ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡུལ་དངོས་སུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། མང་ཚོགས་ཀྱི་རེ་འདུན་ལ་ལན་སློག་པ་དང་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་དེ་ལས་ཇེ་ཡག་གཏོང་བ་རེད།
བཅར་འདྲི་དང་ལེན་ཁྲོད། ཀྲང་ཝེ་ཏུང་གིས་ངང་རྒྱུད་རིང་པོས་བཅར་འདྲི་བྱེད་མཁན་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་དངོས་ཡོད་གནས་ཚུལ་ལ་དོ་ཁུར་དང་འདྲི་རྩད་བྱས་པ། དེའི་ནང་གི་རྒྱུ་རྐྱེན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་ཡུལ་དངོས་སུ་གནད་འགག་གནད་དོན་ལ་དབྱེ་ཞིབ་བྱེད་པ། ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ནས། གྱོད་དོན་གཅོད་པའི་དུས་བཀག་ཁ་གསལ་བཟོ་ཡོད། འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ཤང་དང་གྲོང་རྡལ། གྲོང་ཚོ་བཅས་ཁོངས་གཏོགས་ས་ཁུལ་གྱིས་འགན་འཁྲི་དོན་འཁྱོལ་བྱས་ནས། རང་འགུལ་ངང་འགན་འཁྲི་འཁུར་དགོས། བློ་རྩེ་གཅིག་སྒྲིམ་དང་སེམས་ཤུགས་ཡོད་རྒུས་སྲིད་ཇུས་འདང་ངེས་དང་གནད་ལ་འཁེལ་བར་སྤྱོད་དེ། ཁྲིམས་སྲོལ་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་ཐག་གཅོད་ཡག་པོ་བྱེད་ཐུབ། མི་སེར་གྱི་དཀའ་ངལ་དང་སེམས་ཁྲལ་ཆེ་བའི་བྱ་བ་བཅས་ཡག་པོ་སྒྲུབ་དགོས་ཞེས་བླང་བྱ་བཏོན། དེ་དང་ཆབས་ཅིག གཅིག་ཤེས་ཀུན་གྲོལ་དང་རྒྱང་རིང་ལ་དམིགས་ཏེ། ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་། ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་ཐག་གཅོད་བྱེད་ཐབས་ལ་བློ་ཡིད་ཚིམ་པ་མ་ཟད་ཐུགས་རྗེ་ཆེ་ཞུ།
ཀྲང་ཝེ་ཏུང་གིས་ཡིག་སྐུར་ངོ་གཏུག་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་ཟམ་པ་ཞིག་ཀྱང་ཡིན། ངེས་པར་དུ་ཚད་གཞི་མཐོ་པོ་དང་བྱེད་ཐབས་དངོས་ལ་བརྟེན་ནས་དམ་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཁུར་བ་དང་དམངས་དོན་དམིགས་ཡུལ་བརྟན་སྲུང་བྱས་པ། ཐོག་མཐའ་བར་གསུམ་དུ་དམངས་དོན་དཀའ་ངལ་སེལ་བ་དང་ཏང་དོན་སེམས་ཁྲལ་མཉམ་སྒྲུབ་བྱས་ཞེས་པའི་སྲོག་ཤིང་གི་ལས་འགན་ལ་བརྩིས་ནས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་སེམས་ལ་བཟུང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཏེ། ཡིག་སྐུར་ངོ་གཏུག་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་དགོས། འབྱུང་ཁུངས་སྔོན་འགོག་ཚོད་འཛིན་དམ་འཛིན་བྱས་ནས། གཞི་རིམ་གྱི་བཅོས་སྐྱོང་སྲ་བརྟན་དུ་གཏོང་བ་དང་ཉམས་མྱོང་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ། གཞི་རིམ་གྱི་འགལ་བའི་ཉེན་ཁ་འབྱུང་ཁུངས་ལ་དམ་པོ་དམིགས་ནས། སྔོན་འགོག་སེལ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་། གྲོང་ཚོ་རིམ་པའི་ལས་བྱེད་པས་ཁྲིམས་སྐྱོང་སློབ་གསོ་དང་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ལ། གཞི་རིམ་གྱི་ཁྲིམས་སྲོལ་ལྟར་བྱ་བ་སྒྲུབ་པར་སྐུལ་འདེད་གཏོང་ཏེ། རྩ་བའི་ཐོག་ནས་འགལ་བའི་རྩོད་གཞི་འབྱུང་ཁུངས་ཇེ་ཉུང་དུ་གཏོང་དགོས། འགན་འཁྲིའི་འབྲེལ་ཐག་སྲ་བརྟན་གཏོང་བ་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་ངང་ཤུགས་སྣོན་བརྒྱབ་སྟེ། ལས་ཀའི་འགན་འཁྲི་རིམ་པ་རེ་རེ་བཞིན་སྲ་བརྟན་གཏོང་བ་དང་སྤྱོད་ཚུལ་ནན་མོའི་ངང་ཡིག་སྐུར་ངོ་གཏུག་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་། གཞི་རིམ་གྱི་བཅོས་སྐྱོང་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་ནས། མང་ཚོགས་ཀྱི་བྱ་བ་དངོས་ཡག་པོ་སྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་།
ཀྲོང་ཞའོ་ཕིང་བཅར་འདྲི་དང་ལེན་ནང་ཞུགས།
- བདེ་ཆེན་གསར་འགྱུར།
ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས།
ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108