中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2025-12-17 15:42:06 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ《ཀྲུང་གུང་བདེ་ཆེན་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོ》བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དེའི་འབྲེལ་ཡོད་སྡེ་ཚན་དང་ཤང་གྲོང་གི་འཐུས་མི་ཁག་གཅིག་གི་བསམ་འཆར་དང་གྲོས་འགོ་གསན་པ།

 ཚོགས་འདུའི་ཐོག  ཀྲང་ཝེ་ཏུང་གིས་གཏམ་བཤད་ནན་ཏན་ངང་གསན་ནས་ཚང་མ་དང་སྤེལ་རེས་དང་གྲོས་བསྡུར་ཡང་ཡང་གནང་བ།  ཁོང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནི་ཁུལ་ཡོངས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་དམིགས་ནས་བཏོན་པའི་རྒྱང་ལྟ་རང་བཞིན་གྱི་བསམ་བཀོད་ཡོད་ལ།ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་སྤྱོད་འཐུས་རང་བཞིན་ལྡན་པའི་བྱེད་ཐབས་ཀྱང་ཡོད་པས།  མཐོང་རྒྱ་ཡངས་ཤིང་། བསམ་གཞིགས་གཏིང་ཟབ། དམིགས་ས་རང་བཞིན་ཆེ་བ་བཅས་ཡིན་པས། སྤྱི་ཡོངས་ཀྱི་འདུ་ཤེས་དང་དངོས་དོན་གཉེར་བའི་སྤྱོད་ཚུལ་གང་ལེགས་མཚོན་ཡོད་པ་དང་། 《གྲོས་འགོའི་》ཟིན་འགོད་ཚོ་ཆུང་དང་ཟིན་འགོད་ལས་དོན་ཆེད་སྒྲུབ་ཚོ་ཆུང་གིས་རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་།ཞིབ་འཇུག་གཏིང་ཟབ། བསྡུ་ལེན་གང་ཐུབ་བཅས་བྱས་ཏེ།《གྲོས་འགོའི་》དང་སྲིད་གཞུང་གི་རྩ་གནད་བཟོ་འགོད་བྱེད་རིམ་དུ་འབྲེལ་ཡོད་ནང་དོན་ཟུང་འབྲེལ་བྱས་ཏེ། འཆར་འགོད་སྔར་བས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ཞིང་། ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པར་བྱ་དགོས་ཞེས་བསྟན། 

ཀྲང་ཝེ་ཏུང་གིས་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཟོ་བཀོད་ཡག་པོ་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ལས་དོན་དང་འབྲེལ་བ་ཡོད་པ་དང་། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས་བློ་བསྡུས་དགེ་འཚོལ་དང་། སེམས་ཤུགས་གཅིག་སྒྲིལ། སྒྲིག་བཟོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་《གྲོས་འགོ་》དེ་ལག་ལེན་དང་།  མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་ཁུལ་གྱི་སྲིད་གཞུང་གནས་ཡུལ་ཡིན་པས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཁུལ་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་དམ་པོར་དམིགས་པ་དང་།བྱེད་ཐབས་ཞིབ་ཕྲར་བསམ་བློ་གཏིང་ཟབ་གཏོང་བ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྤྱིའི་རྩིས་ཐོ་ཡག་པོ་འགོད་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་འཆར་འགོད་སྔར་བས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་སྟེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་དང་མཐུན་པ་དང་ཕན་འབྲས་ཐོན་པའི་རྣམ་གྲངས་དང་ལས་དོན་སྔར་བས་མང་པོ་རང་འགུལ་ངང་ཇུས་འགོད་བྱེད་དགོས། ཚད་ཤིང་་གི་འདུ་ཤེས་བརྟན་དུ་འཛུགས་པ་དང་། གསར་གཏོད་གསར་སྐྲུན་ཧུར་ཐག་བྱས་ཏེ། ལས་དོན་སོ་སོའི་ཁྲོད་དཔེ་སྟོན་དང་མདུན་གྲལ་དུ་སྐྱོད་པར་བརྩོན་ལེན་བྱ་དགོས། འགན་འཁྲིའི་འདུ་ཤེས་བརྟན་དུ་འཛུགས་པ་དང་། ཁུལ་ཡོངས་ཀྱི་སྤྱིའི་དམིགས་འབེན་ལ་འདེགས་སྐྱོར་བྱེད་པའི་ཁྲོད་ལས་འགན་གང་མང་བགོ་བ་དང་བྱས་རྗེས་གང་མང་འཇོག་པར་བྱེད་དགོས་ཞེས་པའི་ནན་བཤད་གནང་།

ཚོགས་འདུའི་ཐོག《གྲོས་འགོའི》འཆར་ཟིན་བཀོད་ཚུལ་དང་ནང་དོན་གཙོ་བོ་བརྡ་ཁྱབ་བཏང་བ། ཁུལ་ཨུའི་རྒྱུན་ཨུ་སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཧོང་ལུང་ཤིན་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་གྲོང་ཁྱེར་དེའི་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་འགན་འཁུར་བ་ཁག་གཅིག་གིས《གྲོས་འགོ》ལ་དམིགས་ཏེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཁག་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

责任编辑:曲批、七林

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com