中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

ཁྱབ་བསྒྲགས་དུས་ཚོད་:2025-12-15 16:48:45

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

 

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་12ཚེས་14ཉིན་གྱི་ཕྱི་དྲོར།  2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་དེ་བདེ་ཆེན་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཐང་དུ་འགྲན་བསྡུར་ཛ་དྲག་ཞིག་སྤེལ་ཏེ།  བདེ་ཆེན་རུ་ཁག་གིས་ཆུས་ཅིང་རུ་ཁག་དང་འགྲན་བསྡུར་བྱས་པ་རེད། བདེ་ཆེན་རུ་ཁག་གིས་དུས་གསབ་དུས་རིམ་གྱི་1:1ཡི་ཆུས་ཅིང་རུ་ཁག་བར་རྒྱལ་ཕམ་མེད་པ་གྱུར་ཞིང་། མཐར་མི་སེམས་འགུལ་བའི་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཏེ། བདེ་ཆེན་རུ་ཁག་གིས་3:4ཡི་ཐོག་ནས་ཆུས་ཅིང་རུ་ཁག་ལ་ཕམ་པར་གྱུར།图片图片图片

ཤན་འབྱེད་གཙོ་བོས་སྐུར་སྒྲོག་བྱས་པ་དང་ཆབས་ཅིག་ས་བབ་མཐོ་ཚད་སྨི་3300ཡོད་པའི་སྤོ་ལོ་ཐང་དུ་འགྲན་བསྡུར་འགོ་ཚུགས་པ་དང་ཕྱོགས་གཉིས་ཀྱིས་འཕྲལ་དུ་འགྲན་བསྡུར་ཛ་དྲག་བྱས་པ་རེད། བདག་རེས་འགྲན་བསྡུར་བྱེད་མཁན་བདེ་ཆེན་རུ་ཁག་གིས་ལས་ཡུལ་ལ་རྒྱུས་མངའ་ཡོད་པ་དང་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པར་བརྟེན་ནས་འགོ་ཚུགས་མ་ཐག་ཕར་རྒོལ་དྲག་པོ་མངོན་ཡོད་ལ།   ཆུས་ཅིང་རུ་ཁག་གིས་གནོན་ཤུགས་སྤྲད་པ་འོག་རྒྱུན་ཆད་མེད་པར་ཕར་རྒོལ་གྱི་གོ་སྐབས་འཚོལ་བཞིན་ཡོད་པ་རེད།  བདེ་ཆེན་རུ་ཁག་གི་ཕར་རྒོལ་དྲག་པོར་འཕྲད་དུས་ཆུས་ཅིང་རུ་ཁག་གིས་རྩལ་གྱི་རྨང་གཞི་བརྟན་པོ་ལ་བརྟེན་ནས་གོམ་པ་བརྟན་པོ་བྱས་ཏེ། འགོག་སྲུང་ཁྲོད་གནད་ལ་འཁེལ་བའི་གནས་དང་མགྱོགས་པར་རོགས་རམ་བྱས་ཏེ། བདེ་ཆེན་རུ་ཁག་གི་ཕར་རྒོལ་ཐེངས་མང་བཀག་འགོག་བྱས་པ་མ་ཟད་འགོག་སྲུང་གི་ཕར་རྒོལ་བཟོས།  འགྲན་བསྡུར་སྐར་མ་ཐེངས་26པར་སླེབས་དུས།  ཆུས་ཅིང་རུ་ཁག་གིས་ས་འཛུགས་གཞུ་བ་ཕར་རྒོལ་གྱི་གོ་སྐབས་སུ་འཛིན་ཏེ། གནད་ལ་འཁེལ་བའི་རྒྱང་སྤྲོད་ཐེངས་གཅིག་བརྒྱུད་ནས་འགོག་སྲུང་གཏོར་བ་དང་། མདུན་རའི་སྤོ་ལོ་རྒྱག་མཁན་གྱིས་སྒོ་ནང་འཕེན་ནས་བསྡུར་གྲངས་དེ་1:0ལ་བསྒྱུར་ཡོད།图片图片图片

འགྲན་སྨད་འགྲན་བསྡུར་རུ་བདེ་ཆེན་རུ་ཁག་གིས་མུ་མཐུད་ནས་ཕར་རྒོལ་བྱེད་ཤུགས་ཆེར་གཏོང་བ་དང་ཕ་རོལ་གྱི་སྤོ་ལོའི་སྒོ་འགྲམ་དུ་ཐེངས་མང་བཅར་ཡོད་མོད། འོན་ཀྱང་ཆུས་ཅིང་རུ་ཁག་གི་འགོག་སྲུང་མ་ལག་ནན་པོ་དེས་ནུས་ལྡན་གྱི་ཚད་བརྒལ་ཐབས་ལམ་རྙེད་དཀའ།  སྐར་མ་90ཡི་འགྲན་བསྡུར་མཇུག་སྒྲིལ་རྗེས། བདེ་ཆེན་རུ་ཁག་གིས་དུས་གསབ་དུས་མཚམས་སུ་ཕར་རྒོལ་བྱས་པ་དང་། བདེ་ཆེན་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཨང་2པ་ལུའུ་ཀྲེ་དབྱིན་གྱིས་ཆུས་ཅིང་རུ་ཁག་གི་འགོག་སྲུང་གི་སྐྱོན་ཆ་བཟུང་ནས་སྒོ་ལ་ཕར་རྒོལ་བྱས། རྐང་རྩེད་སྤོ་ལོ་སྐད་ལྟར་སྒོ་ནང་དུ་འཛུལ་ནས་བསྡུར་གྲངས་1:1བར་བསྒྱུར་བས་ཚོགས་ཆེན་ནང་གི་ལྟད་མོ་བ་རྣམས་སྐད་ཅིག་ཙམ་ལ་ཁྲག་དོན་འཁོལ་བ་རེད།图片图片

འགྲན་བསྡུར་དེ་བཙུགས་སྤོར་འབེན་འཕེན་བྱེད་པའི་གོ་རིམ་དུ་སླེབས་སྐབས་ཆུས་ཅིང་རུ་ཁག་གི་སྤོ་ལོ་རྒྱག་མཁན་གྱིས་མགྲོན་རེས་ཀྱི་གནོན་ཤུགས་ཐེག་ནས་རྩལ་ཀྱི་བརྟན་བརླིང་རང་བཞིན་གྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་མཐར་ཆུས་ཅིང་རུ་ཁག་གིས་4:3ཡི་བཙུགས་སྤོར་འབེན་འཕེན་བྱེད་པའི་བསྡུར་ཚད་ཐོག་ནས་རྒྱལ་ཁ་ཐོབ་པ་རེད། 图片图片

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com