中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2025-12-11 14:53:22 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་པའི་བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་དང་དེ་བཞིན་འགྲན་བསྡུར་ནང་ཞུགས་མཁན་ཆུས་ཅིང་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ཕྱོགས་བསྡུས་ལུས་རྩལ་ཐང་དུ་ཀྲང་ཝེ་ཏུང་དང་བཅས་པས་བདེ་ཆེན་ཁུལ་གྱི་འཐུས་མི་རུ་ཁག་གི་སྦྱོང་བརྡར་གནས་ཚུལ་ལ་གཟིགས་པ་དང་འབྲེལ་རྩལ་སློབ་པ་དང་ལུས་རྩལ་པ་དང་སྤེལ་རེས་གནང་བ་རེད། ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་ཚང་མར་དུས་ཡུན་རིང་པོའི་ནང་དཀའ་སྤྱད་སྦྱོང་བརྡར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་གིས་རུ་ཁག་ནང་རང་ས་གནས་ནས་གསོ་སྐྱོང་བྱས་པའི་ལུས་རྩལ་པ་ཡོད་ལ། གདན་ཞུ་རྩལ་སློབ་པ་དང་བདེ་ཆེན་དུ་བྱེས་སུ་སྡོད་པའི་ཕྱི་རྒྱལ་གྱི་རོགས་སྐྱོར་པ་ཡང་ཡོད། ཚང་མས་ཐུན་མོང་གི་དམིགས་ཡུལ་ཆེད་ལྷན་དུ་འཛོམས་པ་དང་ད་ཆ་ཚང་མ་བདེ་ཆེན་གྱི་ཚབ་བྱས་ནས་འགྲན་བསྡུར་དུ་ཞུགས་མཁན་རེད་ཅེས་བསྟན། ཁོང་གིས་རུ་མི་ཡོངས་ལ་རྩལ་སློབ་པའི་སྣེ་ཁྲིད་འོག་བདེ་ཆེན་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་སྦྱོང་བརྡར་ནན་པོ་དང་ནུས་ཤུགས་ཡོད་རྒུས་གྲུབ་འབྲས་ཡག་པོ་ཐོབ་པའི་བརྩོན་ལེན་བྱེད་པ་དང་། འགྲན་བསྡུར་བྱེད་སྐབས་ཆུ་ཚད་མངོན་ཐུབ་པ་བྱེད་དགོས་ལ་ཉམས་འགྱུར་དེ་བས་མངོན་ཐུབ་པ་བྱས་ཏེ་བདེ་ཆེན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། གཞན་རུ་མི་ཚོས་གོ་སྐབས་དམ་འཛིན་བྱས་ནས་རང་སའི་ལུས་རྩལ་བྱེད་སྒོ་སྤེལ་སྐབས་རྣམ་པ་ཡག་ཤོས་མངོན་པར་བྱེད་པ་དང་དུས་མཚུངས་སུ་ངེས་པར་དུ་གཟུགས་པོ་བདེ་ཐང་དང་ལུས་རྩལ་གྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བླང་བྱ་བཏོན།

དེ་རྗེས་ཀྲང་ཝེ་ཏུང་དང་བཅས་པས་ཆུས་ཅིང་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་བཅའ་སྡོད་བྱ་ཡུལ་དུ་ཕེབས་ནས་རྩལ་ཁྲིད་པ་དང་ལུས་རྩལ་པར་འཚམས་འདྲི་གནང་བ་དང་འབྲེལ་ཆུས་ཅིང་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་སླེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ལ་རུ་མི་ཚོར་ས་མཐོར་སླེབས་རྗེས་འཕྲོད་ཚུལ་སྐོར་གྱི་བཀའ་འདྲི་ཡང་གནང་བ་རེད། ཁོང་གིས་ཆུས་ཅིང་གྲོང་ཁྱེར་དེ་བདེ་ཆེན་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་ལོ་མང་རིང་བདེ་ཆེན་ལ་སྒེར་སེམས་མེད་པའི་རོགས་རམ་བྱས་པས་ས་ཆ་གཉིས་ཀྱི་མི་དམངས་བར་འབྲེལ་འདྲིས་དམ་ཟབ་ཡོད། བདེ་ཆེནཁུལ་ཨུ་དང་སྲིད་གཞུང་གིས་ཆུས་ཅིང་རུ་ཁག་གི་སྣེ་ལེན་འགན་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ནས་བདེ་ཆེན་མི་དམངས་ཀྱི་བཀའ་དྲིན་མཚོན་པར་བྱེད་ཀྱི་ཡོད། ཁོང་གིས་རུ་མི་ཚོར་ཚན་རིག་དང་མཐུན་པའི་ལེགས་སྒྲིག་བྱས་ནས་ས་མཐོའི་ཁོར་ཡུག་དང་རིམ་བཞིན་འཕྲོད་ཐབས་བྱེད་དགོས་པ་དང་འབྲེལ་ཡོད་སྡེ་ཚན་ལ་ཞབས་ཞུ་དང་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ཏེ་དཔུང་ཁག་གི་རྣམ་པ་བཟང་པོའི་ཐོག་ནས་འགྲན་བསྡུར་ནང་ཞུགས་རྒྱུའི་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཁོང་གིས་ད་ཐེངས་ཀྱི་འགྲན་བསྡུར་འདི་ཉིད་གོ་སྐབས་སུ་བརྩིས་ནས་ས་གནས་གཉིས་པོའི་ལུས་རྩལ་དང་རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་མ་ཟད།ཆུས་ཅིང་རུ་ཁག་གི་རྩལ་ཁྲིད་པ་དང་ལུས་རྩལ་པ་ཚོ་བདེ་ཆེན་གྱི་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བྱེད་པར་གདན་ཞུ་བྱས་ནས་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཉམས་སུ་མྱོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད། 

    འཐུས་མི་རུ་ཁག་གཉིས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། འགྲན་བསྡུར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བྱས་ཏེ་ལུས་རྩལ་གྱི་སྙིང་སྟོབས་བཟང་པོ་མངོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

责任编辑:南珠泽仁 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com