ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་སོ་སོར་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པ་རུ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དེ་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རྩ་བ་གསོ་ཞིང་བློ་སྦྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ལ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་ཀྱི་མཐུན་སྦྱོར་སྐྱེད་སྲིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱ་ཆེའི་ནར་མ་སོན་པའི་མིས་ཕུགས་བསམ་ཆེན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་། ཀུན་སྤྱོད་དང་གོམས་གཤིས་བཟང་པོ་ཆགས་པར་བྱས་ཏེ། ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རང་འགན་ལེགས་སྒྲུབ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།
ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟླ12ཚེས15ཉིན་པེ་ཅིན་དུ་འཚོགས། ཚོགས་འདུ་ལས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཚའེ་ཆི་ཡིས་གསུང་བཤད་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་གཟིགས་རྒྱང་རིང་ཞིང་གནད་ལ་འཁེལ་ཡོད་ལ། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། དམིགས་གཏད་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པས། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།
ཚའེ་ཆི་ཡིས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནར་མ་སོན་པའི་མི་ཡི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱ་རྒྱུ་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། དུས་རབས་གསར་པར་ནར་མ་སོན་པའི་མི་ཡི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་པའི་ཁ་ཕྱོགས། འགན་འཁྲི་དང་ལས་འགན། ཐབས་ལམ་དང་བྱེད་ཐབས་བཅས་གསལ་བོར་བཏོན་ནས། ནར་མ་སོན་པའི་མི་ཡི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་གི་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཚའེ་ཆི་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ནར་མ་སོན་པའི་མི་ཡི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་དང་སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྒྱ་ཆེའི་ནར་མ་སོན་པའི་མི་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ་དང་། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་པ། ཤེས་བྱ་མང་དུ་གསོག་པ། འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཕྱོགས་བསྡུས་འཇོན་ཐང་མཐོ་རུ་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སློབ་གྲྭའི་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། ཀུན་སྤྱོད་ཀྱི་སློབ་གསོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། གསོ་སྐྱོང་ལྔ་མཉམ་འདྲེས་ཡོང་བར་མཐོང་ཆེན་བྱེད་དགོས། ཁྱིམ་ཚང་གི་སློབ་གསོ་ལ་མཐོང་ཆེན་དང་ཤུགས་བསྣན་ནས། ཁྱིམ་ཚང་སློབ་གསོའི་རྨང་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་དང་རིག་གནས་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་ནས། བྱིས་པ་ཚོར་རིག་གནས་ཐོན་རྫས་ཡག་པོ་གསར་རྩོམ་དང་ཐོན་སྐྱེད་བྱེད་པ། རིག་གནས་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་དགོས། དྲ་ཐོག་ནས་མི་གསོ་སྐྱོང་བྱེད་ནུས་ཤུགས་ཆེན་པོས་ཆེ་རུ་གཏོང་བ་དང་། ནར་མ་སོན་པའི་མི་ཡི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་དགོས། ནར་མ་སོན་པའི་མི་ཡི་ལུས་སེམས་གཉིས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་བ་དང་། ནར་མ་སོན་པའི་མི་ཡི་སེམས་ཁམས་བདེ་ཐང་ཡོང་བའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་གང་མགྱོགས་བྱེད་དགོས། ནར་མ་སོན་པའི་མི་ཡི་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ནར་མ་སོན་པའི་མི་ཡིས་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱེད་དགོས། ཏང་གིས་ནར་མ་སོན་པའི་མི་ཡི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་པར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་མཉམ་དུ་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ལི་ཧྲུའུ་ལེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།
ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། སློབ་གསོ་པུའུ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། པེ་ཅིན་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། ནང་སོག་རང་སྐྱོང་ལྗོངས་ཨེ་ཨར་ཏུའོ་སི་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། ནར་མ་སོན་པའི་མི་ཡི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་གཞི་རིམ་ལས་སྒྲུབ་པའི་འཐུས་ཚབ་བཅས་ཀྱིས་གཏམ་བཤད། །
责任编辑:次称曲批 七林卓玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།
“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།
ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།
བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།
ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
