ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་།

རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པ། ཁུལ་ཞིང་ལས་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་སྔོན་མའི་ཀྲུའུ་རེན་ཐལ་བུ་ལ་འཚམས་འདྲི་གནང་བའི་སྐབས་སུ། ཀྲང་ཝེ་ཏུང་གིས་མིག་སྔའི་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཚགས་བྱས་ཏེ། ཁོས་ཡུན་རིང་གཞི་རིམ་དུ་ལས་དོན་སྒྲུབ་པ་དང་ཞིང་གསུམ་ལ་ཞབས་ཞུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བླ་ན་མེད་པའི་གུས་འདུད་ཞུ་ནས། ཁོས་སྔོན་ཐོན་མིག་དཔེའི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཐོན་ལས་སྣེ་ཁྲིད་བྱེད་པའི་ཐོག་བྱས་རྗེས་གསར་པ་གཏོད་པར་སྐུལ་མ་གཏོང་པ་མ་ཟད། ད་དུང་འབྲེལ་ཡོད་ལས་ཁུངས་ཀྱིས་རང་འགུལ་ངང་འབྲེལ་བ་དང་མདུན་གྲས་ཀྱི་ཞབས་ཞུ་བྱས་པ་དང་། སྔོན་ཐོན་མིག་དཔེ་མི་སྒེར་ལ་སེམས་ཁུར་བྱས་ཏེ། དོན་དངོས་ཀྱི་དཀའ་ཁག་ཐག་གཅོད་བྱེད་རོགས་བྱས་ནས། ཁོ་ཚོའི་བྱ་གཞག་ལས་གཏོད་བྱས་པར་ཆ་རྐྱེན་དེ་བས་ཡག་པོ་ཞིག་བཞེངས་སྐྲུན་བྱེད་དགོས་ཞེས་མངགས་བཅོལ་བྱས།

ལས་བྱེད་པ་རྒན་གྲས་རྣམས་ཀྱིས་རྩ་འཛུགས་ཀྱི་ཐུགས་ཁུར་དང་འཚམས་འདྲི་བྱས་པར་ཐུགས་རྗེ་ཆེ་ཞུས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ལ་དགའ་སྣང་སྐྱེས། མ་འོངས་པའི་འཕེལ་རྒྱས་ཡོང་བར་ཡིད་ཆེས་དང་རེ་འདུན་ཆེན་པོ་ཁེངས་ཡོད། ཁོ་ཚོས་བདེ་ཆེན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སེམས་ཁུར་དང་རོགས་སྐྱོར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཞེས་སྟོན།
སུང་ཡུང་ལི་དང་ཀྲོང་ཞའོ་ཕིང་འཚམས་འདྲི་ནང་ཞུགས།
责任编辑:才让东周 达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཀྲང་ཝེ་ཏུང་གིས་ལས་བྲལ་ལས་འཁྱུར་ལས་བྱེད་པ་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པར་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཡིད་ཆེས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྣང་བརྙན་གསར་པ་དང་རྣམ་པ་གསར་པར་བརྟེན་ནས “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་སྒོ་ནས་‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ལེགས་གྲུབ་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འབའ་ལུང་རྫོང་གི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཡོངས་ཀྱི་རྣམ་གྲངས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་གྲོས་ཚོགས་འཚོགས།
བདེ་ཆེན་རུ་ཁག་5:6གི་སྐར་འབྲས་ཀྱིས་ཁུན་མིང་རུ་ཁག་ལས་ཕམ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ཉིས་སྟོང་བརྒྱ་མེད་ཉི་ཤུ་རྩ་དྲུག་ལོའི་ལོ་གསར་གྱི་ཤེས་ཚིག་ལ་བདེ་ཆེན་གྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
བདེ་ཆེན་སེམས་ཀྱི་ཉི་ཟླའི2026ལོའི་དམངས་ཡོངས་ལུས་སྦྱོང་དང་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་སྐབས་44པ་སྤེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108