中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་བཀོད་སྒྲིག་མང་ཚོགས་ཁག་དང་པོར་ཁང་པ་གསར་པའི་ལྡེ་མིག་བླངས་པ།

ཁྱབ་བསྒྲགས་དུས་ཚོད་:2026-05-14 12:06:24 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 
 
 

ཟླ་5པའི་ཚེས་13ཉིན། འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་རྣམ་གྲངས་ཁག་དང་པོའི་བཀོད་སྒྲིག་མང་ཚོགས་ཀྱི་ཁང་པ་སྤྲོད་པའི་མཛད་སྒོ་ཡེ་ཀྲི་གྲོང་རྡལ་དུ་སྤེལ་བ་དང་།བཀོད་སྒྲིག་ཁང་པ་182གཅིག་སྡུད་ཐོག་སྤྲོད་པ་དང་། གནས་སྤོས་མང་ཚོགས་དུད་ཁ་414ལ་ཁང་པ་གསར་པའི་ལྡེ་མིག་བདེ་བླག་ངང་རག་ནས་བདེ་འཇགས་དང་སྡོད་རྒྱུར་འཚམ་པའི་འཚོ་བ་གསར་པ་དངོས་སུ་སྐྱེལ་ཐུབ་པ་བྱུང་ཡོད།

 
图片
 
 
 

ཤེས་རྟོགས་བྱུང་བར་གཞིགས་ན། འཇོལ་རྫོང་མཁར་རྙིང་ཆགས་སའི་ཧྲེང་ཕིང་གྲོང་རྡལ་གྱི་མཚོ་འཕགས་ནི་སྨི་3400ཡོད་པ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པོ་ཡོད་པས་མང་ཚོགས་དུད་ཚང་3076གི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཡོད། བདེ་འཇགས་ཀྱི་ཉེན་ཁ་རྩ་བ་ནས་སེལ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་དོ་ཁུར་དང་མཐོང་ཆེན་འོག  རང་ཁུལ་གྱིས་རྫོང་གྲོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ཧྲིལ་པོ་སྤེལ་འགོ་ཚུགས་པ་དང་། བཀོད་སྒྲིག་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་དང་ས་ཆ་དབྱེ་སྒྱུར་སོགས་ལས་འགན་ཁག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་། རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། ཕྱོགས་ཁག་གིས་མཉམ་དུ་འགག་སྒྲོལ་དང་ནུས་ཆེའི་སྐུལ་འདེད་བཏང་ནས་བཀོད་སྒྲིག་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་དང་མྱུར་ཚད་དུས་གཅིག་ཏུ་འགན་ལེན་བྱས་ཏེ་བཀོད་སྒྲིག་སྡོད་ཁང་ཁག་དང་པོ་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་རྩིས་སྤྲོད་བྱ་རྒྱུ་འགན་ལེན་བྱས་ཡོད།

 
图片
图片
 
 
 

ཁང་པ་སྤྲོད་པའི་ཡུལ་དངོས་སུ། གང་སར་དགའ་སྟོན་གྱི་རྣམ་པས་ཁེངས་འདུག ཁང་པ་གསར་པའི་ལྡེ་མིག་བླངས་རྗེས་མང་ཚོགས་མང་པོ་ངང་སྒུག་བྱེད་ལོང་མེད་པར་རང་ཉིད་ཀྱི་ཁང་པ་གསར་པར་བསྐྱོད་དེ་ཁང་པའི་བཀོད་པ་དང་འོད་ལེན་རླུང་རྒྱུག་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། ནང་མི་དང་མཉམ་དུ་ཁང་པའི་ཆེ་ཆུང་ཚད་འཇལ་བྱས་ནས་མ་འོངས་པའི་འཚོ་བ་འཆར་འགོད་བྱས་ཡོད། ཧྲེང་ཕིང་གྲོང་རྡལ་གྱི་རྒན་རྒོན་དབྱང་ཀྲེན་ཏུང་གིས་ཁང་པ་གསར་པར་ཞིབ་ལྟ་ནན་ཏན་བྱེད་སྐབས་“ཁང་པ་དེར་ཧ་ཅང་བློ་ཡིད་ཚིམ་ཡོད། གང་ལགས་ཤེ་ན། ཡེ་ཀྲིའི་མཚོ་འཕགས་ཅུང་དམའ་བས་ང་ཚོ་རྒན་རྒོན་ཚོའི་འཚོ་བ་སྐྱེལ་རྒྱུར་འཚམ་པོ་ཡོད། ཁྱིམ་གྱི་ཁ་གཏད་དུ་སྤྱི་གླིང་ཡོད་པ་དང་དེའི་འགྲམ་དུ་བུ་བཅོལ་ཁང་ཡོད་པས་ཚ་བོ་ཚ་མོ་ཚོ་སློབ་གྲྭར་འགྲོ་རྒྱུར་སྟབས་བདེ་པོ་ཡོད”ཅེས་བཤད།

 
图片
图片
 
 
 

དབྱང་ཀྲེན་ཏུང་ཚང་དང་འདྲ་བར་མང་ཚོགས་མི་ཉུང་བ་ཞིག་གིས་ཁྱིམ་ཚང་གསར་པའི་མ་འོངས་པ་ལ་འཆར་འགོད་གསལ་པོ་བཟོས་ཡོད། མི་འགའ་ཞིག་གིས་སྲོལ་རྒྱུན་གྱི་བོད་ལུགས་ཀྱི་ཉམས་འགྱུར་ལྟར་དྲོ་སྐྱིད་ལྡན་པའི་སྡོད་གནས་བསྐྲུན་ནས་ཁང་པ་རྙིང་པའི་འཚོ་བའི་དྲན་ཤེས་ཉར་ཚགས་བྱེད་རྩིས་བྱེད་ཀྱི་ཡོད། མི་འགའ་ཞིག་གིས་བྱིས་པར་འོད་འཕྲོ་བའི་ཁང་པ་ཡག་ཤོས་ཤིག་བཞག་ནས་བྱིས་པར་བློ་བདེ་པོའི་ངང་སློབ་སྦྱོང་བྱེད་དུ་འཇུག་རྩིས་ཡོད། ད་དུང་ན་གཞོན་བཟའ་ཟླ་གཉིས་ཀྱིས་མེ་ཏོག་ལྡུམ་རར་སྔོ་ཚལ་འདེབས་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད། མང་ཚོགས་མི་ཉུང་བ་ཞིག་གིས་ལྟ་སྐོར་བྱེད་ཞོར་དུ་ལག་ཐོགས་ཁ་པར་ཐོག་ནས་ཁྱིམ་ཚང་གསར་པའི་གནས་ཚུལ་ཞིབ་ཕྲ་རེ་རེ་ཐོ་འགོད་བྱེད་བཞིན་ཡོད། ཚང་མས་ཁྱིམ་ཚང་གསར་པའི་སྐོར་གྱི་བསམ་བཀོད་དང་མ་འོངས་པའི་རེ་སྨོན་གླེང་བཞིན་ཡོད། གནས་སྤོ་ཐུབ་པ་དང་བརྟན་པོར་གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འཚོ་བ་གསར་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

 

 

图片

པར་ལེན་མཁན། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཁྲེན་པའེ་ཡུས།

 
 
 

ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་དུད་ཚང་414ཡི་བཀོད་སྒྲིག་ཁང་པ་རྣམ་གྲངས་ཅིང་ལི་ཧྥན་ཝེ་ཁོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡེ་ཀྲི་གྲོང་རྡལ་དུ་ད་ལྟ་དུད་ཚང་414ཡི་བཀོད་སྒྲིག་ཁང་པ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་9.7ཙམ་ཟིན་ཡོད། བཀོད་སྒྲིག་ཁང་པ་ཇུས་འགོད་བྱས་པ་དེས་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོམས་གཤིས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། ཕྱི་ངོས་སུ་བོད་ལུགས་ཀྱི་འཛུགས་སྐྲུན་གཞི་རྒྱུ་འདྲེས་པ། ཁང་ངོས་ཀྱི་རྣམ་པ་དང་འཛུགས་སྐྲུན་གྱི་ཐིག་རིས། ཚོན་མདངས་བཅས་འཇོལ་ས་ཁོངས་ཀྱི་ཉམས་འགྱུར་དང་མཐུན་སྦྱོར་ཡོང་བ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་མཚོན་པ་མ་ཟད། དེང་རབས་ཀྱི་སྡོད་གནས་ནུས་པར་ཡང་ལྟ་རྟོག་བྱེད་ཡོད། རྣམ་གྲངས་དེར་སྨི་གྲུ་བཞི་མ་140དང་སྨི་གྲུ་བཞི་མ་180། སྨི་གྲུ་བཞི་མ་200། སྨི་གྲུ་བཞི་མ་250སོགས་ཁང་པ་སྣ་ཚོགས་བཀོད་སྒྲིག་བྱས་ནས་ཁྱིམ་ཚང་མི་འདྲ་བའི་སྡོད་གནས་ཀྱི་དགོས་མཁོ་སྐོང་བ་མ་ཟད། ཚོང་ཁང་དང་རྨང་གཞིའི་སྒྲིག་བཀོད། སྡེ་ལས་དོ་དམ་བར་མཐོངས་བཅས་དུས་གཅིག་ཏུ་ལེ་ལག་ཚང་བའི་སྒོ་ནས་སྐྲུན་ཏེ་མང་ཚོགས་གནས་སྤོ་བྱས་རྗེས་ཀྱི་འཚོ་བ་སྟབས་བདེ་དང་སྡོད་གནས་བདེ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད།

བཀོད་སྒྲིག་ཁང་པ་ཁག་དང་པོ་བདེ་བླག་ངང་རྩིས་སྤྲོད་བྱས་པས་རྗེས་མའི་གནས་སྤོ་བཀོད་སྒྲིག་ལས་དོན་སྐུལ་སྤེལ་གཏོང་བ་ལ་རྨང་གཞི་ཡག་པོ་བཏིང་ཡོད།  མིག་སྔར།  འཇོལ་རྫོང་རྫོང་མཁར་གྱི་ས་གཤིས་གནོད་སྐྱོན་ཉེན་གཡོལ་གནས་སྤོའི་ཉེ་དུས་ཀྱི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།  ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་འཇོལ་རྫོང་རྣམ་གྲངས་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ལི་ཆན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  མིག་སྔར་དུད་ཁ་718ཀྱི་ཉེན་གཡོལ་བཀོད་སྒྲིག་ཁང་པ་དང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད།  སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད།  གྲོང་སྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲལ་བསྟུན་འགན་སྲུང་མ་ལག་སོགས་ཀྱི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་ཡོད།  རྣམ་གྲངས་འཛུགས་སྐྲུན་བྱས་ཚར་རྗེས།  འཇོལ་རྫོང་རྫོང་མཁར་གྱི་ས་གཤིས་གནོད་སྐྱོན་གྱིས་འཇིགས་སྣང་སྐུལ་བའི་ས་ཁོངས་ཀྱི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་ཡིན་པ་དང་།  རྫོང་ཁོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་དང་སྤྱི་པའི་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་རྒྱུན་རིམ་ལྡན་པའི་ངང་མཐོ་རུ་གཏོང་རྒྱུ་ཡིན་ལ།  མཐོ་སྒང་གི་མཐའ་མཚམས་ས་ཁུལ་བདེ་འཇགས་དང་མཐུན་སྦྱོར་ངང་དར་རྒྱས་གོང་འཕེལ་གཏོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན།

 
图片
པར་ལེན་མཁན། ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཁྲེན་པའེ་ཡུས།
 
 
 

ཤེས་རྟོགས་བྱུང་བར་གཞིགས་ན། བཀོད་སྒྲིག་ཁུལ་གྱི་མཐའ་འཁོར་དུ་གནས་སྤོས་མང་ཚོགས་ཀྱི་དགོས་མཁོར་མུ་མཐུད་དམིགས་ནས་ལས་ཞུགས་སྟེགས་བུ་སྐྲུན་པ་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། སློབ་ཞུགས་དང་སྨན་བཅོས་སོགས་ཀྱི་ཞབས་ཞུ་འགན་ལེན་ཡག་པོ་བྱས་ནས་མང་ཚོགས་རྣམས་ཁོར་ཡུག་གསར་པ་དང་གང་མགྱོགས་འཚམ་པ་དང་འཚོ་བ་གསར་པར་མཉམ་འདྲེས་ཐུབ་པར་རོགས་རམ་བྱས་ཏེ་བདེ་བར་གནས་པ་ནསལས་ལ་བརྩོན་པ་བར་གྱི་བདེ་སྐྱིད་མཆོང་སྐྱོད་ཐུབ་པ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

责任编辑:拉茸初姆

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com