྭར་མཉམ་འཛོམས་བྱས་ཏེ་ཕུལ་བྱུང་ལ་གཟེངས་བསྟོད། གླིང་སྐོར་བྱེད་སྒོའི་ནང་ཞུགས་ནས་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་ཕྲུ་གུ་ཚོའི་འཚར་ལོངས་དང་ཉམས་འགྱུར་བདེན་དཔང་བྱས་ཡོད།





ཟླ6ཚེས1ཉིན་འཇོལ་རྫོང་གི་སློབ་གྲྭ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་“དྲུག་གཅིག་”ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས་རྫོང་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོས་དགའ་སྤྲོའི་དགོད་སྒྲའི་ཁྲོད་བརྗེད་པར་དཀའ་བའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱས་པ་རེད།







ཟླ6ཚེས1ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་“དེ་སྔ་དྲན་གསོ་དང་ད་ཆ་རབས་བསྲུངས་ནས་རི་ཀླུང་བརྒལ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གཉིས་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་“དྲུག་གཅིག་”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།





འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108