2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་2025/2026ལོའི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་དེ་བདེ་ཆེན་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཐང་དུ་འགོ་ཚུགས་པ་དང་བདེ་ཆེན་རུ་ཁག་གིས་ཆུས་ཅིང་རུ་ཁག་དང་འགྲན་བསྡུར་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཡང་ཀྲུང་ཧྭ་ཡུལ་དངོས་སུ་འགྲན་བསྡུར་གཟིགས་པར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་གསུངས།
ཡུན་ནན་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁུང་ཝེ་ཧྭ་དང་། ཡུན་ཐོའུ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤྱི་ཁྱབ་འགན་འཛིན་པ། ཏུང་ཧྲི་ཀྲང་གཞོན་པ་ལིའུ་མིང་ལིན། རང་ཁུལ་གྱི་འགོ་ཁྲིད་ཞུས་སི་སི་དང་། ལི་ཡན་ལན། མིའོ་ཡིའུ་ཧྥ་བཅས་འགྲན་བསྡུར་ལ་ཞུགས་ཡོད།

ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་། དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ད་ཐེངས་ཀྱི་འགྲན་བསྡུར་ལ་ཕེབས་པའི་འགོ་ཁྲིད་དང་། སྐུ་མགྲོན་དང་སྤོ་ལོའི་ཞེན་མི་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས་ལོ་མང་རིང་ཆུས་ཅིང་གིས་བདེ་ཆེན་ལ་ཕྱོགས་ཡོངས་དང་རིམ་པ་མང་བའི་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པས་བདེ་ཆེན་མི་དམངས་ཀྱིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་བསྐྲུན་རྒྱུ་ནི་ཡུན་ནན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་རྩེད་སྤོ་ལོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཡིན་ལ། “རྐང་རྩེད་སྤོ་ལོའི་དར་རྒྱས་”ཀྱི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན། བདེ་ཆེན་ཁུལ་གྱིས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལེགས་པོ་བསྐྲུན་རྒྱུར་རོགས་རམ་བྱས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱིས་ཏང་ལ་སེམས་པ་འཁོར་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ། བློ་བརྟན་འགྱུར་མེད་འབད་འཐབ་བཅས་ཀྱི་སྙིང་སྟོབས་ཀྱི་རྣམ་པ་མངོན་པར་བྱས་ཡོད། ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་འབྲེལ་ཐག་ཏུ་བྱས་ནས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ། རྐང་རྩེད་སྤོ་ལོའི་ཡིད་དབང་འཕྲོག་ཤུགས་མཉམ་སྤྱོད་བཅས་བྱ་རྒྱུ་ཡིན། ནུས་ཤུགས་ཡོད་རྒུས་འགྲན་བསྡུར་གྱི་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ནས་སྐུ་མགྲོན་ཚང་མར་བདེ་ཆེན་གྱི་སྤྲོ་སེམས་དང་། སྒོ་དབྱེ། བསྟུན་མཁས་བཅས་ཚོར་ཐུབ་པ་བྱ་རྒྱུ་ཡིན། རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཚོས་དཀའ་ངལ་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ་ཉམས་འགྱུར་དང་། ཆུ་ཚད་མངོན་པ། མཛའ་གྲོགས་འགྲན་བསྡུར་བྱེད་པ་བཅས་བྱས་ནས་ཕྱོགས་བཞིའི་ལྟད་མོ་བ་རྣམས་ལ་ངོ་མཚར་ཆེ་བ་དང་། དཔལ་ཡོན་ལྡན་པ། དྲོད་ཚད་དང་སྤྲོ་སེམས་ཀྱིས་ཁེངས་པའི་རྐང་རྩེད་སྤོ་ལོའི་གསོལ་སྟོན་ཆེན་པོ་མཉམ་སྤྱོད་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཆུས་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཝུའུ་ཅིན་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥེན་གྱིས་འགྲན་བསྡུར་གྱི་སྤོ་ལོ་སྒུལ་བའི་འགོ་བརྩམས།


责任编辑:七林卓玛、次称曲批
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།
“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།
ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
