中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དགུན་དུས་བཟའ་བཏུང་གྲང་མོར་འོས་འཚམ་རོལ་ན་ཕན་ཐོགས་འདི་འདྲ་འདུག

ཁྱབ་བསྒྲགས་དུས་ཚོད་:2025-11-17 11:04:23 འབྱུང་ཁུངས་:བོད་ལྗོངས་ཉིན་རེའི་ཚགས་པར།
图片

       དགུན་དུས་མི་རྣམས་ཀྱིས་བཟའ་བཏུང་ཚ་པོར་རོལ་བ་ལས་གྲང་མོའི་རིགས་ལ་རོལ་བ་ཧ་ཅང་ཉུང་། ཡིན་ནའང་བཟའ་བཏུང་ཚ་པོ་ཁོ་ནར་རོལ་བ་ལས་གྲང་མོ་རྩ་བ་ནས་མི་ཟ་བ་དང་མི་འཐུང་བའི་དགོས་པ་དེ་ཙམ་མེད། དེ་ཡང་། རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་བཟའ་བཏུང་གྲང་མོའི་རིགས་ལ་འོས་འཚམ་རོལ་བ་ནི་ལུས་གསོའི་ཐབས་ཤེས་བཟང་པོ་ཞིག་རེད།   

       དགུན་དུས་ཕོ་བ་བདེ་ཐང་ཡིན་པ་རྣམས་ཀྱིས་ཟས་རིགས་གྲང་མོ་འོས་འཚམ་ཟ་བ་དང་ཆུ་གྲང་མོ་འོས་འཚམ་བཏུངས་ན། གཟུགས་པོར་མི་གནོད་ཁར་ད་དུང་ཕན་ཐོགས་ཆེ་ཙམ་ཡོད། བཟའ་བཏུང་ཚ་པོ་མང་པོར་རོལ་བ་དང་། དྲོ་ཇུས་བྱེད་པ། གྱོན་གོས་མཐུག་པོ་གྱོན་པ་བཅས་ལས་གཟུགས་པོའི་དྲོད་ཚད་ཅུང་མཐོ་རུ་ཕྱིན་ནས་ཕོ་བ་དང་གློ་བར་ཚ་དྲོད་རྒྱས་ཏེ་དབུགས་ལམ་དང་ཕོ་རྒྱུའི་ནད་ན་བའི་ཉེན་ཁ་ཡོད། དེའི་སྐབས་སུ་ལ་ཕུག་རྗེན་པ་དང་པད་རྩའི་རིགས་ཀྱི་གྲང་ཚལ་བཟས་ན་གཟུགས་པོར་ཕན་ལ། གཟུགས་པོ་སྐེམ་དུ་འགྲོ་བར་ཡང་ཕན་པ་ངེས་ཅན་ཡོད།    

       དེ་མིན་དགུན་དུས་སུ་ཆུ་གྲང་མོ་འོས་འཚམ་བཏུངས་ན་ཆམ་ནད་སྔོན་འགོག་ཐུབ་པ་དང་། ལྷག་པར་དུ་ཞོགས་པ་གྲོད་པ་སྟོང་པར་ཆུ་གྲང་མོ་བཏུངས་ན་མཆིན་པར་དུག་སེལ་ཐུབ་པ་དང་མཁལ་མ་གཙང་སེལ་ཐུབ་ནས་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་ཁྲག་འཁོར་རྒྱུག་སོགས་ལ་ཕན་ཐོགས་ཡོད།

责任编辑:江初卓玛

  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com