ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་།

ཟླ་12པའི་ཚེས་15ཉིན། ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་ཡུལ་དངོས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་རྩོམ་སྒྲིག་ལས་སྟེགས་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་12་པའི་ཚེས་15་ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ལ་ཆེད་དོན་རྟོག་ཞིབ་གནང་ཞིང་བཞུགས་མོལ་ཚོགས་འདུ་འཚོགས་པར་གཙོ་སྐྱོང་གནང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱ་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་ལྟེ་གནས་སུ་རྩོམ་སྒྲིག་པ་དང་སྤེལ་རེས་གནང་།
ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་བདེ་ཆེན་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བཅར་འདྲི་ལྟེ་གནས། སྨྱན་སྦྱོར་གསར་པའི་སྤེལ་གཉེར་སྲུང་སྐྱོང་ལྟེ་གནས། སྨྱན་སྦྱོར་མཉམ་འདྲེས་བཀོད་འདོམས་ལྟེ་གནས། བདེ་ཆེན་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་ལྟེ་གནས་སོགས་ཀྱི་ཚན་ཁག་གི་ལས་བྱེད་ལས་བཟོ་བ་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་ལས་དོན་ངོ་སྤྲོད་བྱས་པར་གསན། ཁོང་གིས། ཚང་མས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ཏེ། ཏང་གི་སྲིད་ཇུས་འདོད་ཚུལ་ཁྱབ་སྤེལ་བྱེད་མཁན་དང་དུས་རབས་གསར་པའི་འཕེལ་རྒྱས་གྲུབ་འབྲས་ཟིན་ཐོ་འགོད་མཁན། མང་ཚོགས་ཀྱི་སྙིང་ཉེ་བའི་སྐད་བརྒྱུད་སྤྲོད་མཁན་བཅས་བྱས་ནས་སྤུས་ཚད་མཐོ་བའི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་སློང་གནང་།

ལུའོ་ཁྲའོ་ཧྥེང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པར་གཙོ་སྐྱོང་གནང་།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་བཙུགས་ནས་ལོ་གཅིག་གི་རིང་། སྒྲིག་གཞི་དང་ལམ་ལུགས། ལས་སྟེགས། མི་སྣ་སོགས་ཀྱི་ཐད་ནས་དངོས་ལུགས་བསྣན་པ་ནས་རྫས་འགྱུར་མཉམ་འདྲེས་བྱེད་པའི་བར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་སྒྱུར་བཅོས་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པས། ཏང་གིས་བསམ་བློ་དྲིལ་བསྒྲགས་ཀྱི་གཙོ་རྒྱུན་གླེང་ཕྱོགས་ལས་དོན་ལ་འགོ་ཁྲིད་བརྟན་པོ་གནང་སྟེ། གཙོ་རྒྱུན་འདུ་ཤེས་འཛིན་སྟངས་རྒྱ་ཆེ་རུ་གཏོང་བ་དང་། ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱས་ཏེ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་རིགས་དབྱེ་བ་དང་ཁྱད་པར་ཅན་དུ་ཁྱབ་སྤེལ་བྱ་བར་མཐོང་ཆེན་བྱས་ཤིང་། བློ་སྦྱོང་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་པ་དང་ཉན་བསམ་པའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་སྐོར་གྱི་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་སེམས་སུ་སྐྱེལ་དགོས། གཙོ་རྒྱུན་སྨྱན་སྦྱོར་གྱི་སྣེ་ཁྲིད་ནུས་པ་དང་ཁྱབ་སྤེལ་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། སྨྱན་སྦྱོར་ཁྱབ་སྤེལ་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པ། སྒུལ་བདེའི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས་ཁྱབ་སྤེལ་གྱི་དུས་ནུས་རང་བཞིན་དང་བྱེད་སྟངས་ཐད་རྒྱུན་མཐུད་ངང་མཐོར་འདེགས་དང་གསར་གཏོད་བྱས་ཏེ་ནང་དོན་གྱི་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་བདེ་ཆེན་གྱི་གཏམ་རྒྱུད་ཡག་པོ་བཤད་དེ། བརྒྱད་ལྟ་ལྔ་བསྡུར་ཞེས་པ་སོགས་བྱེད་སྒོར་དམིགས་ཏེ་མང་ཚོགས་ཀྱི་ཟས་སྤྱོད་སྡོད་གསུམ་དང་སྨན་བཅོས། སློབ་སྦྱོང་། རྒན་གསོ། དབང་ཆ་སོགས་ཉེ་འགྲམ་གྱི་འགྱུར་ལྡོག་ནས་འགོ་བརྩམས་ཏེ་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་མཐུན། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ཀྱི་གནས་ཚུལ་སྤེལ་གཏོང་གཏིང་ཟབ་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བདེ་ཆེན་དུ་ལག་ལེན་བསྟར་ཡོད་པ་མངོན་དགོས། ལྟེ་གནས་ལ་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་སྟེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་གཙོ་གནད་སྤེལ་གཏོང་བྱས་པ་བརྒྱུད། བརྡ་རྟགས་བརྒྱུད་སྤྲོད་དང་སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགན་ནུས་སྡེ་ཚན་ཁག་དང་མཉམ་འགུལ་བྱ་བར་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཇུས་འགོད་གནད་ལ་འཁེལ་བ་བྱས་ནས་གསར་འགྱུར་ཁྱབ་སྤེལ་དང་བྱ་གཞག་འཕེལ་རྒྱས་གཉིས་ཟློས་མཐུན་མཉམ་འདར་མངོན་འགྱུར་བྱུང་དགོས། ལས་བྱེད་པའི་ནུས་པ་དང་བྱང་ཚད་མུ་མཐུད་དུ་མཐོར་འདེགས་བཏང་སྟེ། གསར་འགྱུར་ལས་དོན་པས་རྒྱུན་ཆད་མེད་པར་འགྲོ་ནུས་དང་ལྟ་ནུས། བསམ་ནུས། འབྲི་ནུས་བཅས་ཇེ་ཆེར་གཏོང་བ་ཁྲིད་སྟོན་བྱས་ནས། མཉམ་འདྲེས་ལག་ལེན་ཁྲོད་སྨྱན་སྦྱོར་གྱི་ཤེས་ལྡན་མི་སྣར་གྱུར་ཏེ། སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས།
ཁྲེན་ཆུན་དང་ལུའུ་ཀྲི་ཅུན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་ནང་ཞུགས།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།
“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།
ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
