中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-22 13:00:49
ཟླ་8ཚེས་21ཉིན་གྱི་ཕྱི་དྲོཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད། གཙང་གསུམ་མཉམ་བཞུར། ——ཚེ་འདིའི་བརྩེ་སེམས་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཇ་རྟའི་ཚོང་ལམ་གྱི་གཞུང་ལམ་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་དུས་གཅིག་ཏུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ས་གནས་མང་པོའི་རིག་གནས་ཡུལ་སྐོར་སྡེ་ཚན་མཉམ་དུ་འཛོམས་ནས་གཞུང་ལམ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཐུན་མོང་ཐོག་སྔོག་འདོན་བྱས་ཏེ་ས་ཁོངས་སྒྲོལ་བའི་སྤེལ་རེས་དང་ཡུལ་སྐོར་མཉམ་འདྲེས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག་བརྗོད་དོན་གཙོ་བོའི་MVཚེ་འདིའི་བརྩེ་སེམས་གཏན་འཁེལ་G214ཞེས་པ་དང་། ཀང་ཆིན་རྐྱང་དཀྲོལ་སྔོན་ལ་འཁྲབ་སྟོན་བྱས་ཤིང་། དེའི་རྗེས་སུ་གླུ་གཞས་བརྩེ་སེམས་གཏན་འཁེལ་214དང་། ཞབས་བྲོ་རྒྱུད་སྐུད་སྙན་འཇེབས་ལྡན་པགླུ་གཞས་ཕ་ཡུལ་དྲན་པསོགས་རིག་རྩལ་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་སྒྱུ་རྩལ་ལ་བརྟེན་ནས་G214ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པར་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་རིགས་ཀྱི་འཐུས་མི་དང་ས་གནས་ཀྱི་འཐུས་མི་བཅས་ཀྱིས་སྔ་རྗེས་སུ་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཁང་ཕྱིའི་ལུས་རྩལ་དང་གཞུང་ལམ་ཡུལ་སྐོར་ཟུང་འབྲེལ། སྒེར་འཁོར་གཏོང་བའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་བསམ་ཕྱོགས་སྤེལ་རེས་བྱས་ཏེ་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་རྒྱལ་ལམ་ཡུལ་སྐོར་གྱི་རིན་ཐང་སྔོག་འདོན་བྱས་ནས་ཁྱད་ལྡན་གཞུང་ལམ་གྱི་ཡུལ་སྐོར་བར་ཁྱམས་མཉམ་དུ་གཏོད་དགོས་པའི་གཏམ་བཤད་སྤེལ་བ་རེད།

འོས་སྦྱོར་གྱི་བར་སྐབས་སུ་བདེ་ཆེན་གྱིས་G214ལམ་ཐིག་ལ་དམིགས་ནས་བརྗོད་དོན་གཙོ་བོའི་འོས་སྦྱོར་བྱས་ཤིང་།G214བདེ་ཆེན་དུམ་བུས་གཙང་གསུམ་མཉམ་བཞུར་ལྟེ་བའི་ཁུལ་བརྒྱུད་པ་དང་། གངས་རི་དང་གྲོག་རོང་གི་མཛེས་ལྗོངས་དང་ཇ་རྟའི་ཚོང་ལམ་རིག་གནས་འབྲེལ་མཐུད་བྱེད་པ། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བའི་ཕྱིར་སྐྱོད་ཞབས་ཞུར་བརྟེན་པ། རིག་གནས་དང་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་འཆར་ཡན་སྒེར་འཁོར་གྱི་གཞུང་ལམ་IPནུས་ཤུགས་ཡོད་རྒུས་བཏོད་ཡོད། ཨའེ་ཅ་སྨྱན་སྦྱོར་གྱི་འགན་འཁུར་བས་ལེགས་འགྲུབ་བྱུང་བའི་གཞུང་ལམ་IPགཏོད་པའི་ལག་ལེན་དང་ཟུང་འབྲེལ་གྱིས་གཞུང་ལམ་རིག་གནས་ཡུལ་སྐོར་སྤུས་རྟགས་སྐྱེད་སྲིང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་G214སྤུས་རྟགས་འཛུགས་སྐྲུན་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད། ནུའུ་ཅང་ཁུལ་གྱིས་“G219དང་གསང་ཡུལ་རྒྱལ་མོ་རྔུལ་ཆུ”ཞེས་པའི་བརྗོད་དོན་གཙོ་བོའི་འོས་སྦྱོར་བརྒྱུད་ནསG219ལམ་རྒྱུད་ཀྱི་གྲོག་རོང་གི་ས་དབྱིབས་དང་གདོད་མའི་སྐྱེ་ཁམས་མི་རིགས་རིག་གནས་ཐོན་ཁུངས་འགྲེམས་སྟོན་བྱས་པ་རེད། ས་གནས་ས་ཐོག་གི་ཇ་རྟའི་ཚོང་ལམ་གྱི་གཞུང་ལམ་ཡུལ་སྐོར་འཕེལ་རྒྱས་མནའ་འབྲེལ་དངོས་སུ་འགོ་ཚུགས་པ་དང་། ཇ་རྟའི་ཚོང་ལམ་གྱི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞིར་མནའ་འབྲེལ་གྱིས་གཞི་ཚུགས་ཏེ་རྒྱལ་ལམ་མང་པོ་འབྲེལ་ཐག་ཏུ་བྱས་ནས་ས་ཁོངས་སྒྲོལ་བའི་མཉམ་ལས་སྟེགས་བུ་བསྐྲུན་ཡོད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དང་། ལིན་ཚང་གྲོང་ཁྱེར། ཕན་ཀྲི་ཧྭ་གྲོང་ཁྱེར་བཅས་ཀྱིས་རིམ་པ་བཞིན་གཞུང་ལམ་ཡུལ་སྐོར་ཐོན་རྫས་མཉམ་འབྲེལ་འོས་སྦྱོར་བྱས་པ་དང་། ས་གནས་ཁག་གིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ཁུངས་བཏོན་ནས་ས་ཁོངས་ཀྱི་འགྲུལ་ཁུངས་ཕན་ཚུན་བརྗེ་རེས་དང་ལས་རྣམ་གསབ་རེས་ལ་སྐུལ་འདེད་བཏང་སྟེ་གཞུང་ལམ་ཡུལ་སྐོར་ཁྲོམ་ར་མཉམ་སྐྲུན་མཉམ་སྤྱོད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་ད་དུང་སྤེལ་རེས་བྱེད་སྒོ་མཉམ་སྤྱོད་དང་། ས་ཁོངས་བརྒལ་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ། ལས་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཐོན་ལས་ཀྱི་དཀའ་གནད་གསེད་བཀྲོལ། འཕེལ་རྒྱས་ཀྱི་གོ་སྐབས་སྔོག་འདོན་བཅས་བྱས་ཏེ་གཞུང་ལམ་འབྲེལ་ཐག་ཏུ་བྱས་ནས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཟབ་ཏུ་བཏང་སྟེ་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།



  • བདེ་ཆེན་གསར་འགྱུར།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།

སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com