中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མཆིན་ཚིལ་ནད་ཕོག་འདོད་མེད་ན། ཟས་སྤྱོད་འདི་དག་སྤངས་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-04-24 16:30:29

ད་བར་མཆིན་ཚིལ་ནད་དེའང་རྒྱུན་མཐོང་གི་ནད་རིགས་ཤིག་ཏུ་གྱུར་ཡོད་མོད། ཡིན་ནའང་མཆིན་ཚིལ་ནད་ཕོག་མཁན་མང་ཆེ་བས་རང་ཉིད་ལ་ན་ཚ་འདི་ཕོག་པ་ཤེས་ཀྱི་མེད། སྤྱིར་ན་ནད་རིགས་འདིར་མངོན་གསལ་དོད་པའི་ནད་རྟགས་ཅི་ཡང་ཐོན་མི་སྲིད་ཀྱང་། གཟུགས་པོའི་བདེ་ཐང་ལ་གནོད་ངེས་རེད།

མི་མང་པོ་ཞིག་གིས་མཆིན་ཚིལ་ནད་འདི་ན་ཚ་ཆུང་ཆུང་ཞིག་རེད་བསམས་ནས་སྣང་བ་དེ་ཙམ་བཞག་གི་མེད། དོན་དངོས་ཐོག་དེར་སྣང་ཆུང་མི་བྱེད་པར་ཡིན་གཅིག་དོ་སྣང་བྱེད་དགོས།

མཆིན་ཚིལ་ནད་ཀྱི་སློང་རྐྱེན་གང་ཡིན་ནམ།

དུས་རྒྱུན་དུ་བཟའ་བཏུང་ཚོད་མི་བྱེད་པ་དང་འཚོ་བཅུད་ལ་དོ་སྣང་མི་བྱེད་པར། ཤ་རིགས་ཟས་དྲགས་པ་མ་ཟད། སྔོ་ཚལ་དང་ཤིང་ཏོག་མི་ཟ་བའི་གོམས་གཤིས་ངན་པ་ལས། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་ན། མཆིན་ཚིལ་ནད་ཕོག་གི་ཡོད།

བཏུང་བྱ་མང་ཆེ་བར་མངར་ཆ་མང་པོ་འདུས་ཡོད། མངར་ཆ་མང་པོ་བསྟེན་པ་ནི་བྱིས་པ་དང་དར་མར་མཆིན་ཚིལ་ནད་ཕོག་པའི་སློང་རྐྱེན་གཙོ་བོ་རེད།

རྒྱུན་དུ་ནས་ཐཱན་ཆུ་འདྲེས་འགྱུར་གྱི་ཟས་རིགས་མང་པོ་བཟས་ན། མཆིན་ཚིལ་ནད་ཕོག་སླ་པོ་ཡོད།

མཆིན་ཚིལ་ནད་ཇི་ལྟར་བཅོས་དགོས་སམ།

ཤ་རྒྱགས་པ་ནི་མཆིན་ཚིལ་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་རེད། ཤ་རྒྱགས་པ་མང་ཆེ་བར་མཆིན་ཚིལ་ནད་ཕོག་ཡོད། དེ་ཕྱིར་མཆིན་ཚིལ་ནད་བཅོས་དགོས་ན། ངེས་པར་དུ་ལུས་ཤ་སྐེམ་དུ་གཏོང་དགོས།

ཉིན་ལྟར་ལུས་སྦྱོང་བྱེད་དགོས་ཤིང་། ཐེངས་རེར་ལུས་རྩལ་སྐར་མ་30ཡན་རྩེད་ན་ལུས་པོ་སྐེམ་རྒྱུར་ཕན་ཐོགས་ཡོད།

གཞན་ཡང་། མཆིན་ཚིལ་ནད་འདི་སྤྱིར་ན་ཆང་རག་དང་འབྲེལ་བ་ཆེན་པོ་ཡོད། མཆིན་ཚིལ་ནད་ཡོད་ཚེ་རབ་བྱུང་ན་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་ཆེད་ཆང་རག་སྤོངས་དགོས།

དགོས་པ་ཡོད་ཚེ། མཆིན་ཚད་ཀ་པ་དང་། མཆིན་ཚད་ཁ་པ། ཆམ་རིམས། དེ་བཞིན་གློ་བའི་གཉན་རིམས་སོགས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ནས། མཆིན་པར་སྲུང་སྐྱོང་ཡག་པོ་བྱེད་དགོས།

རྣམ་ཀུན་འཚོ་བའི་ཁྲོད་དུས་ཡུན་རིང་པོར་ཐཱན་ཆུ་འདྲེས་འགྱུར་གྱི་ཟས་རིགས་མང་པོ་ཟ་བ་དང་། ལུས་སྦྱོང་བྱེད་པར་དགའ་པོ་མེད་པ། ཤ་རྒྱགས་པ་ཆགས་པ་བཅས་ཡིན་ཕྱིན། མཆིན་ཚིལ་ནད་ཕོག་ཉེན་ཆེ་བས། ངེས་པར་དུ་རང་ཉིད་ཀྱི་གཟུགས་གཞིའི་བདེ་ཐང་ལ་དོ་སྣང་མང་ཙམ་བྱེད་དགོས།



  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com