ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས།
སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་ལ། ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་ལ་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོའི་ཏང་ནི་མི་དམངས་ཀྱི་ཆེད་དུ་སྐྱེས་པ་དང་མི་དམངས་ཀྱི་དབང་གིས་དར་རྒྱས་བྱུང་། ལས་དོན་ཡོད་ཚད་མི་དམངས་བདེ་སྐྱིད་ཡོང་བའི་ཆེད་དུ་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མཆོག་ཏུ་གྱུར་བ་རྒྱུན་འཁྱོངས་བྱེད་དེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་པ་འཛུགས་པ་དང་ལག་བསྟར་བྱས་ནས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་བརྟག་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས།
མིག་སྔར། ཏང་ཡོངས་གོང་འོག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་བྱེད་སྒོ་སྤེལ་བཞིན་ཡོད། སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་པ་དང་། སྲིད་དོན་ལས་རྗེས་ཅི་འདྲ་འཛུགས་པ། ཅི་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཛུགས་པ་བཅས་ཀྱི་གནད་དོན་འདི་གསུམ་ལ་ལན་ཡག་པོ་འདེབས་རྒྱུ་ནི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་བྱ་བ་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པ། དམངས་འཚོའི་བདེ་རྩ་གཏིང་ཟབ་ཏུ་འཛུགས་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་བ་བཅས་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན།
སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་པ་ཞེ་ན། ང་ཚོའི་ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་དགོས། མི་རྣམས་ཀྱི་བློ་ལ་བབ་པ་དང་མི་སེམས་དྲོ་སྐྱིད་ལྡན་པ། མི་སེམས་བདེ་ལ་འགོད་པའི་བྱ་བ་སྒྲུབ་པ་ནི་གུང་ཁྲན་ཏང་མིའི་སྲིད་དོན་ལས་རྗེས་ཡིན། ཡག་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས་ན་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་མང་ཚོགས་ཆེས་ཐུགས་ཁུར་བྱེད་པ་དང་ཆེས་ཐད་ཀ ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལས་ཀ་ཁག་གི་ཨང་དང་པོར་བཞག་དགོས། ལས་ཀ་འཆར་འགོད་དང་སྐུལ་འདེད་གཏོང་སྐབས་མང་ཚོགས་ཀྱི་ལྟ་ཕྱོགས་ནས་བསམ་བློ་གཏོང་བ་དང། མང་ཚོགས་ཡིད་ཚིམ་ཡོད་མེད་དང་དགའ་མི་དགའ། ཁས་ལེན་ཡོད་མེད་བཅས་མང་ཙམ་འདྲི་དགོས། སྲིད་དོན་ལས་རྗེས་ནི་ཕྱོགས་བསྡོམས་ནང་བྲིས་བའི་གྲངས་ཀ་ཁོ་ན་མ་ཡིན་པ། མི་སེར་གྱི་ངོ་ཐོག་གི་འཛུམ་མདངས་དེ་བས་ཡིན།
སྲིད་དོན་ལས་རྗེས་ཅི་འདྲ་འཛུགས་པ་ཞེ་ན། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་བརྟག་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནང་གནས་ཆོས་ཉིད་ལྡན། ཆོས་ཉིད་བརྩི་སྲུང་བྱེད་ན་སྲིད་དོན་ལས་རྗེས་ད་གཟོད་གྲུབ་འབྲས་ངོ་མ་ཡིན། ཆོས་ཉིད་དང་འགལ་ན་སྲིད་དོན་ལས་རྗེས་གྲུབ་འབྲས་རྫུན་ཞན་དུ་གྱུར་ངེས་ཡིན། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དེ། བསྒྲུབ་བཞིན་པ་ནི་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པ་དང་། རྫིང་ཆུ་བུད་དེ་ཉ་འཛིན་པའི་བྱ་བ་ཡིན་ནམ་ཡང་ན་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་ཡིན་པ། མགོ་ལ་རྡེབ་ནས་རང་སྣང་ཐོག་འོལ་ཚོད་ཀྱིས་ཁ་ཚོན་གཅོད་པ་བྱེད་པ་ཡིན་ནམ་ཡང་ན་མང་ཚོགས་ཀྱི་དགོས་མཁོ་ངོ་མ་ལས་བྱུང་བ་ཡིན། ཕྱི་ཚུལ་དུ་ངོ་སོ་ཆེ་བའི་མངོན་གསལ་ཆེ་བའི་གྲུབ་འབྲས་ཡིན་ནམ་ཡང་ན་མི་རབས་རྗེས་མ་ལ་ཕན་པའི་གཏིང་ཤུགས་ལྡན་པའི་གྲུབ་འབྲས་ཡིན་པ་བཅས་གསལ་པོ་ཤེས་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་ན་དོན་དངོས་ལས་འགོ་ཚུགས་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་དགོས་པ་ལས་རྨོངས་ཚོད་ཀྱིས་ལད་ཟློས་དང་ངང་ཐུང་ཐལ་སྐྱོད་བྱ་མི་རུང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས།
ཅི་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཛུགས་པ་ཞེ་ན། དངོས་སྒྲུབ་ཀྱི་ཡིག་འབྲུ་གཉིས་ལས་མེད། སྲིད་དོན་ལས་རྗེས་ནི་བྱ་བ་སྒྲུབ་པ་ལས་བྱུང་བ་དང་། དངོས་གནས་བྱ་བ་སྒྲུབ་ན་གཞི་ནས་སྲིད་དོན་ལས་རྗེས་དང་སྲིད་དོན་ལས་རྗེས་ངོ་མ་ཐོན་ཐུབ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས་ན་དོན་དངོས་གཉེར་བ་དང་། བྱེད་ཐབས་དངོས་འདོན། ཕན་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ་འབོད་ཚིག་རྣམ་པ་དང་། རྣམ་འགྱུར་རྣམ་པ། ཕྱི་བཟོ་འདོན་པའི་རྣམ་པ་བཅས་ཀྱི་དོན་འཁྱོལ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་ལས་ཧོལ་སྤྱོད་ཀྱིས་ངོམ་སྟོན་མིན། ཁ་ཚ་དགོས་གཏུག་གི་བྱ་བ་ལ་ཁ་བཤད་ལག་བསྟར་དང་དམ་འཛིན་མྱུར་བསྒྲུབ་དགོས། ཡུན་རིང་གི་ལས་ཀར་འཐབ་ཇུས་ངེས་ཤུགས་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་དེ་བྱ་བ་རེ་རེ་བཞིན་སྒྲུབ་པ་དང་། ལས་ཀ་ལོ་རེ་བཞིན་བྱེད་པ། ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་པ་བཞིན་སྙིང་རུས་གཏན་འཁྱོངས་བྱེད་དགོས།
སྲིད་སྐྱོང་བྱེད་མཁན་ནི་གཞུང་དྲང་ཡིན་ལ། སྲིད་དོན་ལས་རྗེས་ལྟ་བ་ཡང་དག་འཛུགས་ན་བྱ་བ་སྒྲུབ་ཚེ་གཞི་ནས་བརྟན་པོ་ཡིན་པ་དང་། མི་སེར་ལ་གཞི་ནས་དངོས་ཕན་ཐོབ་ཐུབ། མཛེས་སྡུག་ལྡན་པའི་འཆར་གཞི་གཞི་ནས་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱེད་ཐུབ།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108