中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-22 12:56:48

     ཟླ་8ཚེས་21ཉིན་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་སེམས་ཀྱི་ཉི་ཟླར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། བྱེད་སྒོ་དེར་“ཡུན་ནན་གྱི་འཚོ་བ་ཟེར་སྟངས་ཤིག་ཡོད་པ་སྟེ། སྣ་མང་མཉམ་འདྲེས། གསང་ཡུལ་སེམས་ཀྱི་ཉི་ཟླའི་དུས་ཆད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་བདེ་ཆེན་གྱི་རང་བྱུང་སྐྱེ་ཁམས་དང་། མི་རིགས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་དེ་ས་ཁོངས་ཧྲིལ་པོ་དང་། དུས་སྐབས་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་ཕྱོགས་སུ་རིམ་སྤོར་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།“ཡུན་ནན་གྱི་འཚོ་བ་ཟེར་སྟངས་ཤིག་ཡོད་པ་སྟེ། འཛམ་གླིང་གི་‘སེམས་ཀྱི་ཉི་ཟླ’” ཡི་སྣང་ལྡན་ལག་ལེན་རྒྱུན་མཐུད་ནས་སྐུལ་སྤེལ་བཏང་ཡོད།

     ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཤིས་ཚིག་གསུངས་པ་དང་འབྲེལ་རིག་གནས་ཡུལ་སྐོར་པུའུ་ཡི་སྤྱི་པའི་ཞབས་ཞུ་སིའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལུང་ཞའོ་ཧྭ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱ་བརྒྱུད་སྤེལ་ཅུས་ཀྱི་ཕྱི་ཕྱོགས་ཁྲུའི་ཁྲུའུ་ཀྲང་ཙོའུ་ཧྲི་ལི། ཡུན་ནན་ཞིང་ཨུ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་པོ། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཀུའོ་ཀྲེན་རུང་དང་ཡུན་ནན་ཞིང་ཆེན་ཁང་ལུའེ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞ་ཙེ་མིང་གིས་མཉམ་དུ་བྱེད་སྒོའི་འགོ་ཚུགས་ཡོད།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་ཀྲུའུ་པའོ་ཧྥེ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

     ལི་ཡན་ལན་གྱིས་བདེ་ཆེན་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོ་མོས་བདེ་ཆེན་ལ་“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རིམ་པའི་སྐྱེ་ཁམས་ཐོན་ཁུངས་ཡོད་པས་ཇ་རྟའི་ཚོང་ལམ་གྱི་མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཟབ་མོ་རྒྱུན་འཛིན་ཐུབ་ཡོད། 2023ལོར་བདེ་ཆེན་གྱིས་ཡུན་ནན་ནུབ་བྱང་གི་རིག་གནས་ཡུལ་སྐོར་མཉམ་ལས་ལམ་སྲོལ་སྔོན་ལ་དར་སྤེལ་བཏང་བ་དང་འབྲེལ་སྐུལ་འདེད་བཏང་བ་མ་ཟད། རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའང་གཉེར་བ་རེད། དུས་ཚིགས་བཞི་པར་བདེ་ཆེན་དུ་ཡུལ་སྐོར་བྱེད་པའི་ལས་རྣམ་མུ་མཐུད་ལེགས་གྲུབ་བྱུང་བ་དང་། སེམས་ཀྱི་ཉི་ཟླ་ནི་རྒྱལ་ཁབ་ཀྱི་ཁྱད་ལྡན་ཡུལ་སྐོར་ས་ཁུལ་དུ་བཅུག་ཡོད། དུས་ཆེན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་སྟེ།རིམ་རྩིས་བྱས་ན་སྒོར་དུང་ཕྱུར་60ལས་བརྒལ་བའི་ཐད་ཀའི་དཔལ་འབྱོར་བསྡོམས་འབོར་ཆགས་ཡོད། ས་ཁོངས་ཧྲིལ་པོའི་འཛད་སྤྱོད་སྒོར་དུང་ཕྱུར་220ལས་བརྒལ་བར་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་དེ་དམངས་ཕྱུག་ཐོན་ལས་སུ་དངོས་འབྲེལ་འགྱུར་བ་བྱས་ནས་སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་བརྟན་པོར་འགྱུར་བ་བྱས་ཡོད། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རིག་གནས་སྤུས་ལེགས་འགྲེམས་འཁྲབ་ལ་བརྟེན་ནས་ལྟ་ཉན་མྱོང་རོལ་ཕུན་སུམ་ཚོགས་སུ་གཏོང་བ་དང་། གསར་བརྗེའི་ས་བོན་ལ་བརྟེན་ནས་སྙིང་སྟོབས་ཀྱི་སྙིང་པོ་བརྟན་པོ་འཛུགས་པ། ཁྱད་ལྡན་IPལ་བརྟེན་ནས་ས་ཁོངས་ཧྲིལ་པོར་ཕྱིར་སྐྱོད་ཐུབ་པ།ས་ཁོངས་ཧྲིལ་པོའི་ཐོན་ལས་མཉམ་འགུལ་ལ་བརྟེན་ནས་དམངས་ཕྱུག་ཕན་ནུས་འདོན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཚན་རིག་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གྱིས་“གཞུང་ལམ་ཡུལ་སྐོར་དང་བདེ་ཆེན་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་བརྗོད་དོན་གཙོ་བོ་མཉམ་སྤྱོད་བྱས་པ་རེད། “ཞི་བདེ་དང་། མཛེས་སྡུག་ལྡན་པའི་བདེ་ཆེན། རིག་གནས་ཡུལ་སྐོར་གྱི་འཚོ་བ་གསར་པ”ཞེས་པའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་དེ་“གངས་ལྗོངས་ཀྱི་བསྐལ་བ་ཟང་བོ། མི་རིགས་ཁག་མཉམ་འདྲེས། གནའ་ལམ་གྱི་དབྱངས་རྟ་འཚོལ་བ། བློ་སེམས་གཅིག་ཏུ་མཐུན་ཞིང་མཛེས་སྡུག་ལྡན་པ”བཅས་ཀྱི་ལེའུ་བཞི་ལ་བརྟེན་ནས་མི་རིགས་ཀྱི་གླུ་གར་དང་། རོལ་ཆ་དཀྲོལ་གཏོང་། མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་ཚན། ཁྱད་ལྡན་གྱོན་ཆས་ངོམ་སྟོན་སོགས་ངོ་མཚར་ཆེ་བའི་ལེ་ཚན་རིམ་གྱིས་མངོན་པར་བྱས་པ་དང་།ལྟད་མོ་བའི་སྣེ་ཁྲིད་དེ་བདེ་ཆེན་གྱི་རི་ཆུའི་མཛེས་སྡུག་དང་། སྤྱི་ཚོགས་ཀྱི་སྣང་བརྙན། མ་འོངས་པའི་རེ་བ་བཅས་ཉམས་སུ་མྱོང་བར་སྐུལ་ཁྲིད་བྱས་ཡོད། “འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་གཞིས”ཞེས་པའི་དྲ་རྒྱའི་དྲིལ་བསྒྲགས་བྱེད་སྒོའང་དུས་མཉམ་ངང་སྤེལ་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་འདིའི་བྱེད་སྒོའི་གསར་གཏོད་ཐད་“ཟླ་8ཚེས་3ཉིན་གྱི་རྩེར་སོན་མཛད་སྒོ་+ལོ་ཧྲིལ་པོའི་དུས་བཞིའི་རྒྱུན་རྣམ་བྱེད་སྒོའི”རྣམ་པ་སྤྱད་ཡོད།ཟླ་8ཚེས་21ཉིན་ནས་ཚེས་23ཉིན་བར་གཅིག་སྡུད་ཐོག་མཛད་སྒོ་གཟབ་རྒྱས་འཚོགས་རྒྱུ་ཡིནལ།ཁྱད་ལྡན་བྱེད་སྒོ་ཟླ་9བའི་བར་སྣུར་སྲིང་བྱ་རྒྱུ་ཡིན་ལ་རྒྱལ་སྟོན་དང་སྟོན་དགུན་གྱི་བྱེད་སྒོ་ལོ་མཇུག་བར་སྤེལ་རྒྱུ་རེད།རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་གྱི་སྤེལ་རེས་འགྲེམས་སྟོན་བྱས་པ་བརྒྱུད།རྒྱལ་ཡོངས་མང་ཚོགས་ཀྱི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།གཞུང་ལམ་རིག་གནས་ཡུལ་སྐོར་གྱི་ཆེད་དོན་དཔྱད་གླེང་སྤེལ་ནས།མཉམ་འགུལG318དང་G219ལམ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར་གྱིས་གཞུང་ལམ་ཡུལ་སྐོར་དྲིལ་བསྒྲགས་ངོ་སྤྲོད་སྤེལ་རེས་བྱ་རྒྱུ།བེ་ཤའི་ཞིམ་ཟས་དུས་ཚིགས་ཀྱི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་རྣམ་པ་སོགས་བསྐྲུན་ནསདུས་བཞིར་ཡུལ་ལྗོངས་ཡོད་པ།ལོ་ཧྲིལ་པོར་ཡུལ་སྐོར་བྱས་ཆོག་པ” མངོན་འགྱུར་བྱུང་རྒྱུ་རེད།

      ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་དང་། རང་ཞིང་དང་། ཁྱིམ་མཚེས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་སྐུ་མགྲོན་དང་། རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། ས་དམ་དང་། ཏ་ལི། ནུའུ་ཅང་། དཀར་མཛེས། ཆབ་མདོ་སོགས་ཁྱིམ་མཚེས་ཁུལ་དང་གྲོང་ཁྱེར་གྱི་ཏང་སྲིད་དང་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད། ཡུན་ནན་དུ་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་ཁེ་སྐྱོང་འཐུས་མི། རིག་གནས་ཡུལ་སྐོར་ཁེ་ལས། ལས་རིགས་མཐུན་ཚོགས་ཀྱི་འཐུས་མི། མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན། དྲ་རྒྱའི་སྨྱན་སྦྱོར་བ་སོགས་ཞུགས་ཡོད་པ་རེད། པའོ་ཧྲན་དང་། ཏེ་ཧུང་། ལིན་ཚང་སོགས་ཁུལ་དང་གྲོང་ཁྱེར་གྱི་སྐུ་མགྲོན་ཉིན་གསུམ་གྱི་ཚོགས་ར་གཙོ་བོའི་བྱེད་སྒོར་ཞུགས་རྒྱུ་རེད།


  • བདེ་ཆེན་གསར་འགྱུར།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།

སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།

རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com