中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རིམས་འགོག་སྨན་ཁབ་རྒྱག་པ་ནི་ཆམ་རིམས་འགོག་པའི་ནུས་ལྡན་བྱ་ཐབས་ཡིན།

ཁྱབ་བསྒྲགས་དུས་ཚོད་:2025-12-16 16:46:24 འབྱུང་ཁུངས་:中央广播电视总台藏语

མི་མི་ཉུང་བ་ཞིག་་རིམས་འགོག་སྨན་ཁབ་བརྒྱབ་མོད། ད་དུང་ཆམ་རིམས་ཕོག་དོན་ག་རེ་ཡིན་ནམ་སྙམ་པའི་དོགས་སྣང་ཞིག་སྐྱེ་ཡི་ཡོད། རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་མི་མང་པོ་ཞིག་གི་ངོས་ནས་བརྗོད་ན་འགན་སྲུང་ཞིག་མིན་པ་དང་འདྲ་པོ་ཡོད། འོ་ན། རིམས་འགོག་སྨན་ཁབ་ཀྱིས་ཡང་སྙིང་ནུས་པ་ཅི་འདྲ་ཞིག་ཐོན་གྱི་ཡོད་དམ། ལོ་ལྟར་རིམས་འགོག་སྨན་ཁབ་རྒྱག་དོན་གང་ཡིན་ནམ། 

རིམས་འགོག་སྨན་ཁབ་ཀྱིས་ཟླ་བ་དྲུག་ནས་བརྒྱད་བར་སྲུང་སྐྱོབ་བྱེད་སྲིད་པས། ལོ་ལྟར་སྨན་ཁབ་རྒྱག་དགོས། 

པེ་ཅིང་ཡིའུ་ཨན་སྨན་ཁང་གི་འགོས་ནད་ཕྱོགས་བསྡུས་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཏུང་ཙེང་གིས། དེ་ནི་ང་ཚོས་རིམས་འགོག་སྨན་ཁབ་ལ་རེ་བ་འཆང་བའི་གནད་དོན་ཞིག་ཡིན། ང་ཚོས་རིམས་འགོག་སྨན་ཁབ་ཞིག་གིས་ཁྱབ་རྒྱ་ཆེ་ཞིང་ཡུན་རིང་སྲུང་སྐྱོབ་ཐུབ་པའི་རེ་བ་བཅངས་ཡོད། དཔེར་ན། རིམས་འགོག་སྨན་ཁབ་བརྒྱབ་ཚེ། ཆམ་རིམས་ཀྱི་དུག་སྡོང་ཚང་མར་ཁེབས་ཐུབ་པ་མ་ཟད། ཐ་ན་ཆམ་རིམས་ཀྱང་མི་ཕོག་པར་འདོད་ཀྱིན་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱུན་སྲིང་ཐུབ་རེ་བྱེད་ཀྱི་ཡོད། དཔེར་ན་རིམས་འགོག་སྨན་ཁབ་ཁ་ཤས་ང་ཚོས་ཚེ་གང་རིང་ཐེངས་གཅིག་བརྒྱབ་ན་ཆོག་ལ། རིམས་འགོག་སྨན་ཁབ་ནི་ཡག་ཤོས་བྱུང་ན། ཚེ་གང་སྲུང་སྐྱོབ་བྱེད་པའམ་ཡང་ན་ལོ་འགའི་དུས་ཚོད་ལ་སྲུང་སྐྱོབ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།图片

འོན་ཀྱང་མིག་སྔའི་ལག་རྩལ་གྱི་ཆུ་ཚད་དེ་ལྟར་ལ་སླེབས་མེད། རིམས་འགོག་སྨན་ཁབ་ཀྱིས་ཟླ་བ་6ནས་8ཙམ་ལས་སྲུང་སྐྱོབ་བྱེད་མི་ཐུབ། དགུན་ཁ་དང་ཆམ་རིམས་དུས་ཚིགས་རྗེས་མར་སྲུང་སྐྱོབ་ཐུབ་ཀྱི་མེད་པས། ང་ཚོས་ལོ་ལྟར་སྨན་ཁབ་རྒྱག་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཡིན་ཞེས་གསུངས་པ་རེད།   

ཆམ་རིམས་ནད་དུག་གཞན་འགྱུར་སླ་བས།ལོ་ལྟར་ཁྱབ་པའི་དུག་སྡོང་ནི་ལོ་གོང་མ་དང་འདྲ་ཡི་མེད། 

ལོ་ལྟར་དགུན་ཁར་ཁྱབ་པའི་དུག་སྡོང་ལ་སྔོན་དཔག་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ལོ་ལྟར་ཟླ་2པ་དང་ཟླ་3པའི་ནང་། གོ་ལའི་ཕྱེད་བྱང་མའི་རིམས་འགོག་སྨན་ཁབ་ཁེ་ལས་ལ་དཔྱད་གཞི་འདོན་སྤྲོད་བྱས་ཏེ། ད་ལོར་དུག་སྡོང་རྐང་གང་ཞིག་ཁྱབ་སྲིད་པར་བལྟས་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་འགོ་ལྟར་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱ་དགོས།

རིམས་འགོག་སྨན་ཁབ་ཐོན་སྐྱེད་ཚར་རྗེས། ཟླ་7པ་དང་ཟླ་8པ་ནས་མཁོ་སྤྲོད་བྱེད་འགོ་ཛུགས་དགོས་པ་དང་། ཟླ་9པ་དང་ཟླ་10པའི་ནང་སྨན་ཁབ་རྒྱག་དགོས། རིམས་འགོག་སྨན་ཁབ་ནི་སྔོན་དཔག་བྱས་པ་ཞིག་ཡིན་པས། གལ་ཏེ་སྔོན་དཔག་ཅུང་ཡང་དག་བྱུང་ཚེ། ད་ལོར་ཁྱབ་པའི་དུག་སྡོང་དང་མཐུན་པས། དེའི་སྲུང་སྐྱོབ་ཐུབ་ཚད་བརྒྱ་ཆ་60ཡན་ལ་སླེབས་སྲིད། གལ་ཏེ་སྔོན་དཔག་བྱས་ཚད་ནོར་ཚེ། བརྒྱ་ཆ་50ཡང་སླེབས་མི་སྲིད་པས། རིམས་འགོག་སྨན་ཁབ་བརྒྱབ་རྗེས། དགུན་ཁ་འདིར་ཆམ་རིམས་ཕོག་བཟོ་ཡོད།

图片

རིགས་གཅིག་མཁས་། རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོབ་ཐུབ་ཚད་མཐོ་པོ་དེ་འདྲ་མིན་ཡང་ཆམ་རིམས་ཀ་རིགས་H3N2མཆེད་མང་བའི་གནས་བབས་འོག རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་སྔར་བཞིན་ཆམ་རིམས་སྔོན་འགོག་ཐུབ་པའི་ཚན་རིག་མཐུན་པའི་ཆེས་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་པ་དང་། དེའི་དོན་སྙིང་ནི་རེད་ཕྱོདཇེ་དམར་གཏོང་རྒྱུ་ཙམ་མ་ཟད། ནད་རྟགས་ཇེ་ཆུང་དང་། འགོས་ཁྱབ་བཀག་འགོག ནད་གཞི་ལྕི་བ་དང་གྲོང་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ་པ་བཅས་ཡིན་ཞེས་གསུངས་པ་རེད།

责任编辑:七林卓玛 次称曲批

  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com