中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཡུན་ནན་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

རྩོམ་པ་པོ་:此里只玛 ཁྱབ་བསྒྲགས་དུས་ཚོད་:2026-06-05 15:08:09

ཉེ་བའི་ལོ་ཤས་རིང་། ཡུན་ནན་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་མུ་མཐུད་ཟབ་སྤེལ་བྱས་ནས། ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་།ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན།སྡེ་ཁུལ་དོ་དམ་མཉམ་འཛིན་སོགས་བྱེད་པའི་ཐད་རྒྱུད་རིམ་ལྡན་པའི་གྲུབ་འབྲས་ཐོབ་པ་དང་།གཞན་དབང་དོ་དམ་སྲུང་སྐྱོང་བྱེད་པ་ནས་རང་འགུལ་ངང་བཅོས་སྐྱོང་དང་།སྲོལ་རྒྱུན་སྲུང་སྐྱོང་བྱེད་པ་ནས་བློ་རིག་སྲུང་སྐྱོང་བྱེད་པའི་གནད་འགག་ཏུ་འགྱུར་བར་བྱས་ཡོད།

དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འཁོར་སྐྱོད་བྱེད་སྟངས་ཁྱབ་སྤེལ་བཏང་བ། 2022ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཐེངས་102བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་13ལྷག་ཙམ་ལ་ཁྱབ་པ། མཚམས་རྟགས་དང་ཉེན་ཟོན་བྱང་བུ་120ལྷག་ཙམ་བཙུགས་ཡོད། རྒྱུན་གཏན་གྱི་སྐོར་གཡེང་དང་།ཆེད་དོན་ཞིབ་བཤེར།མཉམ་འབྲེལ་ཁྲིམས་འཛིནབཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད་ཉེས་དོན་གྱོད་གཞི་5སྤོ་སྐྱེལ་བྱས་ནས་ཁྲིམས་འགལ་ངང་ཤིང་གཅོད་དང་རྔོན་རྒྱག་པ་སོགས་ཀྱི་བྱ་སྤྱོད་ལ་བཀག་འགོག་ནུས་ལྡན་བྱས་ཡོད།མེ་འགོག་དང་རིམས་ནད་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ།མེ་སྐྱོན་དང་ནད་འབུའི་གནོད་འཚེ་ཚབས་ཆེན་མེད་པ་རྒྱུན་འཁྱོངས་བྱས་པ། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྩ་འཛུགས་བྱས་པའི་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་ལ་དཔྱད་དཔག་བྱེད་པའི་ཁྲོད་དུ།དཔྱད་འཇོག་རིམ་པ་ནིཕུལ་བྱུང་ཡིན།

 

བདུན་བདར་དངོས་རིགས་ལ་དམིགས་ནས་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། སྲོག་ཆགས་ཀྱི་དཔེ་མཚོན་26དང་རྩི་ཤིང་གི་དཔེ་མཚོན་20 གསའ་དང་གཟིག་སོགས་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གསར་དུ་ཐོ་འགོད་བྱས་པ་དང་2025ལོར་རེས་སྐོར་གསར་པའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ་རེད། ཏན་སྤྲེའུ་སྤུ་སེར་སྲུང་སྐྱོང་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་།ཁྱུ་ཚོགས་ཀྱི་གྲངས་འབོར་1985ལོའི་540ལྷག་ཙམ་ནས་མིག་སྔའི་2500ལྷག་ཙམ་བར་འཕར་ནས་གོ་ལ་ཧྲིལ་པོའི་བསྡོམས་འབོར་གྱི་65%ཟིན་ཡོད།

ཚན་རྩལ་དང་ཏང་འཛུགས་སྐྱོང་གི་འཁོར་ལོ་གཉིས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ནས་བློ་གྲོས་ཀྱི་དོ་དམ་སྲུང་སྐྱོང་ཆུ་ཚད་མཐོ་རུ་བཏང་བ། དམར་ཕྱིའི་པར་ཆས་དང་བརྙན་ལམ་ལྟ་སྐུལ་ཚོད་འཛིན། སྐོར་ཞིབ་བཅས་ཀྱི་མཐའ་སྣེའི་གྲངས་གཞི་སྡེབ་སྒྲིག་བྱས་ཏེ། རང་བྱུང་ཐོན་ཁུངས་དང་སྐྱེ་དངོས་རིགས་ཀྱི་གྲངས་གཞིའི་མཛོད་བཙུགས་ནས་ས་གནས་དེ་གའི་ལག་རྩལ་རྐང་འཛིན་པ་30གསོ་སྐྱོང་བྱས་ཡོད།ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་དེ་ཏང་འཛུགས་སྐྱོང་དེ་ཚན་རིག་ཞིབ་འཇུག་དང་།སྐོར་གཡེང་།སྡེ་ཁུལ་དོ་དམ་མཉམ་འཛིན་བཅས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ། 

སྐྱེ་ཁམས་སློབ་གསོའི་རྟེན་གཞི་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་།ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་སྤེལ་སྟངས་རྣམ་པ་སྣ་ཚོགས་ཡོད།འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ། ཁང་ཕུའུ་ཤང་། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ། བྲག་ཞབས་ཤང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དུས་མཚུངས་སུ། འཕྲིན་ཕྲན་སྤྱི་རྟགས་དང་བརྙན་སྟེགས་ཨང་རྟགས་སོགས་སྨྱན་སྦྱོར་གསར་པའི་ཨང་རྟགས་གཉེར་སྐྱོང་བྱས་ཏེཔར་རིས་དང་།བརྙན་ཐུང་།ཐད་གཏོང་བཅས་ཟུང་དུ་འབྲེལ་བའིདྲིལ་བསྒྲགས་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ཡོད།འདབ་ཆགས་ལ་གཅེས་སྤྲས་བྱེད་པའི་གཟའ་འཁོརདངསའི་གོ་ལའི་ཉིན་མོསོགས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད། སྲུང་སྐྱོང་ཁུལ་གྱི་དྲིལ་བསྒྲགས་པར་གཞི་10ལྷག་ཙམ་བཟོས་པའི་ནང་བརྩམས་ཆོས་2ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ།བརྙན་ཐུང་གངས་རིའི་སྤྲེའུ་ཆུངལ་COP15གོ་ལ་ཧྲིལ་པོའི་བརྙན་ཐུང་འཚོལ་བསྡུ་འགྲན་བསྡུར་གྱི་མི་རྣམས་ཀྱི་དགའ་མོས་བྱེད་ཚད་ཆེས་མཐོ་བའི་བྱ་དགའ་བླངས། བརྙན་ཐུང་སྐྱེ་འགྲོའི་སྦས་ལུང་ཞེས་པར་2021ལོའི་ཀྲུང་གོའི་བདག་ཏུ་མ་བཟུང་བའི་སྐྱེ་དངོས་བརྙན་པར་གྱི་ལོ་རེའི་འགྲན་བསྡུར་དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ་ཆེན་པོ་དང་བརྙན་ཐུང་ཚོགས་ཆུང་གི་པར་རིས་བྱ་དགའ་ཡག་ཤོས་ཐོབ་ཡོད།

འགན་འཁུར་རྩོམ་སྒྲིག་པ།:此里追格

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com