中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

རྩོམ་པ་པོ་:黄晓丽、杨涛 ཁྱབ་བསྒྲགས་དུས་ཚོད་:2025-12-15 14:21:50 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ12པའི་ཚེས12ཉིན།སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གི་ཁོངས་མིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལས་གནས་གཅིག་དང་འགན་འཁྲི་གཉིས་ཞེས་པ་ལག་བསྟར་བྱས་ཚུལ་དང་འོག་རིམ་གྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་དང་སྤྱོད་གཙང་རྩད་གཅོད་དང་སྤྱོད་གཙང་དམ་འཛིན་བྱས་ཚུལ་སྙན་སེང་ཞུས་པའི་སྙན་ཞུ་གསན་པ་རེད། 

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

图片
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཟླ་12པའི་ཚེས་8ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལོ་འགོའི་དམིགས་འབེན་ལས་འགན་དང་བསྡུར་ནས་ཁྱོན་ཡོངས་ཀྱི་ལས་དོན་ལེགས་སྒྲིག་དང་། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་ཁག་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ནས། མཇུག་ཡག་པོ་བསྡུ་བ་དང་། ལས་འགོ་ཡག་པོ་སྒྲུབ་པའི་སྦྲེལ་མཐུད་མངོན་འགྱུར་ཡོང་བ་བྱེད་དགོས། རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོདརྩ་གནདབཟོ་འགོད་དངགྲོས་འགོབཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། དམངས་འཚོ་འགན་སྲུང་དམ་འཛིན་ཏན་ཏིག་དང་།གླ་ཕོགས་འགྱངས་ཆད་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ།བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་བ།ཁུལ་ཚོགས་འདུ་གཉིས་གྲ་སྒྲིག་ཡག་པོ་བཅས་བྱས་ཏེ་ལོ་མཇུག་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལས་ཀའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་།ཁྲིམས་བསྟར་ནན་པོ།ཁྲིམས་འཛིན་དྲང་གཞགདམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཀྲུང་གོ་གུང་ཁྲན་ཏང་གི་ལས་སྒྲུབ་ལས་ཁུངས་ཀྱི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལས་ཁུངས་ཀྱི་འགན་ནུས་འཁྲི་སྒྲུབ་དང་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་དམ་འཛིན་ལེགས་པོ་དང་།མཐུན་སྦྱོར་མཉམ་འགུལ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ།རྣམ་གྲངས་དོན་གཉེར་དང་རྣམ་གྲངས་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་འཛིན་ཏན་ཏིག་དང་།དམ་འཛིན་ཞིབ་ཚགས་བྱས་ཏེ་རིམ་པ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུ་ཚན་པའི་ཁོངས་མིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་གནས་ཚུལ་སྙན་ཞུ་གསན་པ་དང་།ཁུལ་ཨུའི་རྒྱུན་ཨུ་ཚན་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་པོ་འཁུར་བ་དང་།སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ།སྤྱོད་ཚུལ་ལེགས་སྐྱོང་མུ་མཐུད་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་བདེ་ཆེན་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་རྫོངགྲོང་ཁྱེརཁག་གི་ཏང་ཨུའི་ཧྲུའུ་ཅི་དང་དེ་བཞིན་ཁུལ་ཐད་གཏོགས་སྡེ་ཚན་གྱི་ཏང་ཨུའིཏང་ཙུའུཧྲུའུ་ཅིས་ལས་འགན་བསྒྲུབས་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་དང་།སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་དམ་འཛིན་བྱས་ཚུལ་གྱི་སྙན་ཞུར་གསན།རིམ་པ་ཁག་གི་“འགན་འཁུར་བ་གཙོ་བོས”་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དང་། འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ།སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོགཞིང་ཨུའི་སྐོར་གཟིགས་ཚོགས་ཆུང་བརྒྱད་པའི་ཚུར་ལན་བསམ་འཆར་དོན་འཁྱོལ་བྱས་པའི་རྗེས་མཐུད་དག་ཐེར་འཕེལ་རིམ་སྐོར་གྱི་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྙན་ཞུརགྲོས་ཞིབ་བྱས་ནས། དག་ཐེར་ཡོ་བསྲང་གི་འགན་འཁྲི་འཁུར་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ལྷོད་གཡེང་མི་གཏོང་བ་དང་། གནད་དོན་དག་ཐེར་ཡོ་བསྲང་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་ནས།གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན།

责任编辑:七林卓玛、次称曲批

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com