ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་ལྔ་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་གྲོས་བསྡུར་ཐེངས་གཉིས་པ་འཚོགས་པ།


ཟླ་5ཚེས་13ཉིན་ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་ལྔ་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོའི་གཅིག་བསྡུས་བགྲོ་གླེང་ཐེངས་གཉིས་པ་གཙོ་སྐྱོང་གནང་ཞིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་སློབ་སྦྱོང་དང་། བསམ་གཞིགས། ལག་ལེན། གོ་རྟོགས་བཅས་ཀྱི་ཁྲོད་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་ཡིན་ལ།བདེ་ཆེན་ཁུལ་གྱིས་ཆབ་སྲིད་ཐད་བློ་དཀར་སེམས་དཀར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཡུན་རིང་བདེ་འགོད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད།ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གཤིས་རྩ་དོན་གཞིར་བཟུང་སྟེ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་དགོས།འགན་འཁུར་ཕོད་པ།འགན་སྒྲུབ་ཕོད་པ།ཆབ་སྲིད་ཀྱི་འདུ་ཤེས་དང་།ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས།མིག་ལྟོས་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་ཤུགས་སྣོན་རྒྱག་པ།བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་དགོས།སེམས་ཤུགས་དང་ནུས་ཤུགས་ཡོད་རྒུ་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པའི་ཐོག་འཇོག་དགོས། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སློབ་སྦྱོང་སློབ་གསོའི་དོན་ལ་དམིགས་ཡུལ་དུ་བརྩིས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་“པགས་ཤུན་གཉིས་བཟོ་སྦྱོང་”གཏན་འགོག་བྱེད་དགོས། ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། བདེ་ཆེན་གྱི་“ངེས་གནས་གསུམ”ལ་གཞི་ཚུགས་པ། སློབ་སྦྱོང་སློབ་གསོ་དེ་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དུ་གཏོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བ། ཞིང་ལས་དང་། རིག་གནས། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་ཡོང་བ། ལྗང་མདོག་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་དཀའ་གནད་སེལ་བ་དང་འགག་གནད་དང་དཀའ་གནད་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་ཀྱི་ཐོག་མའི་བསམ་འདུན་ཆེད་དོན་དངོས་སྒྲུབ་པ་བརྟན་སྲུང་དང་དམངས་འཚོའི་དོ་ཁུར་ལ་དམིགས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་ཁུར་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་པའི་ཉེ་འགྲམ་གྱི་བྱ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། “གཟུགས་བརྙན་ལས་གྲྭ”དང་“སྲིད་དོན་ལས་རྗེས་ལས་གྲྭ”གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། མང་ཚོགས་ཀྱི་བདེ་སྡུག་ཞུ་བའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ནས་རང་འགུལ་ངང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་སློབ་གསོའི་ཕན་འབྲས་ཐོན་ཐུབ་པ་དང་།མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས། གནད་དོན་འཚོལ་བཤེར་དང་དག་ཐེར་དོན་འཁྱོལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཚན་པ་ཁག་གི་ཁོངས་མིས་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཡག་པོ་བྱེད་དགོས་ལ། གནད་དོན་དག་ཐེར་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ་དང་། ཏན་ཏིག་གིས་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་གནད་སྨིན་བཀོད་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་རྣམ་གྲངས་ཀྱི་ཐོན་སྐྱེད་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཡོད་ཀྱིས་སེལ་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།
ཐེངས་འདིའི་སློབ་སྦྱོང་དེ་མི་སྒེར་གྱི་རང་སྦྱོང་དང་། གཅིག་བསྡུས་སློབ་སྦྱོང་། སྤེལ་རེས་ཞིབ་བསྡུར་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤེལ་ཡོད། དབྱང་ཞུའེ་ཝུན་དང་། ཧུའུ་ཧྥེ་ཞུང་། ཡུས་ཀུའེ་ཧྥེན། ལིན་ཧའོ། ཀྲོང་ཞའོ་ཕིང་བཅས་ཀྱིས་མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་འབྲེལ་ནས་ལས་ཡུལ་དངོས་ཀྱི་གཏམ་བཤད་སྤེལ་བ་དང་ཡིག་ཐོག་སྤེལ་རེས་བྱས་ཡོད།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།
བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108