中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཁྱབ་བསྒྲགས་དུས་ཚོད་:2025-12-12 14:52:03 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
微信图片_20251211211637_748_169.jpg
微信图片_20251211220406_753_169.jpg
སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་། ཐོན་ལས་ནུས་རིམ་མཆོང་བརྒལ་གསར་པ་མངོན་འགྱུར་བྱུང་།

 ལོ་ལྔ་ཚན་བཅོ་ལྔ་པའི་དུས་རིམ་དུ། བདེ་ཆེན་གྱིས་སྐྱེ་ཁམས་ནུས་ཁོངས་ལ་དམིགས་ནས་རིག་གནས་ཀྱི་ནང་དོན་ཞིབ་ཆ་འཚོལ་ཞིབ་བྱས་ཤིང་། སྤུས་རྟགས་ལ་བརྟེན་ནས་རྣམ་ཤེས་སྲ་བཟོ་དང་། ནུས་པ་མཉམ་འདྲེས། ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་བཏང་། མི་དམངས་ལ་ཕན་པ་ཐོབ་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་གཏན་འཁེལ་བྱེད་པའི་དམིགས་འབེན་ལེགས་འགྲུབ་བྱུང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤུས་རྟགས་ཡག་པོས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་སྟོབས་ལྡན་ཞིག་བསྣན།

བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་སྣང་ཚུལ་ཁྲོད་དུ་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕྱུར་བཞིན་ཡོད།ལོ་ལྔའི་རིང་། ཁུལ་ཡུལ་སྐོར་ཚོགས་པའི་སྤྱིའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་5.7བར་མང་དུ་ཕྱིན་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་556 སྣེ་ལེན་བྱས། ཐེངས་གཉིས་པའི་འཛད་སྤྱོད་གྱིས་བཟུང་བའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་སྟེ། སྤ་སེའི་བརྟེན་ཚད་ལས་ཐར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་། སེམས་ཀྱི་ཉི་ཟླའི་གུང་གསེང་ཡུལ་སྐོར་ལས་དོན་ཁང་གིས་སེམས་ཀྱི་ཉི་ཟླའི་བྱེ་མཆོང་འགྲན་བསྡུར་སྤེལ་བ་གོ་སྐབས་སུ་བརྩིས་ནས་ཁྱད་ཆོས་ལྡན་པའི་IPབསྐྲུན་ཡོད། རྒྱལ་ནང་དུ་ཡུལ་སྐོར་ཡོང་བའི་མི་གྲངས་ལོ་རེའི་ཆ་སྙོམས་འཕར་ཚད་20%ལས་བརྒལ་སྟེ་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་ལ་དཔེ་མཚོན་གསོན་པོ་མཁོ་འདོན་བྱས།

ལོ་ལྔའི་རིང་། བདེ་ཆེན་གྱིས་མངའ་ཁོངས་ཡོངས་ཀྱི་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེན་པོ་ལ་དམིགས་ནས། ཐོག་མཐའ་བར་གསུམ་དུ་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཐོན་ལས་གཙོ་བོ་བྱས་ནས་གསོ་སྐྱོང་བྱེད། དམིགས་ཚད་གཙོ་བོ་ཟིན་ཐོ་ལས་བརྒལ་བ་དང་ཐོན་ལས་ཀྱི་རྒྱབ་སྐྱོར་ནུས་པ་སྔར་བས་སྲ་བརྟན་དུ་ཕྱིན། 2020ལོ་ནས་2024ལོའི་བར། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་851ནས་མི་ཐེངས་ཁྲི་3122བར་གྱི་མཆོང་བརྒལ་རང་བཞིན་འཕར་བ་དང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་94.8ནས་སྒོར་དུང་ཕྱུར་352.9བར་འཕར། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕར་ཐང་དེ་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་ཚད་13.5%བར་འཕར། 2025ལོའི་ཟླ་1པོ་ནས་ཟླ་11པའི་བར། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3347.78སྣེ་ལེན་བྱས་པ་དང་། ཡུལ་སྐོར་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་291.84བཏང་སྟེ་དུས་མཉམ་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་རྒྱུན་མཐུད་མང་དུ་ཕྱིན་ཡོད། དེང་སང་། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་ཐད་ཀར་མི་ཁྲི་5.93ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་འཕར་བའི་འགུལ་ནུས་གསར་པར་སྐུལ་སློང་བྱེད་ཡོད་ལ་དམངས་འཚོ་འགན་སྲུང་གི་རྨང་གཞི་བརྟན་དུ་བཏང་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀར་ཕན་པ་ཐོབ་ཡོད།

微信图片_20251211205150_734_169.png
微信图片_20251211205151_735_169.png
སྣ་མང་མཉམ་འདྲེས་ཟབ་ཏུ་བཏང་ནས་མངའ་ཁོངས་ཡོངས་དང་དུས་ཡོངས་ཀྱི་ཡུལ་སྐོར་གྱི་རྣམ་པ་གསར་པ་སྐྲུན།

ལོ་ལྔའི་རིང་། བདེ་ཆེན་གྱིས་སྲོལ་རྒྱུན་གྱི་ལྟ་སྐོར་ཡུལ་སྐོར་གྱི་ཚད་བཀག་གཏོར་ནས་ཐོན་ལས་དེ་ཕྱོགས་བསྡུས་ཉམས་ལེན་དུ་བསྒྱུར་བར་སྐུལ་འདེད་གཏོང་སྟེ་མངའ་ཁོངས་ཡོངས་དང་དུས་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་། ཞིང་ལས་ཉམས་ལེན། རྐང་ཐང་ཡུལ་སྐོར་སོགས་དར་རྒྱས་བྱུང་། ཡུན་ནན་དུ་བྱེས་སུ་སྡོད་པ་ཞེས་པའི་བདེ་ཆེན་གྱི་ལེའུ་གཏིང་ཟབ་སྤེལ་ནས་དམངས་སྲོལ་གནས་ཚང་ཐོན་ལས་དེ་སྣ་མང་ཅན་གྱི་སྤུས་དག་རིམ་སྤར་མངོན་འགྱུར་བྱུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རོང་པ་ཞང་ཐང་སྨད་གྲོང་ཚོ་ལ་ཞིང་ཆེན་ཡོངས་གྱི་ཡུན་ནན་དུ་བྱེས་སུ་སྡོད་པ་ཞེས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་ཁག་དང་པོའི་ནང་བདམས། འགྲུལ་ཁང་དམངས་སྲོལ་གནས་ཚང་ལོ་རེའི་ཆ་སྙོམས་སུ་སྡོད་ཚད་80%ལས་བརྒལ། འབའ་ལུང་རྫོང་ཆི་པེ་གྲོང་ཚོ་སོགས་དམངས་ཁང་དེ་དམངས་སྲོལ་གནས་ཚང་འགྱུར་བ་དང་ཐོན་ཁུངས་དེ་རྒྱུ་ནོར་མ་རྩ་ཅན་དུ་གྱུར་བར་མངོན་འགྱུར་བྱུང་།

བདེ་ཆེན་གྱིས་ད་དུང་དུས་བཞི་ཡུལ་སྐོར་ཞེས་པའི་རྟགས་ཅན་སྐྲུན། དཔྱིད་དུས་མེ་ཏོག་ལ་ལྟད་མོ་ལྟ་བའི་ཡུལ་སྐོར་དང་། དབྱར་དུས་རྩྭ་ཐང་དུ་སྐྱེ་ཁམས་ཡུལ་སྐོར་བྱེད། སྟོན་དུས་བེ་ཤ་འཐུ་བ་དང་ཆང་ཁང་གི་གསང་བ་འཚོལ་ཞིབ་བྱེད་པའི་ཡུལ་སྐོར། དགུན་དུས་གངས་ཤུད་ར་བ་སྒོ་ཕྱེ་ནས་གངས་འཁྱགས་གསེར་ལམ་ཐིག་འཛུགས་པ། སེམས་ཀྱི་ཉི་ཟླའི་ཆི་ཞིང་གངས་ཤུད་ར་བ་ལས་འགོ་བཙུགས་པས་དགུན་དུས་ཡུལ་སྐོར་གྱི་ཞན་ཆར་ཁ་གསབ་བྱེད་དེ་ཡུལ་སྐོར་བ་ཉུང་བའི་དུས་སུ་ཡུལ་སྐོར་བ་མང་དུ་འཕེལ་བ་དང་།ཡུལ་སྐོར་བ་མང་བའི་དུས་སུ་དེ་བས་མང་བ་མངོན་འགྱུར་བྱུང་། མཛེས་ལྗོངས་ཁུལ་དུ་ཐད་ཀར་སླེབས་པའི་ལམ་ཐིག་15བཏོན་པ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་80སྐྱེལ་འདྲེན་བྱས་པས་མངའ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན།

ལོ་ལྔའི་རིང་། བདེ་ཆེན་གྱིས་བདེ་ཆེན་གྱི་ལག་རྟགས་ཞེས་པའི་ཁྱད་ལྡན་རིག་གནས་གསར་གཏོད་མ་ལག་དང་། པོ་ཏ་ཚོའི་ནགས་བྱི་བཀྲ་ཤིས་ཞེས་པའི་སྐྱེ་ཁམས་གྲོང་དཔོན། སྤྲེའུ་ཁྲ་མཛེས་ལྗོངས་ཁུལ་གྱི་tataཞེས་པ་སོགས་བརྗོད་བྱ་གཙོ་བོའི་རིག་གནས་གསར་གཏོད་ཐོན་རྫས་ཁྱབ་གདལ་གཏོང་། རོང་པའི་རྫ་ནག་དང་སྟོན་པའི་ཤོག་བཟོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས། རྒྱལ་ཁབ་རིམ་པའི་མི་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མ་ལག་དྲུག་བསྐྲུན་པ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལམ་ཐིག་བསྐྲུན། ཁུལ་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཚོགས་པའི་མཚན་སྙན་ཐོབ།ལོ་ངོ་སྟོང་གི་ཨ་ལནསོགས་རིག་རྩལ་བརྩམས་ཆོས་ལ་མཚན་སྙན་མང་པོ་ཐོབ་ནས་མི་རིགས་ཀྱི་རིག་གནས་ལ་གསར་གཏོད་མཚོན་པར་བྱེད་པའི་ཁྲོད་དུ་གསོན་ཤུགས་གསར་པ་རྒྱས་སུ་བཅུག

微信图片_20251211205151_736_169.jpg
微信图片_20251211205154_741_169.jpg
ཞབས་འདེབས་ལེགས་བཅོས་ལ་དམིགས་ནས་རྒྱུན་མཐུད་ངང་རྟགས་ཅན་གྱི་ཤུགས་རྐྱེན་ཐེབས་ཚད་མཐོ་རུ་གཏོང་།

ལོ་ལྔའི་རིང་། བདེ་ཆེན་གྱིས་ལས་ཞུགས་པར་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པ་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པའི་རྩལ་ནུས་འགྲན་བསྡུར་སྒྲུབ་འགན་འཁུར་བ་དང་རྒྱུན་རྣམ་ཅན་གྱི་རྩལ་ནུས་གསོ་སྦྱོང་བྱས་ཏེ་བྱང་ཚད་མཐོ་བའི་རིག་གནས་དང་ཡུལ་སྐོར་གྱི་ཞབས་ཞུའི་དཔུང་ཁག་བསྐྲུན། ཡུལ་སྐོར་ཁྲོམ་རའི་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་ལེགས་གཏོད་ཀྱི་ཉིན་བརྒྱ་གསུམ་པའི་བྱ་སྤྱོདལ་སྐུལ་འདེད་གཏོང་། ལག་ཁྱེར་ཁ་པར་གཅིག་ལ་བརྟེན་ནས་ཡུན་ནན་ལ་ཡུལ་སྐོར་བྱེད་པའིསྟེགས་བུ་བརྒྱུད་དེ་སྐར་མ་30ནང་དང་ལེན་བྱེད་པ་དང་ཆུ་ཚོད་24ནང་འགྲུབ་པའིཞུ་སྦྱོར་ཐག་གཅོད་ལམ་སྲོལ་བྱ་ཐབས་བཙུགས།ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱིས་ནུས་ལྡན་ཞུ་སྦྱོར་1567བདག་སྤྲོད་བྱས་ཏེ་དུས་མཉམ་ལས་42%ཆག་པ། ཉིན་30ལ་རྒྱུ་མཚན་མེད་པའི་ཚོང་ཟོག་ཕྱིར་སློགལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་ཚོང་ཟོག་ཕྱིར་སློག་བློ་ཡིད་ཚིམ་ཚད་99.5%ཟིན་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས།

བདེ་ཆེན་གྱིས་ཟླ་རེ་ལ་བྱེད་སྒོ་རེ་སྤེལ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད། མེ་ཏོག་ལ་ལྟད་མོ་ལྟ་བའི་ཡུལ་སྐོར་དང་། བེ་ཤ་ཞིམ་པོའི་ཁྱད་ལྡན་བྱེད་སྒོ་སྤེལ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སོགས་མཚོན་རྟགས་རང་བཞིན་གྱི་འགྲན་བསྡུར་སྒྲུབ་འགན་འཁུར། སྨྱན་བྱེད་གསར་པ་དང་སྲོལ་རྒྱུན་སྨྱན་སྦྱོར་མཉམ་དུ་སྤེལ་གཏོང་གི་རྣམ་པ་བཙུགས། རིག་གནས་དང་ཡུལ་སྐོར་གྱི་དང་བླངས་པར་སྐུལ་སློང་བྱས་ནས་རྒྱུན་རྣམ་ཅན་དུ་ཞབས་འདེགས་ཞུ་བ་དང་སྤུས་རྟགས་གཅིག་སྡུད་བྱས་ནས་སྲུང་སྐྱོང་གི་མཉམ་ཤུགས་སྐྲུན། འགྲུལ་རྒྱུན་གྱི་གྲོང་ཁྱེར་གཙོ་བོ་དང་ཡུན་ནན་ནུབ་བྱང་། སེམས་ཀྱི་ཉི་ཟླ་ཆེན་པོམཉམ་ལས་ས་ཁོངས་སུ་ཟབ་ཞུགས་བྱས་ཏེ་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོ་ལ་ཁ་ཕྱོགས་ནས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་པའི་ཆེད་དོན་མཚམས་སྦྱོར་བྱེད་སྒོ་སྤེལ་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རྟགས་ཅན་གྱི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཆེ་རུ་གཏོང་།

ལོ་ལྔའི་རིང་། བདེ་ཆེན་གྱིས་རིག་གནས་དང་ཡུལ་སྐོར་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་སྟེ་རིག་གནས་ཀྱི་ཉི་འོད་གངས་ལྗོང་མཐོ་སྒང་དུ་བཞུར་དུ་བཅུག གཡུལ་ས་འཛུགས་སྐྲུན་ཐད། ཁུལ་དང་རྫོང་གྲོང་ཁྱེར་རིག་གནས་ཁང་། ཤང་གྲོང་རྡལ་རིག་གནས་ས་ཚིགས་བཅས་ལ་བརྟེན་ནས། གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་ཚད་གཞི་མཐོ་འདེགས་དང་སྤུས་ཚད་མཐོ་གཏོང་ལ་སྐུལ་འདེད་བཏང་ནས་བོད་ཡིག་གནའ་གཞུང་སྲུང་སྐྱོང་ཞིབ་འཇུག་ཞབས་ཞུའི་ལྟེ་གནས་བསྐྲུན་སྟེ། ཞིང་པའི་དཔེ་ཁང་དང་རིག་གནས་བྱེད་སྒོ་ཁང་དེ་མང་ཚོགས་སྒོ་ཁའི་བསམ་པའི་འབྲུ་མཛོད་དུ་གྱུར་དུ་བཅུག་ཡོད། རིག་གནས་མཁོ་སྤྲོད་ཐད། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཟློས་གར་གྲོང་གསེབ་དུ་བསྐྱོད་པ་དང་། མཚན་མོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐང་ཆེན་ཞབས་བྲོ། དམངས་ཡོངས་ཀྱིས་དཔེ་ཀློག་སོགས་རིག་གནས་བྱེད་སྒོ་རྒྱུན་ལྡན་ཅན་དུ་སྤེལ་ནས་རིག་གནས་གཞི་རིམ་དུ་རྩ་བ་ཚུགས་པ་དང་དམངས་འཚོ་ལ་ཕན་དུ་བཅུག

微信图片_20251211205157_745_169.jpg
微信图片_20251211205157_746_169.jpg

ལོ་ལྔ་ཚན་བཅོ་ལྔ་པའི་འགོ་ཚུགས་ས་གསར་པ་རུ་ལངས་ནས། བདེ་ཆེན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་དང་། ཐོན་རྫས་མཁོ་འདོན་ལེགས་བཅོས། རྟགས་ཅན་གྱི་རིན་ཐང་མཐོ་རུ་བཏང་ནས། བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བཏོད་ཡོད།

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com