ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ། ཁོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་འཕེལ་རྒྱས་གནས་ཐིག་ལ་གཞིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་ཤིང་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་འགག་སྒོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“ལས་ཁུངས་སུ་སྐྱོད་པའི”ལས་དོན་སྤེལ་བར་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླའི་འགག་སྒོ་དང་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག སེམས་ཀྱི་ཉི་ཟླ་དམར་དམག་སློབ་ཆུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་ཐང་སྡེ་ཁུལ་བཅས་སུ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་ཁུངས་དང་།སློབ་གྲྭ སྡེ་ཁུལ་བཅས་དང་དེ་བཞིན་དཔེ་སྟོན་ཚན་པར་བསྐྱོད་དེ་ལས་དོན་སྲ་བརྟན་དང་ལེགས་སུ་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལིང་ཡུས་ཡུལ་སྐོར་ལས་དོན་ཁང་དུ་བསྐྱོད་དེ་ཡུལ་སྐོར་སྐུལ་སློང་གི“འབྲེལ་གཏུག་གསུམ”དང་དེ་བཞིན་སྣེ་ཤན་པའི་འགྲེལ་བཤད་ཚད་ལྡན་དོ་དམ་སོགས་ཀྱི་ལས་དོན་ཤེས་རྟོགས་གནང་བ།ཉི་མ་སེར་པོའི་ཐང་ཆེན་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གྲྭ་འཛུགས་སྐྲུན་བྱེད་ཚུལ་ལ་གཟིགས་ཞིབ་གནང་བ་དང་།ཁུལ་མི་རིགས་གླུ་གར་ཚོགས་པར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་མི་རིགས་མང་པོའི་ཁྱིམ་ཚང་ལ་འཚམས་འདྲི་ཡང་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་རྒྱལ་ཐང་སྡེ་ཁུལ་གྱི་མི་རིགས་མང་པོའི་ཁྱིམ་ཚང་དུ་འཚམས་འདྲི་གནང་སྐབས་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས།མི་རིགས་མང་པོའི་ཁྱིམ་ཚང་གི་འཚོ་བ་དང་ཐོན་སྐྱེད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་སེང་གསན་པ་རེད།ཁོང་གིས་བསྟན་དོན།“ལོ་ལྔ་ཚན་བཅུ་བཞི་པའི་”རིང་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ས་ཁོངས་ཧྲིལ་པོ་གཏོད་ཐུབ་པ་མངོན་འགྱུར་བྱུང་ལ།ལས་དོན་ཁག་གི་རྨང་གཞི་བརྟན་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་དམར་དམག་སློབ་ཆུང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“སློབ་གྲྭར་སྐྱོད་པའི”ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་ཀྱི་དམིགས་འབེན་གཙོ་བོ་ཡིན་པས།ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་ཇེ་མཐོར་གཏོང་བ་དང་སྔ་ཙམ་ནས་དམ་འཛིན་ཏན་ཏིག་བྱ་དགོས།གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བདེ་ཆེན་གྱི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།སྤྱི་ཚོགས།སྣོད་བཅུད། ཤེས་དཔལ་འཛུགས་སྐྱོང་བཅས་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།དམ་འཛིན་བྱེད་ས་འབུར་ཐོན་ཡོང་བ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“བཅུ་སྐུལ”ལས་དོན་གཏིང་ཟབ་སྤེལ་བ་དང་།ཐོན་ཁུངས་བསྡུ་སྒྲིལ་དང་རྣམ་པ་གསར་གཏོད་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ།སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་དང་།ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད།སྡེ་ཁུལ་གྱི་བྱེད་སྒོ་སོགས་གཞི་རྟེན་ལ་བརྟེན་ནས་ཡུལ་བབ་དང་བསྟུན་པ་དང་གཟུགས་ལྡན་ཚོར་སྣང་ལྡན་པའི་ངང་གསར་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་།བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་སྐྲུན་པ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་འབུར་དུ་ཐོན་པར་བྱེད་དགོས་ཏེ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་།ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ།ཁུལ་ཡོངས་ཀྱིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་པའི་ལས་ཀའི་འགྲིལ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས།འཆར་འགོད་དང་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བདེ་ཆེན་ཁུལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་གང་མགྱོགས་བཟོས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཉམས་མྱོང་དང་ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཞན་ཆ་མགྱོགས་མྱུར་གསབ་དགོས།ས་ཁོངས་ཧྲིལ་པོའི་གསར་གཏོད་མངོན་གསལ་དོད་དུ་གཏོང་བ་དང་།དཔེ་སྟོན་བྱེད་གནས་འགག་གནད་སྒྲོལ་སར་བྱེད་པ།གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས།ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་ཚད་ལ་ཞིབ་བསྡུར་ནན་པོ་བྱས་ཏེ་མི་འདང་ས་བཙལ་འཚོལ་དང་ཁ་གསབ་བྱེད་པ་དང་།ལས་འགན་ཁག་བགོས་ཞིབ་ཕྲ་བྱེད་པ།རེས་སྐོར་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་བསྟན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་འཛུགས་དེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་དང་སྤྱི་འདོམས་ཟུང་འབྲེལ་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་གསར་འཛུགས་ལས་དོན་ལ་འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་མཁོ་འདོན་བྱེད་དགོས།
ལུའུ་ཀྲི་ཅུན་དང་།ཧོང་ལུང་ཞིན།མ་གོ་ཀྲུང་བཅས་ཞུགས་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108