中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཁྱབ་བསྒྲགས་དུས་ཚོད་:2025-12-12 11:07:56

ཟླ་12ཚེས་11ཉིན་བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་ཚོགས་འདུ་དེ་ཁུལ་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་འཚོགས། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བ་གཙོ་བོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་།ཁུལ་རིག་གནས་ཡུལ་སྐོར་ཅུས་དང་། ཁུལ་ཡུལ་སྐོར་ཚོགས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གུང་གསེང་ཡུལ་སྐོར་ལས་དོན་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

微信图片_20251211162000_副本.jpg

རིག་གནས་ཡུལ་སྐོར་ཐོན་ལས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། 2024ལོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3122.98ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་352.91ཟིན་ནས་ལོ་གཉིས་ཀྱི་གོང་དུ་2026ལོར་གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3347.78ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་291.84ཟིན་པ་དེ་དུས་མཚུངས་ལས་18.36དང29.37%སོ་སོར་འཕར་ཡོད། དེ་གཉིས་ཀྱི་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་སྤྱིའི་འགྲུལ་ཁུངས་ཁྲོམ་ར་དུས་གཅིག་ཏུ་འཕར་ནས་དུས་མཚུངས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་43.57ཟིན་པ་དེ་དུས་མཚུངས་ལས་68.09%འཕར་བ་དང་། རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་13.36ཟིན་པ་དེ་དུས་མཚུངས་ལས་28.71%འཕར་ཡོད་པ་རེད།

ས་ཁོངས་ཧྲིལ་པོའི་དུས་ཚོད་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ། “དུས་བཞི་བོར་བདེ་ཆེན་དུ་ཡུལ་སྐོར་བྱེད”ཅེས་པའི་སྤུས་རྟགས་དང“ཚེ་འདིར་G214བརྩེ་བ་བཅངས་”ཞེས་པའི་རིག་གནས་IPབཏོད་ནས་ཡུལ་སྐོར་བ་ཉུང་བའི་དཀའ་གནད་བསལ་ནས“ཡུལ་སྐོར་བ་ཉུང་བའི་དུས་སུ་མི་ཉུང་བ། ཡུལ་སྐོར་བ་མང་བའི་དུས་སུ་དེ་བས་མང་བ”མངོན་འགྱུར་བྱུང་ཡོད། སྡོད་ཁང་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་དམངས་ཁྱིམ་མགྲོན་ཁང་གི་ཐོན་ལས་སྣ་མང་ཅན་དང་སྤུས་ཚད་ཅན་དུ་གྱུར་ཡོད། “བདེ་ཆེན་གྱི་ལེགས་སྐྱེས”ཞེས་པའི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ཏེ“ནགས་བྱི་བཀྲ་ཤིས”སོགས་ཀྱི་གཟུགས་བརྙན་ལ་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་ཡོད། རིག་གནས་ཀྱི་ནུས་པ་མངོན་གསལ་དོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དང་གནམ་ཐང་དུ་སྐྱོད་པའི་བྱེད་སྒོ་རྒྱུན་གཏན་ཅན་དུ་སྤེལ་བ། རིག་རྩལ་བརྩམས་ཆོས་མང་པོ་ཞིག་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད། སྤྱི་པའི་རིག་གནས་ཞབས་ཞུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ཟློས་གར་གྲོང་གསེབ་དུ་བསྐྱོད་པ་དང་། དམངས་ཡོངས་ཀྱིས་ལྟ་ཀློག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གཞི་རིམ་མང་ཚོགས་ལ་ཕན་པ་ཐོབ་པ། བོད་ཡིག་གནའ་གཞུང་སྲུང་སྐྱོབ་ཞིབ་འཇུག་ཞབས་ཞུ་ལྟེ་གནས་སོགས་ཀྱི་གཡུལ་སས་རིག་གནས་རྒྱུན་འཛིན་གྱི་རྨང་གཞི་བརྟན་དུ་བཏང་ཡོད།

ཡུལ་སྐོར་ཞབས་ཞུའི་ལམ་སྲོལ་ལེགས་སུ་བཏང་བ། ཡུལ་སྐོར་ཞབས་ཞུའི་གསར་གཏོད་སྤུས་ལེགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས“སྐར་མ་30དང་ལེན་དང་ཆུ་ཚོད་24རིང་ཐག་གཅོད་བྱེད་པའི”ཞུ་གཏུག་མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་བཙུགས་ཏེ“ལག་ཐོགས་ཁ་པར་གཅིག་གིས་ཡུན་ནན་དུ་ཡུལ་སྐོར་བྱེད”ཅེས་པར་བརྟེན་ནས་ཞུ་གཏུག་ཐབས་ལམ་ཤར་གཏོང་ཐུབ་ཡོད། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱིས་ཞུ་གཏུག་ནུས་ལྡན་1567བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་42%ཆག་ཡོད། “ཉིན་30ཡི་རིང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་བྱེད་པའི”ལམ་སྲོལ་ནུས་ཆེའི་འཁོར་སྐྱོད་བྱས་པ་དང་།ཚོང་ཟོག་ཕྱིར་སློག་5891ལེགས་གྲུབ་བྱུང་བས་བློ་ཡིད་ཚིམ་ཚད་99.5%ཟིན་ཡོད་པ་རེད།

སྣེ་མང་ཁྱབ་གདལ་གྱི་རྣམ་པ་ཞིག་བཏོད་པ། འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཞེས་པའི་ལྟེ་བའི་སྤུས་རྟགས་ལ་དམིགས་ཏེ་དྲ་ཐོག་ནས་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་གྱི་གླེང་མང་བའི་གནད་དོན་བཏོད་པ་དང་།དྲ་ཕྱི་ནས་སྲོལ་རྒྱུན་སྨྱན་སྦྱོར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་སྤུས་རྟགས་ཡོངས་ལ་ཁྱབ་པ་བྱས་པ།“ཟླ་རེར་བྱེད་སྒོ་རེ”ཡག་པོ་གཉེར་རྒྱུ་མཐའ་འཁྱོངས་བྱས་པ། འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་དྲ་ཐོག་ནས་གསལ་རྟོགས་བྱུང་གྲངས་དུང་ཕྱུར་22ལྷག་ཙམ་ཟིན་ཡོད། དུས་མཚུངས་གཙོ་གནད་འགྲུལ་ཁུངས་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ཤར་ལྷོ་སོགས་སུ་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་ཏེ་ཏ་ཤིང་གནམ་ཐང་དུ་བརྗོད་དོན་གཙོ་བོའི་བརྡ་ཆ་བཏང་བ་དང་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཞེས་པའི་སྤུས་རྟགས་རྒྱུན་མཐུད་ངང་བཏོད་ཡོད།

责任编辑:南珠泽仁 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com