བདེ་ཆེན་རུ་ཁག་གིས་པའོ་ཧྲན་རུ་ཁག་ལས་རྒྱལ་བ།



ཟླ4པའི་ཚེས18ཉིན་གྱི་ཕྱི་དྲོར། ཡུན་ནན་ཚད་བརྒལ་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་འགྲན་བསྡུར་ཐེངས་10པ་དེ་པའོ་ཧྲན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་དང་། བདེ་ཆེན་རུ་ཁག་གིས་པའོ་ཧྲན་རུ་ཁག་དང་འགྲན་བསྡུར་བྱས་པ་རེད། ཕྱོགས་གཉིས་པོ་རྒྱུན་གཏན་གྱི་དུས་ཚོད་ནང་1:1གི་སྐར་འབྲས་བླངས་པ་དང་། དེ་རྗེས་བདེ་ཆེན་རུ་ཁག་གིས་ཆད་གྲུག་རྒྱག་གནས་ཀྱི་འགྲན་བསྡུར་ཁྲོད་4:1གི་སྐར་འབྲས་ཐོག་ནས་པའོ་ཧྲན་རུ་ཁག་ཕམ་པར་བརྒྱབ་ནས་གཞན་ཡུལ་འགྲན་ར་རུ་སྐར་མ་གཉིས་བླངས་པ་རེད།

འགྲན་སྟོད་དུ། ཕྱོགས་གཉིས་པོས་མགྱོགས་མྱུར་ངང་འགྲན་རྩོད་དྲག་པོ་བྱས་མཐར། སྐར་མ་22ལ་སླེབས་སྐབས་བདེ་ཆེན་རུ་ཁག་གིས་སྤོ་ལོ་གཅིག་འཕངས་ནས་པའོ་ཧྲན་རུ་ཁག་ལས་1:0གི་སྐར་གྲངས་ཀྱིས་སྔོན་ལ་སླེབས་ཡོད། པའོ་ཧྲན་རུ་ཁག་གིས་ཕར་རྒོལ་བྱེད་འདོད་ཀྱང་བདེ་ཆེན་རུ་ཁག་གི་འགོག་སྲུང་འཛིང་རགས་བརྟན་པོ་ཡིན་པས་ཕ་རོལ་པར་རྒྱལ་ཁ་ཐོབ་པའི་གོ་སྐབས་མ་བྱུང་།

འགྲན་བསྡུར་ཁྲོད། རང་ཡུའི་ཚོགས་ར་ནས་འགྲན་བསྡུར་དུ་ཞུགས་པའི་པའོ་ཧྲན་རུ་ཁག་གིས་ཕར་རྒོལ་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡང་། བདེ་ཆེན་རུ་ཁག་གི་འགོག་སྲུང་བློ་བརྟན་འགྱུར་མེད་ཡིན་པས་ཉེན་ཁ་ཐེངས་མང་སེལ་ཡོད། དུས་གསབ་ཀྱི་སྐབས་སུ། པའོ་ཧྲན་རུ་ཁག་གིས་ཆེས་མཐའ་མཇུག་གི་ཚུར་རྒོལ་གོ་སྐབས་དམ་འཛིན་བྱས་པ་དང་། འཐབ་འཛིང་ཁྲོད་སྒོ་བརྟོལ་ནས་སྐར་གྲངས1:1ལ་བཏང་། རྒྱུན་གཏན་གྱི་དུས་ཚོད་མཇུག་འགྲིལ་རྗེས་འགྲན་བསྡུར་དེ་ཆད་གྲུག་རྒྱག་གནས་ཀྱི་འགྲན་བསྡུར་ཆེན་པོར་སླེབས་པ་དང་བདེ་ཆེན་རུ་ཁག་གིས་སྤོ་ལོ་བཞི་བརྒྱབ་པ་དང་།4:1གི་སྐར་འབྲས་ཀྱིས་པའོ་ཧྲན་རུ་ཁག་ཕམ་པར་བརྒྱབ་པས་བདེ་ཆེན་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།





འགན་འཁུར་རྩོམ་སྒྲིག་པ།:此里追格
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།


ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108