རྩེ་ཁོག་རྫོང་རྡོ་དཀར་མོ་ཤང་ཕྱུག་རྐྱལ་གྲོང་ཚོའི་རྩེ་ཆུའི་མགོན་ཤུལ་བརླན་སའི་ཁྲུང་ཁྲུང་སྐེ་ནག


ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཤང་ཕྱུག་རྐྱལ་གྲོང་ཚོའི་རྩེ་ཆུའི་མགོན་ཤུལ་བརླན་ས་རུ་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་ཅིག་གིས་ཨ་མའི་རྗེས་དེད་ནས་བརླན་ས་སྟེང་གོམ་པ་སྦྱང་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོང་པའི་དང་བླངས་པ་རྡོ་རྗེ་ཡིས་གསར་འགོད་པར“ཁྲུང་ཁྲུང་སྐེ་ནག་གིས་ཕྱོགས་བཞི་ཆུའི་བསྐོར་བའི་འདམ་རའི་རྩྭ་ཐང་དུ་ཚང་བསྐྲུན་རྒྱུར་དགའ་བ་དང་། སྒོ་ང་བཏང་རྗེས་བཟའ་ཟླ་གཉིས་ཀྱིས་དུས་ཚོད24རིང་རེས་འཁོར་ནས་བྱ་སྒོང་བཀད་རག་བར་དུ་སྲུང་སྐྱོབ་བྱེད”ཅེས་ཟེར།
རྩེ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཅིག་ཡིན་པ་དང་། དེར་གནས་པའི་རྩེ་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་སྲུང་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། བརླན་ས་དེར་ལོ་ངོ25རིང་སྲུང་སྐྱོབ་བྱས་པའི་རྡོ་རྗེ་ཡིས་བགྲང་གིས་མི་ལངས་པའི་འདབ་ཆགས་ཀྱིས་གནས་དེ་རུ་ངལ་གསོ་དང་འཕེལ་རྒྱུ། འཕུར་སྐྱོད་བཅས་བྱེད་བཞིན་བདེན་དཔང་བྱེད་ཐུབ། རྩེ་ཁོག་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་བསྟུན་ནས། དབྱར་དུས་སུ་ཁྲུང་ཁྲུང་མགོ་ཁྲ་དང་། བྱ་རྒོད། ཁྲུང་ཁྲུང་སྐེ་ནག ངང་བ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་དག་གནས་དེར་འཛོམས་ནས་ཡོང་། རྩྭ་ཆུ་འཛོམས་པའི་བརླན་ས་དེས་བྱིའུ་ཚོར་དྲོད་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་མ་ཟད། རྩེ་ཁོག་རྫོང་གི་སྐྱེ་ཁམས་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་པ་ར་སྤྲོད་བྱས་ཡོད། །
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108