中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་གཟིགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་། 

རྩོམ་པ་པོ་:贡秋次仁 ཁྱབ་བསྒྲགས་དུས་ཚོད་:2026-04-24 14:14:01


སྐྱ་རེངས་སྐབས་སུ། ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་འཁྱགས་ངོས་སུ་སྨུག་པ་སྲབ་མོ་ཞིག་ལྡང་། རྒྱང་རིང་གི་ཤྭ་ཁ་གངས་རི་ད་དུང་སྔོ་ཐིང་ཐིང་གི་ནམ་མཁའི་དབྱིངས་སུ་སྦས་ཡོད། རི་རྩེ་ནས་གསེར་མདོག་གི་ཉི་མ་ཤར་ལ་ཉེ་བའི་སྔོན་བརྡ་གཏོང་བཞིན་ཡོད། 

图片


“སླེབས་བྱུང་།  ཁྱོད་ཕ་གིར་གཟིགས་དང”ཞེས་སྐད་ཤུགས་ཆུང་ངུས་སྤྲོ་སྣང་འགོག་ཐབས་མེད། ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་སྐོར་སྲུང་བ་ཡའོ་ཡུང་ཆིང་གིས་མཚོ་ཁུག་གི་ཕྱོགས་སུ་མཛུབ་མོ་བསྟན།  ཁོས་སྟོན་པའི་ཁ་ཕྱོགས་སུ་ལྟ་ནས།  ཁྲུང་ཁྲུང་སྐེ་ནག་བཅུ་གྲངས་ལྷག་ཆུ་ངོས་སུ་གཤོག་ཟུང་རྣམ་པ་བརྐྱངས་ནས་མཁའ་དབྱིངས་སུ་གར་ལ་རྩེན། 

འདི་ནི་2026ལོའི་ལོ་སྟོད་དུ་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་རྒྱུན་གཏན་གྱི་ཞོགས་པ་ཞིག་ཡིན། 

图片

     ནགས་ཕག་མཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འདམ་ར་ཞིག་དང་། ཡུན་ནན་ཞིང་ཆེན་གྱི་འཕྲེད་ཐིག་དམའ་བ་དང་མཚོ་འཕགས་མཐོ་ཤོས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་དུས་ཚིགས་རང་བཞིན་གྱི་འདམ་ར་ཞིག་ཡིན།  2004ལོར་《རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་ཐོ་》ནང་བཅུག་སྟེ།  འདམ་རའི་སྐྱེ་ཁམས་མ་ལག་གིས་ཆུ་ཁུངས་གསོ་འཁྱོངས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གནམ་གཤིས་སྙོམས་སྒྲིག་བཅས་ཀྱི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པས།  དུས་བྱ་མང་པོ་གནས་སྤོ་ཁྲོད་ཀྱི་ངལ་གསོ་རྒྱག་ས་དང་དགུན་བརྒལ་ས་ཞིག་རེད། མིག་སྔར།   བསྡོམས་པའི་བྱ་རིགས་272ཟིན་ཐོར་བཀོད་དེ།  ཁྲུང་ཁྲུང་སྐེ་ནག་གི་དབུས་རྒྱུད་ཁྱུ་ཚོགས་ཀྱི་དགུན་བརྒལ་ས་གལ་ཆེན་ཞིག་ཡིན་ཞིང་།  ལོ་ལྟར་དགུན་དུས་སུ་ནགས་ཕག་མཚོར་དགུན་བརྒལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་གྱིས་དབུས་རྒྱུད་ཀྱི་གནས་སྤོ་ཁྱུ་ཚོགས་ཀྱི་90%ཡན་ཟིན་ནས། བྱ་རིགས་དགའ་མཁན་ཚོའི་ཡིད་དབང་འཕྲོག་ཤོས་ཀྱི་ས་ཆ་ཞིག་རེད། 

图片

 ཡའོ་ཡུང་ཆིང་གིས་སྐོར་སྲུང་བའི་འགན་ཁུར་ནས་ལོ་8ཟིན། ཁོས་བྱ་རིགས་ཀྱི་སྐོར་གླེང་སྐབས་ཁྱིམ་གྱི་ནོར་བུ་ལྟར་བཤད། “ཁྲུང་ཁྲུང་སྐེ་ནག་ནི་སེམས་ཀྱི་ཉི་ཟླར་རྒྱུས་ཡོད་ཆེ་ཤོས་ཀྱི་མགྲོན་པོ་ཞིག་རེད།  ཁོས་སྐད་ཤུགས་ཆུང་ངུས་“རྒྱུན་སྲོལ་ལྟར་ལོ་རེའི་ཟླ་བཅུ་པའི་ཟླ་སྨད་དུ་འཕུར་ཡོང་སྟེ།  ཕྱི་ལོའི་ཟླ་གསུམ་པར་ཁ་བྲལ་གྱི་ཡོད།  འོན་ཀྱང་ད་ལོའི་ཟླ་བཞི་པར་ད་དུང་300ལྷག་ཙམ་དེ་གར་བསྡད་ཡོད།  དེ་ཐོག་ནས་ནགས་ཕག་མཚོའི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་མཚོན་ཐུབ། ” 

    ལོ་མང་པོའི་སྔོན་ལ་དེ་འདྲ་མིན། ཡའོ་ཡུང་ཆིང་གིས་དུས་རབས་20པའི་ལོ་རབས་90པར། ནགས་ཕག་མཚོའི་མཐའ་འཁོར་དུ་ཕྱུགས་འཚོ་དྲགས་པའི་རྐྱེན་གྱིས་འདམ་རའི་རྒྱ་ཁྱོན་ཆུང་དུ་ཕྱིན། “སྐབས་དེ་དུས་མི་སེར་ལའང་དཀའ་ངལ་ཡོད་པས་རི་ཁའི་ལྟོ་རྟེན་རི་ཡིན་པས་ནོར་ལུག་མ་གསོས་ན་འཚོ་བ་ཇི་ལྟར་སྐྱེལ་དགོས་སམ་ཞེས་བཤད། ” 

图片

ཉེ་བའི་ལོ་བཅུ་རིང་ལ་འགྱུར་ལྡོག་བྱུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ། འདམ་ར་སླར་གསོ་དང་སྐྱེ་ཁམས་ཁ་གསབ། སྐོར་སྲུང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས། ནགས་ཕག་མཚོ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཏེ། བྱ་ཇེ་མང་དུ་འགྲོ་བ་མ་ཟད་ཡུལ་སྐོར་བའང་མང་དུ་ཕྱིན། 

སྐྱེ་ཁམས་སྐོར་སྲུང་པ་ཞིག་ཡིན་པས་ཡའོ་ཡུང་ཆིང་དང་ཁོའི་ལས་རོགས་ཚོས་ཉིན་ལྟར་རྐང་ཐང་སྐོར་སྲུང་བྱེད་དེ། འདམ་རར་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་གྲལ་བཤེར་བྱེད་པ་དང་དུས་བྱར་རྨས་སྐྱོན་ཕོག་ཡོད་མིན་ལྟ་ཞིབ་བྱེད་པ་མ་ཟད། ཡུལ་སྐོར་བར་ཡ་རབས་ངང་བྱ་རིགས་ལ་ལྟ་བར་ཁྲིད་སྟོན་བྱེད་ཀྱི་ཡོད། “ང་ཚོས་གཏན་འཇགས་ཀྱི་བྱ་རིགས་ལ་ལྟ་བའི་ས་ཚིགས་ཁ་ཤས་བཙུགས་ཏེ། དངོས་འབྲེལ་མཐོང་ཐུབ་པ་མ་ཟད་བྱ་རིགས་ལ་དཀྲོག་རྐྱེན་ཡང་མི་བཟོ། སྐོར་སྲུང་བྱེད་རིང་ང་ཚོས་ཡུལ་སྐོར་བ་གནས་དེ་དག་ལ་ཁྲིད་སྟོན་བྱེད་ཀྱི་ཡོད་ཅེས་བཤད། ” 

图片

འདི་ལོའི་ཟླ་དང་པོར་སྤེལ་བའི་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”དང་“སྐྱེ་ཁམས་བདེ་ཆེན། བྱ་རིགས་ཀྱི་ལྷ་ཡུལ”སྐབས་བརྒྱད་པའི་བྱ་གཟིགས་བྱེད་སྒོའི་ནང་། ས་གནས་ཁག་ནས་ཡོང་བའི་བྱ་རིགས་ལ་དགའ་མཁན་དང་པར་རྒྱག་ལ་དགའ་མཁན་ཚོ་ཡིས་མཐོ་སྒང་དུ་འཛོམས།འགྲན་ཞུགས་རུ་ཁག་8ཀྱིས་ནགས་ཕག་མཚོ་དང་ཉི་ཤར་ཤང་སོགས་ལྟ་དཔྱད་ཚད་ལེན་ས་ཁོངས་10ལྷག་ཙམ་དུ། བསྡོམས་པའི་ནུས་ལྡན་གྱི་བྱ་རིགས་223ཐོ་འགོད་བྱས་ཏེ། དུས་དེ་ནས་བཟུང་རང་ཁུལ་གྱིས་བྱ་རིགས་454ཐོ་འགོད་བྱས་པ་རེད། པེ་ཅིང་བྱ་ལ་དགའ་བའི་རྒྱལ་སྤྱིའི་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཧྥུང་གིས་“གངས་རིའི་བརྗིད་ཆགས་པ་དང་གཙང་ཆུ་རྒྱས་ཏེ། སེམས་ཀྱི་ཉི་ཟླ་ནི་བྱ་རིགས་ཀྱི་ཞིང་ཁམས་རེད་”ཅེས་བཤད་བྱུང་།

    བྱེད་སྒོ་སྤེལ་རིང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་དང་བླངས་པས་ད་དུང་དཔལ་ཡོན་ངང་བྱ་གཟིགས་ཀྱི་གྲོས་འགོ་བཏོན་ནས། “ཤུལ་མེད་ལྟ་ཞིབ་ཚད་ལེན”གྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། བྱ་རིགས་ཀྱི་རྒྱུན་གཏན་འཚོ་སྡོད་ལ་འགོག་རྐྱེན་བཟོ་མི་ཆོག ཕྱི་རོལ་གྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་ཆོག་པའི་འབོད་སྐུལ་བཏང་བ་རེད། 

图片

2026ལོའི་ལོ་འགོ ནགས་ཕག་མཚོར་ཁྲུང་ཁྲུང་སྐེ་ནག་573ལྟ་ཞིབ་ཚད་ལེན་ཐུབ་ནས། ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ནས་བཟུང་གི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། “བྱིའུ་ཡོད་སར་བསོད་ནམས་ཡོད་”ཅེས་ཡའོ་ཡུང་ཆིང་གིས་མྱོང་ཚོར་ཟབ་མོས་བཤད། གྲོང་ཚོའི་ནང་གི་མི་མང་པོ་ཁོ་དང་འདྲ་བ་འབྲོག་པ་ནས་སྐྱེ་ཁམས་སྐོར་སྲུང་པ་དང་བྱ་ལ་ལྟ་བའི་ཁྲིད་སྟོན་པ།  དམངས་སྲོལ་སྡོད་ཁང་གཉེར་སྐྱོང་པ་བཅས་སུ་གྱུར་ཡོད། 

    མཚོ་འགོ་རྟ་རའི་བདག་པོ་རྒྱ་མཚོ་འདི་ཐམས་ཅད་བདེན་དཔང་བྱས། རྟ་ར་ནི་ནགས་ཕག་མཚོའེ་སྐོར་ལམ་ཐོག་གི་ཉི་ཤར་གྲོང་ཚོར་གནས་པ་དང་2004ལོར་བསྐྲུན་ཞིང་། དེ་སྔ་སྐབས་ཤིག་རིང་གཉེར་སྐྱོང་ཐད་དཀའ་ངལ་འཕྲད་མྱོང་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། ནགས་ཕག་མཚོ་སྔར་བས་མཛེས་སྡུག་ལྡན་པར་གྱུར་པ་དང་བསྟུན་ནས། མཚོ་འགོ་རྟ་ར་ཡང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། རྒྱ་མཚོ་ཡིས་“མི་མང་བའི་དུས་སུ་ཉིན་གཅིག་ལ་མི་ཐེངས་1400ཙམ་ལ་སྣེ་ལེན་བྱ་ཐུབ། རྟ་རའི་བོགས་དངུལ་ཡང་ལྡབ་འཕར་བྱུང་ཡོད”ཅེས་བཤད། 

图片

སྐྱེ་ཁམས་ཁོར་ཡུག་བཟང་བས་མི་སེར་ལ་དངོས་ཡོད་ཀྱི་བདེ་སྐྱིད་ཚོར་སེམས་ཤིག་མང་དུ་ཕྱིན་ཡོད། བྱེའུ་སླེབས་བྱུང་མིའི་གདོང་ལ་འཛུམ་མདངས་འཕྱུར་བྱུང་། འདི་ནི་ལོ་བཟང་བོ་ཞིག་རེད། 

འགན་འཁུར་རྩོམ་སྒྲིག་པ།:此里追格

  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com