སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། —— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

ཁྱབ་བསྒྲགས་དུས་ཚོད་:2025ལོ་10ཟླ་བ་28ཉི་མ་ 14:41:36


འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ཁ་ཕྱོགས་ཡང་དག་པ་དང་། དམིགས་ཚད་ཁ་གསལ་བ། ཐབས་ལམ་ཁ་གསལ་བ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཀོད་སྒྲིག་བྱེད་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་པ་དང་། ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་བྱ་སྤྱོད་ཀྱི་ཁྲིད་སྟོན་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་དུས་མཚམས་སྟངས་འཛིན་བྱེད་པ། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་བཏོན་པ་ཞིག་ཡིན་པས། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གཞི་རྩའི་ངེས་གནས་དང་དུས་མཚམས་རང་བཞིན་གྱི་བླང་བྱར་གཞི་ཚུགས་ནས། ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག་ཕྱོགས་བདུན་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འབད་འཐབ་ལྷོད་མེད་བྱེད་པར་ལྕག་སྐུལ་བྱས་ཡོད།

མཛུབ་ཁྲིད་བསམ་བློ་ལག་བསྟར་དང་དམིགས་ཚད་གཙོ་བོ་མངོན་འགྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་པར་གཙོ་བོ“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ཁོང་དུ་ཆུད་པ་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

འདིར་གཙོ་བོ“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས”དང“ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས”ལ་རྒྱས་བཤད་གཏིང་ཟབ་བྱས་ནས་གོ་བ་ལོན་ཚད་ཟབ་ཏུ་གཏོང་དགོས།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ང་ཚོ་ཚང་མས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཧ་ཅང་རྒྱུན་གཏན་དང་སྤྱིར་བཏང་མིན་པ་དངོས་སུ་བརྒྱུད་པ་དང་དེར་བདེན་དཔང་བྱས་པ་དང་། ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་པའི་འགག་རྩ་ཏང་ལ་ཐུག་དོན་ལ་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་ཡོད།

“ཏང་གི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞི་ནས་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་དང་དར་རྒྱས་ཡོང་ཐུབ”ཅེས་པ་དེ་ནི་ལོ་རྒྱུས་དང་ལག་ལེན་ལས་བྱུང་བའི་མཇུག་བསྡོམས་ཤིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་མ་ཟད། གཏན་འཁེལ་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། དེས་ན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཏང་གི་འགོ་ཁྲིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གཞི་ནས་རྩ་བའི་འགན་ལེན་མཁོ་འདོན་བྱེད་ཐུབ།

“སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་རང་རེའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་པས། སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པ་འདོན་རྒྱུར་ཐུག་ཡོད”རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་འགག་རྩའི་རྒྱུ་རྐྱེན་ནི། ང་ཚོས་ཁྲོམ་རའི་དཔལ་འབྱོར་གྱི་དགེ་མཚན་ཡག་པོ་སྤྱད་པ་མ་ཟད། ད་དུང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་ཡག་པོ་སྤྱད་པ་དེ་རེད། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པའི་བྱ་ཐབས་གལ་ཆེན་ཞིག་རེད།

ཁྲོམ་ར་ནི་ཆེས་དཀོན་པའི་ཐོན་ཁུངས་ཤིག་རེད། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ནི་རང་རྒྱལ་གྱི་ལེགས་ཆ་ཞིག་ཡིན། ལེགས་ཆ་འདི་མུ་མཐུད་ཆེ་རུ་ཇི་ལྟར་གཏོང་དགོས། ཁྲོམ་རའི་རང་འཕེལ་སྙོམ་སྒྲིག་ལམ་སྲོལ་དང་སྲིད་གཞུང་གི་སྤྱི་ཁོག་སྟངས་འཛིན་བྱ་ཐབས་ཟུང་འབྲེལ་བྱེད་པ་ནི་ཐབས་ལམ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཁྲོམ་རར་བརྟེན་ནས་སྣ་མང་ཅན་གྱི་མཁོ་སྤྲོད་དང་ཞབས་ཞུ་བསྒྲུབས་ནས་སྲིད་གཞུང་གི་ཁྲིད་སྟོན་དང་དངོས་དངོས་རྗེན་རྗེན་གྱི་རྒྱབ་སྐྱོར་བརྒྱུད་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་ནང་མཁོར་སྐུལ་ཁྲིད་དང་ཁེ་ལས་དང་དམངས་ལ་ཕན་པ་ཐོབ་པས། ནུས་ལྡན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གིས་མཐུན་སྦྱོར་ཤུགས་འདོན་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

སྲིད་གཞུང་གི་བྱ་སྤྱོད་ཇི་ཙམ་ཚད་ལྡན་བྱུང་ན་ཁྲོམ་རའི་ནུས་པ་དེ་ཙམ་གྱིས་ལེགས་པ་ཐོན་ཐུབ། 《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་གི་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》བཏོན་པ་ནས་ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་པར་གཞི་ལྔ་རིམ་འཇུག་ཁྱབ་བསྒྲགས་བྱས་པའི་བར་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་གཅིག་སྡུད་ཐོག་གཙང་སེལ་བྱེད་པ་ནས་སྲིད་ཇུས་གསར་པ་བཏོན་པ་དངགཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ལ་དཔྱད་དཔོག་བྱེད་པའི་བར་སོགས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེ་རུ་ཕྱིན་པ་དང་། སྒུལ་ཤུགས་བསྣན་པ། མི་མངོན་པའི་ནུས་པ་ཆེ་རུ་ཕྱིན་ཡོད།

མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་ཡོད་ཀྱི་རྒྱུ་རྐྱེན་དང་མངོན་གསལ་དོད་པའི་ལེགས་ཆ་མང་པོ་ལྡན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགག་རྩ་ནི་འཕེལ་རྒྱས་ཀྱི་གོ་སྐབས་ལ་སྟངས་འཛིན་དང་། དུས་མཚམས་ལ་དམ་འཛིན། ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་དབར་གྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ། “བྱ་ཐབས་གཉིས”བེད་སྤྱོད་གང་ལེགས་བྱེད་པ། གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་དང་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་གཏོད་པ། ཁྲིམས་སྐྱོང་དཔལ་འབྱོར་དང་ཡིད་རྟོན་དཔལ་འབྱོར་འཛུགས་སྐྱོང་བཅས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པར་ཐུག་ཡོད།

རི་ཆུ་ཁྲི་སྟོང་བརྒལ་ཟིན་ནའང་ད་དུང་ལ་ཀླུང་མང་པོ་བརྒལ་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས།“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་དང་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་མདུན་སྐྱོད་བྱས་ཚེ། ང་ཚོར་གཞི་ནས་རྒྱང་ལམ་གསར་པ་ནས་རང་འགུལ་དང་། ལེགས་ཆ། འབྱུང་འགྱུར་བཅས་ཐོབ་ངེས་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་འབྱོར་བའི་གློག་འཕྲིན)

(མཚམས་གཅོད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)


责任编辑:佚名

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com