ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་5པའི་ཚེས་25ཉིན། ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་7པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་དང་གཉིས་བཀུར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།2025ལོའི་ཁུལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་དང་གཉིས་བཀུར་ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ་དང་། འབྲེལ་ཡོད་ཡིག་ཆ་ལ་གྲོས་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཨང་དང་པོའི་ཙུའུ་ཀྲང་གཞོན་པ་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྟོབས་ལྡན་རྒྱལ་ཁབ་དང་སྟོབས་ལྡན་དམག་དཔུང་གི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་འགན་འཁྲི་སྒྲུབ་པ་དང་འགན་འཁུར་བ། བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེར་གཏོང་བ་བཅས་བྱས་ནས་གཉིས་བཀུར་མཉམ་སྐྲུན་གྱི་སྤུས་འབྲས་གཉིས་ཀ་རྒྱུན་མི་ཆད་པར་མཐོར་འདེགས་ཡོད་ལ། བཀོད་སྒྲིག་འགན་ལེན་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་ཡོད་དེ། ཁུལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་གཉིས་བཀུར་ལས་དོན་ལ་མཐོ་འདེགས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེར་གཏོང་བ་དང་སློབ་གསོ་དང་གསོ་སྐྱོང་བྱེད་ཤུགས་ཆེར་གཏོང་བ། རྒྱུན་ལྡན་གྱི་དོ་དམ་ཡག་པོ་བྱེད་པ། དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེར་གཏོང་བ་བཅས་བྱས་ནས་རྒྱ་ཆེ་བའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིས་སྔོན་ཐོན་དང་དཔེ་མཚོན་མིག་དཔེར་བྱེད་དེ་དཔའ་ངར་ཆེ་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་ལེགས་སྐྱེས་མང་ཙམ་ཕུལ་བར་ཁྲིད་སྟོན་བྱེད་དགོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ནུས་པ་འདོན་སྤེལ་གངས་ལེགས་བྱེད་དེ་ལས་སྟེགས་སྐྲུན་པ་དང་ལམ་བུ་རྒྱ་སྐྱེད་བྱས་ནས་རྒྱ་ཆེ་བའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་སྣེ་ཁྲིད་ནས་ལས་གཏོད་ཕྱུག་འགྱུར། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། དང་བླངས་ཞབས་ཞུ་སོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཡུལ་ས་གསར་པར་མིང་ཐོབ་ཕྱོགས་སྒྱུར་དང་དོན་སྒྲུབ་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་སྟེ་དམག་མི་ལ་བརྩི་བཀུར་བྱེད་པའི་གཡུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། དཔོན་དམག་གི་རྗེས་ཕྱོགས་ཀྱི་གནད་དོན་གསུམ་ཐག་གཅོད་ཡག་པོ་བྱེད་པ། གཉིས་བཀུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གུས་བཀུར་ཞབས་ཞུའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་འགན་ལེན་ལས་དོན་དངོས་སུ་སྒྲུབ་སྟེ་བཀོད་སྒྲིག་ལས་ཞུགས་ཡག་པོ་བྱེད་པ་དང་། ལས་ཞུགས་ལས་གཏོད་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་བ། ཧུར་ཐག་སྒོས་མངག་ཐོ་རྣམ་པ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པ། ལས་གནས་གཏན་འཁེལ་རྣམ་པ་བཅས་ཀྱི་རྩལ་ནུས་གསོ་སྐྱོང་སྐུལ་སྤེལ་བཏང་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སྤུས་ཚད་མཐོ་བའི་ངང་ལས་ཞུགས་པར་སྐུལ་འདེད་གཏོང་བ་དང་། དཀའ་ངལ་ཡོད་མཁན་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་པར་དམ་འཛིན་བྱེད་དེ་དཔོན་དམག་གི་སེམས་དྲོ་བ་དང་མི་དམངས་ཀྱི་འདོད་བློ་ལ་ཕན་པ་ཐོགས་པའི་དོན་དངོས་བཅུ་ཡག་པོ་སྒྲུབས་ནས་སེམས་ཁྲལ་ཆེ་བ་དང་དགོས་གཏུག་ཆེ་བའི་དོན་ཚན་ཁག་ཅིག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་ངང་སྔོན་གཤེགས་དཔའ་བོ་ལ་བསྟོད་བསྔགས་བྱེད་ཤུགས་ཆེར་གཏོང་སྟེ་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་དམ་འཛིན་བྱེད་པ་དང་། བསྟོད་བསྔགས་དྲན་གསོའི་བྱེད་སྒོ་རྩ་འཛུགས་ཞིབ་ཕྲ་བྱེད་པ། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་བདེ་ཆེན་གྱི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ཡག་པོ་བཤད་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། “13712”ཞེས་པའི་ཡིག་སྐུར་ངོ་བཅར་བདག་གཉེར་ལམ་སྲོལ་འཐུས་ཚང་དུ་གཏོང་སྟེ་ནུས་ཤུགས་ཡོད་རྒུས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཁེ་དབང་འགན་ལེན་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོར་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་སྟེ་དམག་དཔུང་དང་ས་གནས་མཉམ་འབྲེལ་གྲོས་ཚོགས་དང་ཕན་ཚུན་དོན་དངོས་སྒྲུབ་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེར་གཏོང་བ། ལས་ཀའི་སྡོམ་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ཧུར་ཐག་སྒོས་མཐུན་སྦྱོར་བྱེད་དེ་དམག་དཔུང་དང་ས་གནས་བརྒལ་བ་དང་ཁྱབ་ཁོངས་བརྒལ་བ། སྡེ་ཚན་བརྒལ་བ་བཅས་ཀྱི་གཙོ་གནད་དོན་ཚན་ཐག་གཅོད་བྱེད་དགོས། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས་རང་ཉིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེའི་མཐོ་འདེགས་བྱ་སྤྱོད་ཏན་ཏིག་སྤེལ་ནས་ཆབ་སྲིད་སྲ་བརྟན་དང་ལས་སྒོ་རྩེར་སོན། སྤྱོད་ཚུལ་ཉམས་སེད་ཐེག་ཐུབ་པའི་སྤུས་ཚད་མཐོ་བའི་ལས་ཀའི་རུ་ཁག་གཅིག་བཞེངས་སྐྲུན་བྱེད་པར་འབད་དགོས།
ཞུས་ཀོང་ཏེ་དང་ཡུས་ཀུའེ་ཧྥེན། འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས།
责任编辑:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།
ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།
བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108