中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

ཁྱབ་བསྒྲགས་དུས་ཚོད་:2025-12-11 14:40:39 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
 སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་10ཉིན། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སྐུ་འབུམ་བྱམས་པ་གླིང་དུ་དགོན་པ་དོ་དམ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་སོགས་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས། ཁོང་གིས། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་མཐའ་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པའི་གཙོ་ཐིག་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་ངང་སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ལེགས་འགྲུབ་ཉམས་མྱོང་དང་ཕན་ཡོད་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ། རྒྱུན་མཐུད་ངང་ཆོས་ལུགས་ལས་དོན་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་ལག་ལེན་བརྟན་པོ་སྤེལ་དགོས་ཞེས་ནན་བཤད་བྱས།
 
图片
 སྐུ་འབུམ་བྱམས་པ་གླིང་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་ཆེ་ཁག་དྲུག་ནང་གི་གྲས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་ཞིག་ཀྱང་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་ལ་རྨང་གཞི་གཏིང་ཟབ་ཡོད།  ལུའོ་ཁྲའོ་ཧྥེང་གིས་དགོན་པ་ནང་གི་གྲྭ་བ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་སྐུ་འབུམ་བྱམས་པ་གླིང་གི་ལོ་རྒྱུས་རིག་གནས་དང་། བཟོ་བཀོད་ཀྱི་ཁྱད་ཆོས།  དེ་བཞིན་གྲྭ་པ་ཚོའི་རྒྱུན་ལྡན་གྱི་ཆོས་སྦྱོང་དང་སྒོམ་རྒྱག་པ། དགོན་པའི་དོ་དམ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་བྱས། དེའི་རྗེས་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་སྐུ་འབུམ་བྱམས་པ་གླིང་གི་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བ་དང་དགོན་པའི་དོ་དམ་ཚད་ལྡན་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་རེས་བྱས།
 
图片
 ལུའོ་ཁྲའོ་ཧྥེང་གིས་ཁྲིམས་དང་མཐུན་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་ལ་ཤུགས་སྣོན་གང་འདྲ་རྒྱབ་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་ཕན་ཚུན་འཚམ་པར་ཁྲིད་སྟོན་བྱེད་པ་ནི་ཟི་ལིང་གྲོང་ཁྱེར་དང་བདེ་ཆེན་ཁུལ་དེ་བོད་འབྲེལ་ས་ཁུལ་དང་གྲོང་ཁྱེར་ཡིན་པའི་ཆ་ནས་ཐུན་མོང་དུ་འཕྲད་པའི་བྱ་གཞི་གལ་ཆེན་ཞིག་རེད། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་དོན་ཐད་བསམ་ཕྱོགས་གསལ་པོ་དང་། བྱེད་ཐབས་བརྟན་པོ། ཕན་འབྲས་མངོན་གསལ་དོད་པོ་བཅས་ཡོད་པས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད། བདེ་ཆེན་གྱིས་ཐེངས་འདིའི་རྟོག་ཞིབ་དང་སློབ་སྦྱོང་གི་གྲུབ་འབྲས་དང་ལེན་བྱས་ཏེ། ས་གནས་འདི་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། བསམ་བློ་ཞིབ་ཚགས་གཏོང་བ་དང་ལས་ཀའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། སྣེ་ཁྲིད་ནུས་པ་མཐོ་རུ་གཏོང་སྟེ། རྒྱུན་མཐུད་ངང་གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཤུགས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་བརྟན་བརླིང་གི་རྣམ་པ་ཡག་པོ་གཏོད་རྒྱུ་ཞེས་བསྟན། 


ཟི་ལིང་གྲོང་ཁྱེར་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ལིའུ་ཆང་ཧྥེང་། རང་ཁུལ་གྱི་འགོ་ཁྲིད་ཁྲེང་ཆུན་དང་ལི་ཐའོ།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོ་ནང་ཞུགས།

责任编辑:吹批拉姆 南珠泽仁

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com