中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱས།

རྩོམ་པ་པོ་:何雨桐 ཁྱབ་བསྒྲགས་དུས་ཚོད་:2026-03-09 17:45:16


ཟླ་3ཚེས་8ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དུ་ཡིག་བསྐུར་ངོ་བཅར་སྣེ་ལེན་ཞུ་བར་ཡོང་སྐབས།ཁོང་གིས་མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་།ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར།སེམས་རྣལ་དུ་ཕབ་ནས་ནུས་ཤུགས་ཡོད་རྒུས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་སྒྲུབ་པ།བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་མང་ཚོགས་ཀྱི་ལུགས་མཐུན་རེ་འབོད་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ཏེ མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འབའ་ལུང་རྫོང་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་དུ།ལུའོ་ཁྲའོ་ཧྥེང་གིས་ངོ་བཅར་ཡོང་བའི་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་དང་རེ་ཞུ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་།འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་ཟབ་མོ་དང་།ཡུལ་དངོས་ནས་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས་ཡོད།ཁོང་གིས་ཁོངས་གཏོགས་ཁུལ་དང་འབྲེལ་ཡོད་ལས་ཁུངས་ལ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དུས་ཚོད་ཁ་གསལ་བཟོ་བ།རྗེས་སྙེག་ལྟ་སྐུལ་དོན་འཁྱོལ་བཅས་བྱས་ཏེ།གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན།ངོ་བཅར་ཡོང་བའི་མང་ཚོགས་ཀྱིས་གནད་དོན་ལ་དུས་ཐོག་ཏུ་ལན་བཏབ་པ་དང་ཐག་གཅོད་འོས་འཚམ་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད།རིམ་ཁག་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་།ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ།“གནད་ལ་འཁེལ་བ་གསུམ་དང་ཐག་གཅོད་གཅིག”གི་ལས་ཀའི་བླང་བྱ་མཐའ་འཁྱོངས་བྱེད་པ།མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཡིག་བསྐུར་ངོ་བཅར་ལས་དོན་དེ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱས་ནས་དངོས་གནས་དྲང་གནས་ཀྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱས་ཏེ་གྱོད་དཔེ་སྒྲུབ་རིང་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱེད་མཁས་པོ་དང་།ལས་ཀའི་ཁྲོད་ཀྱི་ཞན་ཆ་དང་ཞན་ཆ་བཙལ་འཚོལ་གཏིང་ཟབ་བྱེད་པ།ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ལ་བརྒྱུད་རིམ་ལྡན་པའི་ངང་གྲལ་བཤེར།ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ།ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།མང་ཚོགས་ཀྱི“དོན་དག་ཡོད་ན་གོང་ལ་ཞུ་བ”དེ་ལས་བྱེད་པར་འགྱུར་བ་གཏོང་བ།ཡིག་བསྐུར་ངོ་བཅར་ལས་དོན་དེ“དོན་དག་རིགས་གཅིག་ཐག་གཅོད་བྱེད་པ”ནས“དོན་དག་གཅིག་ཐག་གཅོད་བྱེད་པའི”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་བ།ལས་ཀའི་འགན་འཁྲི་ནན་དུ་གཏོང་བ།ཡིག་བསྐུར་ངོ་བཅར་གྱི་དོན་དག་སྒྲུབ་གཉེར་གྱི་ཕན་འབྲས་ཆེ་རུ་གཏོང་བ།རིམ་ཁག་ཡིག་བསྐུར་ངོ་བཅར་སྡེ་ཚན་གྱིས་མཐུན་སྦྱོར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ངོ་བོ་གསལ་འབྱེད་དང་དོ་དམ་ཁ་གསལ་བཟོ་བ་བཅས་བྱས་ཏེ་གཞན་ལ་སྒྲུབ་རྒྱུར་འགན་ལེན་བྱེད་དགོས།འགན་ནུས་སྡེ་ཚན་གྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་གོ་རིམ་ལྟར་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཡིག་བསྐུར་ངོ་བཅར་གྱི་དོན་དག་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་པ་དང་།དུས་རབས་གསར་པའི་ཉམས་མྱོང་ལ་གཞིགས་ནས་གནད་དོན་གྲལ་བཤེར་དང་ཐག་གཅོད་ཡག་པོ་བྱེད་པ།

ཞུང་ཝུན་པིན་དང་འབའ་ལུང་རྫོང་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་ཐེངས་འདིའི་ངོ་བཅར་སྣེ་ལེན་བྱེད་པར་ཞུགས་ཡོད།





责任编辑:仁欠才让

  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com