中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-08-22 14:32:34
ཟླ་8པའི་ཚེས་21ཉིན ཁུལ་ཨུའི་ཧྲུའུ་ཅི་གཞོན་པ ལས་ཚབ་ཁུལ་དཔོན་ལི་ཡན་ལན་ནགས་ཕག་མཚོར་ཕེབས་ནས་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་ཕྱོགས་བསྡུས་ཇུས་འདོན་མཐའ་འཁྱོངས་བྱེད། བཙོག་ཆུ་བཅོས་སྐྱོང་དང་། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན ཕྱིའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་ ནགས་ཕ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
 
 
图片
 
 

བརྟག་ཞིབ་གནང་རིང་ ལི་ཡན་ལན་དང་བཅས་པས་སྔ་རྗེས་སུ་ཀླུ་ཆུ་སྤྱི་གླིང་དང་། ཉི་མ་རྫོང་བཙོག་ཆུ་གཙང་གསིང་བཟོ་གྲྭ ནགས་ཕག་མཚོ་ཨང་དང་པོ་རྟགས་ཅན་གྱི་ཆུ་སིམ་གས་སྲུབས་ཞིང་ཆེན་ཚོད་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས ནགས་ཕག་མཚོ་ཨང་7པ་རྟགས་ཅན་དང་ཨང་8པ་རྟགས་ཅན་གྱི་ཆུ་ཟགས་དོང་། ནགས་ཕག་མཚོ་ནགས་ཕ་རྟ་ར་བ་སོགས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། སྙན་ཞུ་ཉན་པ ས་གནས་ས་ཐོག་ཏུ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད།ཀླུ་ཆུའི་བཙོག་ཆུ་ཕྱིར་འབུད་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ་འཁོར་སྐྱོད ཞིང་ཆེན་ཚོད་འཛིན་ས་ཚིགས་ཀྱི་ཆུ་སྤུས ཆུ་བཤང་དང་ཆུ་ལོག་སྔོན་འགོག་ཕུག་ལམ་འཛུགས་སྐྲུན རྟ་རའི་བཙོག་གཅིན་གཙང་སེལ་དང་ཕྱུགས་རིགས་ཀྱི་ཕྱིའི་སྦགས་བཙོག་སྔོན་འགོག་ཚོད་འཛིན རང་བྱུང་སྲུང་སྐྱོང་ཁུལ་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་བྱ་སྤྱོད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། མིག་སྔའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་གནད་ཁོང་དུ་ཆུད་པ།

 
 
图片
 
 
ལི་ཡན་ལན་གྱིས་ནན་བཤད་གནང་དོན། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུའི་སྤུས་ཚད་འགྱུར་ལྡོག་བྱུང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ གནད་དོན་གནད་ལ་འཁེལ་བའི་འཚོལ་བ སྤྱོད་གོ་ཆོད་པའི་ཐབས་ཇུས་དང་བྱ་ཐབས་ལ་ཞིབ་འཇུག་བྱེད ལས་གྲྭའི་བྱ་ཐབས་གཙང་བཟོ་དང་རང་བྱུང་གཙང་བཟོ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནགས་ཕག་མཚོའི་ཆུ་རྒྱུད་འཁོར་རྒྱུག་སྦྲེལ་མཐུད་ཆེ་མོའི་རྣམ་པ་གཏོད་དགོས། བཙོག་ཆུ་གཙང་གསིང་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་བསྡུ་རུབ་དང་ཐག་གཅོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ ཆར་ཆུ་དང་བཙོག་ཆུ་ཁག་བགོས་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ རྒྱུན་རྣམ་ཅན་གྱི་མཚེའུ་རུ་རྒྱུག་ཆུ་བཅོས་སྒྲིག་བྱེད་པ འཚོ་བའི་བཙོག་ཆུ་ཐད་འབུད་ཀྱི་གནད་དོན་རྩ་བ་ནས་བཅོས་སྒྲིག་བཅས་བྱེད་དགོས། གནད་འཕིགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་གནས་ཚོད་འཛིན་དང་ཆུ་གསབ་ཆུ་བཤང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཆུ་ལོག་འགོག་པའི་ཕུག་ལམ་སོགས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒྱུག་ཁུལ་གྱི་འབྲུབ་འགོག་དང་གནོད་འཚེ་ཉུང་དུ་གཏོང་བའི་ནུས་ཤུགས་མཐོ་རུ་གཏོང་དགོས།

ལི་ཡན་ལན་གྱིས་བླང་བྱ་བཏོན་དོན། ཞིང་ལས་ཀྱི་ཕྱའི་སྦགས་བཙོག་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་པ། ཕྱུགས་རིགས་ཤོང་ཚད་ལ་དོ་དམ་ཚོད་འཛིན་དང་རྟ་རའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།སྐྱག་གཅིན་བཙོག་ཆུ་བསྡུ་རུབ་དང་གཙང་གསིང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ འབྱུང་རྩ་ནས་མཚེའུ་ཡི་སྦགས་བཙོག་ཉུང་དུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐོར་ཞིབ་བཅོས་སྒྲིག་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་འཛུགས་སྐྲུན་དང་འདམ་རར་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ དམངས་སྲོལ་གནས་ཚང་དང་བཟའ་བཏུང་སོགས་ཀྱི་ཁྲོམ་རའི་ཞུགས་འཐུས་འགག་སྒོ་ནན་པོ་སྲུང་བ་བཅས་བྱེད་དགོས།  ཆུ་ལམ་གཤོང་བ་དང་བཀག་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ། མང་ཚོགས་དང་གཉེར་སྐྱོང་དུད་ཚང་གིས་ནགས་ཕག་མཚོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནང་རང་འགུལ་ངང་ཞུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།

 
 

ཁུལ་གྱི་འགོ་ཁྲིད་ལི་ཐའོ་དང་ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས།

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com