中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ཁྱབ་བསྒྲགས་དུས་ཚོད་:2026-08-22 14:34:53

 
图片
图片
图片

 

ཟླ་8པའི་ཚེས་21ནས་23ཉིན་བར རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ་ནས སྐབས་ཉི་ཤུ་པའི་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་ཐོབ་པའི་རོལ་དབྱངས་མཚོན་དུ་བྱས་པའི་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་འགྲེམས་སྟོན་བྱེད

图片
图片
图片
图片

འགྲེམས་འཁྲབ་དེ་《ཀ་ཁྲེ་ན་ས》ཞབས་བྲོ་ཡིས་འཁྲབ་འགོ་ཚུགས་པ་དང་“སེམས་ཀྱི་ཉི་ཟླར་མཉམ་འཛོམས་བྱེད”དང་། “སེམས་ཀྱི་ཉི་ཟླར་རོལ་དབྱངས་འཁྲབ་སྟོན་བྱེད” “བརྗེད་དཀའ་བའི་སེམས་ཀྱི་ཉི་ཟླ”བཅས་ལེའུ་གསུམ་དུ་ཕྱེ་ཡོད། ཤིན་ཅང་དབྱི་ལི་ཁུལ་རིག་གནས་ཁང་གིས་སྒྲིག་འཛུགས་བྱས་པའི་ཏམྦུ་ར་དཀྲོལ་གཏོང་བྱས། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཀྲེན་ཧའེ་ཆུས་རིག་གནས་ཁང་གིས་སྒྲིག་འཛུགས་བྱས་པའི་ཞབས་བྲོ ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཤང་ཧྲུའེ་རྫོང་རིག་གནས་ཁང་གིས་སྒྲིག་འཛུགས་བྱས་པའི་འཁྲབ་ཚན་ཆུང་བ། ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་རིག་གནས་ཁང་གིས་སྒྲིག་འཛུགས་བྱས་པའི་གཞས་མ་གཏམ བདེ་ཆེན་ཁུལ་རིག་གནས་ཁང་སོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཐང་ཆེན་ཞབས་བྲོ་སོགས་འཁྲབ་སྟོན་བྱས་ནས་མི་རིགས་ཁག་གི་མང་ཚོགས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་མང་ཚོགས་ཀྱི་རིག་རྩལ་སྟོན་མོ་གཟབ་རྒྱས་ཤིག་བསྟན་པ།

图片
图片
图片
图片

ད་ཐེངས་ཀྱི་འགྲེམས་འཁྲབ་ཐོག་དམངས་ཕན་བྱེད་སྒོ་ཐེངས་མང་སྤེལ་བ། མཚན་མོའི་མི་རིགས་ཐང་ཆེན་ཞབས་བྲོ་འཁྲབ་སྟོན། པོ་ཏ་མཚོའི་མཛེས་ལྗོངས་ཁུལ་སོགས་སུ་བསྐྱོད་དེ་གཞི་རིམ་གྱི་སྐོར་སྐྱོད་འཁྲབ་སྟོན་བྱེད། ས་གནས་དེ་གའི་རིག་རྩལ་རྐང་འཛིན་པ་དང་། མང་ཚོགས ཡུལ་སྐོར་བ་བཅས་གདན་དྲངས་ནས་མཉམ་དུ་འཁྲབ་སྟོན་བྱས་ནས། ཕུལ་བྱུང་གི་རིག་རྩལ་རོལ་དབྱངས་སྤྱི་དམངས་དང་གཞི་རིམ་དུ་ཁྱབ་གདལ་བཏང་ཡོད།

  • བདེ་ཆེན་གསར་འགྱུར།

རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བདུན་པ་འཚོགས་པ་རེད།

དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།

ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ། 

ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com