བདེ་ཆེན་ཁུལ་གྱི་གསོ་རིག་ཚད་འཇལ་ཚད་གཞི་ཁག་11ལ་ཡུལ་དངོས་ཀྱི་དཔྱད་ཞིབ་ལེགས་འགྲུབ་བྱུང་ནས་མཐོ་སྒང་གི་སྨན་སྤྱོད་སྒྲིག་ཆས་“ཞིབ་བཤེར་བསྐྱལ་དཀའ་བའི་”གནད་དོན་ཐག་གཅོད་བྱས།
ཉེ་དུས། བདེ་ཆེན་ཁུལ་གྱི་ཞིབ་དཔྱད་ཚད་ལེན་ཁང་གིས་རེ་ཞུ་བྱས་པའི་གསོ་རིག་ཚད་འཇལ་ཚད་གཞི་ཁག་11ལ་བདེ་བླག་ངང་ཡུལ་དངོས་ཀྱི་དཔྱད་ཞིབ་ལེགས་འགྲུབ་བྱུང་སྟེ། བདེ་ཆེན་ཁུལ་གསོ་རིག་ཚད་འཇལ་ཚད་གཞི་ཁྱབ་ཁོངས་སུ་རྣམ་གྲངས་མང་པོ་མེད་པ་ནས་ཡོད་པའི་ཐོད་བརྒལ་བྱུང་བར་མཚོན། མཐོ་སྒང་ས་ཁུལ་གྱི་སྨན་སྤྱོད་སྒྲིག་ཆས་“ཞིབ་དཔྱད་བསྐྱལ་ས་རིང་བ་དང་། ཞིབ་དཔྱད་བྱེད་མི་ཐུབ་པ། ཞིབ་དཔྱད་གནད་སྨིན་མིན་པའི་”དཀའ་གནད་ཐག་གཅོད་བྱས་པར་རྨང་གཞི་བརྟན་པོ་འདིང་བ་དང་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

དུས་ཡུན་རིང་པོའི་ནང་ས་ཁམས་ཆ་རྐྱེན་སོགས་ཚོད་འཛིན་ཕོག་པའི་རྐྱེན་གྱིས་བདེ་ཆེན་ཁུལ་གྱི་སྨན་སྤྱོད་ཚད་འཇལ་ཡོ་བྱད་མང་ཆེ་བ་ས་ཆ་གཞན་དུ་བསྐྱལ་ནས་ཞིབ་བཤེར་གཏན་འཁེལ་བྱེད་དགོས། དུས་ཡུན་རིང་བ་དང་མ་གནས་མཐོ་བའི་གནད་དོན་གནས་པ་མ་ཟད། རྙོག་འཛིང་ཆེ་བའི་སྒྲིག་ཆས་ཁག་གཅིག་ལ་“ཞིབ་བཤེར་བྱེད་ས་མེད་པའི་”དཀའ་ངལ་འཕྲད་ནས་སྨན་བཅོས་སྒྲིག་གཞིའི་རྒྱུན་གཏན་གྱི་གཉེར་སྐྱོང་དང་སྨན་བཅོས་ལས་དོན་ལ་སྟབས་མི་བདེ་བ་བཟོས་ཡོད། ཐེངས་འདིའི་དཔྱད་ཞིབ་བྱས་པའི་ཚད་གཞི་ཁག་11དེ་སྨན་སྤྱོད་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་ཡོ་ཆས་དང་། ཁྲག་ཤེད་ལྟ་ཆས། གྲངས་གཞིའི་སྙིང་གློག་རླབས་རིས་འཕྲུལ་ཆས། སྨན་སྤྱོད་ཀྱི་དཔྱད་གྲངས་མང་བའི་ལྟ་སྐྱོང་ཡོ་བྱད། Xའཕྲོ་འོད་ཁྱབ་འགྱེད་ཁུངས་སོགས་འགག་རྩའི་སྒྲིག་ཆས་ཁྱབ་ཁོངས་སུ་ཁྱབ་ཡོད། དེའི་ནང་སྨན་སྤྱོད་ཀྱི་དཔྱད་གྲངས་མང་བའི་ལྟ་སྐྱོང་ཡོ་བྱད་དང་གཤེར་འདྲེན་འཕྲུལ་ཆས་སོགས་ལག་རྩལ་མཐོ་བའི་བླང་བྱའི་རྣམ་གྲངས་དོན་འཁྱོལ་བྱས་པ་དེ་བདེ་ཆེན་ཁུལ་གྱི་གསོ་རིག་ཚད་འཇལ་ཁྱབ་ཁོངས་ཀྱི་ཞན་ཆར་གནད་སྨིན་ཁ་གསབ་བྱས་ཡོད།


དཔྱད་ཞིབ་བྱེད་རིང་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་“མི་སྣ་དང་། འཕྲུལ་ཆས། རྒྱུ་ཆ། བྱེད་ཐབས། ཁོར་ཡུག ཚད་འཇལ་”བཅས་ཕྱོགས་དྲུག་ལ་དམིགས་ནས་དཔྱད་ཞིབ་བྱས་ཏེ། གཏན་འཁེལ་བྱས་པ་བརྒྱུད་བདེ་ཆེན་ཁུལ་ཞིབ་དཔྱད་ཚད་ལེན་ཁང་གི་ཚོད་ལྟ་ཁང་གི་ཁོར་ཡུག་དང་། སྒྲིག་ཆས་བཀོད་སྒྲིག མི་སྣའི་ཐོབ་ཐང་བཅས་ཚང་མ་རྒྱལ་ཁབ་ཀྱི་ཚད་ལྡན་བླང་བྱ་དང་མཐུན་པས་ཞིབ་དཔྱད་གཏན་འཁེལ་གྱི་གྲངས་གཞི་གནད་ལ་འཁེལ་བར་འགན་ལེན་གང་ལེགས་བྱས་ཐུབ། གྲུབ་འབྲས་འདི་དོན་འཁྱོལ་བྱུང་རྗེས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་སྒྲིག་གཞིས་སླར་ཡང་ཡུལ་གཞན་དུ་བསྐྱོད་མི་དགོས་པ། འབྲེལ་ཡོད་སྒྲིག་ཆས་ཞིབ་བཤེར་གཏན་འཁེལ་ལས་དོན་ཐད་ཀར་ས་གནས་དེ་གར་ལེགས་གྲུབ་ཐུབ་ནས། ཞིབ་བཤེར་གཏན་འཁེལ་གྱི་དུས་འཁོར་ཐུང་དུ་གཏོང་བ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་གཏོང་ཐུབ་པ་མ་ཟད། ད་དུང་ནད་ཐོག་སྨན་བཅོས་ལ་བརྟན་པོ་དང་གནད་སྨིན་གྱི་སྒྲིག་ཆས་རྒྱབ་སྐྱོར་དེ་བས་མཁོ་འདོན་བྱས་ཐུབ།
བདེ་ཆེན་ཁུལ་ཞིབ་དཔྱད་ཚད་ལེན་ཁང་གི་ཚད་འཇལ་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཡུས་ལིའང་གིས་ཐེངས་འདིའི་དཔྱད་ཞིབ་ལེགས་འགྲུབ་བྱུང་བ་དེས་མྱུར་སྐྱོབ་དང་ནད་ལྕིའི་ལྟ་སྐྱོང་ཁྱབ་ཁོངས་ཀྱི་གསོ་རིག་ཚད་འཇལ་གྱི་ཁུངས་འདེད་སྟོང་ཆ་བསྐོང་པ། མཐོ་སྒང་སྨན་བཅོས་ཞབས་ཞུ་རིམ་སྤར་ལ་ལག་རྩལ་གྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་ཟེར། སེམས་ཀྱི་ཉི་ཟླ་ཁྲེང་ཏེ་སྨན་ཁང་གི་ཀྲུའུ་རེན་གཞོན་པ་སྨན་པ་ཧོ་ཡུང་ཅན་གྱིས་སྔོན་མ་ཏ་ལི་དང་ཁུན་མིང་སོགས་སུ་བརྟག་དཔྱད་བྱེད་འགྲོ་དགོས་པས་དུས་ཚོད་དང་ནུས་ཤུགས་མང་པོ་དགོས་ཀྱི་འདུག ད་ལྟར་ས་གནས་དེ་གས་ནད་ཐོག་སྨན་བཅོས་ཀྱི་གྲངས་གཞི་ཡང་དག་དང་ནད་པའི་བདེ་འཇགས་ལ་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད་ཅེས་བཤད།
གོམ་སྟབས་རྗེས་མར། བདེ་ཆེན་ཁུལ་ཞིབ་དཔྱད་ཚད་ལེན་ཁང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ཞིབ་དཔྱད་ཚད་ལེན་དང་གནད་སྨིན་ཞབས་ཞུ་བྱས་ཏེ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་སྒྲིག་གཞིའི་སྨན་སྤྱོད་སྒྲིག་ཆས་ཀྱི་གྲངས་འབོར་གནད་ལ་འཁེལ་བར་འགན་ལེན་བྱས་ནས། ཆེད་ལས་ནུས་པར་བརྟེན་ནས་མཐོ་སྒང་གི་སྨན་བཅོས་སྤུས་ཚད་བདེ་འཇགས་སྲུང་སྐྱོང་བྱས་ཏེ་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས།
- བདེ་ཆེན་གསར་འགྱུར།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108