ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་30ཉིན་གྱི་སྔ་དྲོ།ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།ཀྲུང་དབྱང་དང་ཞིང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ།ལས་དོན་ཕྱོགས་བསྡོམས།དུས་བབ་ལ་དབྱེ་ཞིབ་བཅས་བྱས་ཏེ་2026ལོའི་སྤྱི་ཚོགས་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་ལི་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ལུའོ་ཁྲའོ་ཧྥེང་གིས་མཆན་བཀོད་མཛུབ་སྟོན་ཁྲོད་2025ལོར་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་དེ་བཞིན་སྤྱི་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་སློབ་སྦྱོང་དང་སློབ་གསོ་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་དམིགས་པ་དང་།སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བྱས་ཏེ།ཁུལ་ཡོངས་ཀྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། གསར་དར་ཁྱབ་ཁོངས་སུ་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་།“ལས་རིགས་དོ་དམ་བྱེད་ན་ཏང་འཛུགས་སྐྱོང་ལ་དོ་དམ་བྱ་དགོས་”པའི་འགན་འཁྲི་ནན་དུ་གཏོང་བ།ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཞབས་ཞུ་དོ་དམ་ཟུང་དུ་འབྲེལ་བར་སྐུལ་འདེད་གཏོང་བ།ཏང་གི་རྩ་འཛུགས་ཁེབས་རྒྱ་དང་ལས་ཀའི་ཁེབས་རྒྱ་སྔར་ལས་ནུས་ལྡན་ངང་ཆེ་རུ་གཏོང་བ་བཅས་བྱ་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་དང་།“རྨང་བརྟན་”ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ།གྲོང་གསེབ་དང་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ།འགལ་ཟླ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་།ཞིབ་གཅོད།ཐག་གཅོད།དག་ཐེར་ཡོ་བསྲང་རིམ་སྤོར་བཅས་བརྒྱུད་རིམ་ཧྲིལ་པོའི་བཀག་སྡོམ་དོ་དམ་དོན་འཁྱོལ་བྱས་ཏེ།གནད་དོན་གཞི་རིམ་དུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ་དང་།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ།ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དང་དང་བླངས་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས།སྤྱི་ཚོགས་ཀྱི་ལས་དོན་སྡེ་ཁག་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལས་ལ་གཞོལ་གང་ཐུབ་བྱ་དགོས།རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་སྤྱི་ཚོགས་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་སྟོབས་ཤུགས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་མ་ལག་གིས་གནས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ།འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་ཆེ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་ལས་ཀའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་སྟེ།བདེ་ཆེན་གྱི་དོན་དངོས་དང་མཐུན་པའི་སྤྱི་ཚོགས་ལས་དོན་གྱི་ལམ་བུ་ཞིག་གང་མགྱོགས་འཚོལ་ཞིབ་བྱེད་དགོས།རྒྱུན་མཐུད་འགག་སྒྲོལ་བྱས་ཏེ།གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་དེ་གཟུགས་ལྡན་ནས་ནུས་ལྡན་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས།གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ཚོགས་སྤྱི་དེ“དོ་དམ་ལ་སྣང་ཆེན་བྱེད་པ”ནས“ཞབས་ཞུ་ལ་སྣང་ཆེན་བྱེད་པའི”བར་སྐུལ་འདེད་གཏིང་ཟབ་གཏོང་བ།བྱེད་ཐབས་གསར་གཏོད་དང་།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་དེ་“ཆག་རོ་ཅན་”ནས་“མ་ལག་ཅན་”དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།དམིགས་ཡུལ་ལག་བསྟར་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་དེ“རྣམ་པ་གསར་པ”ནས“ཕན་འབྲས་གཙོ་བོར་འཛིན་པའི”བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཞིབ་འཇུག་དང་ཇུས་འགོད།ལས་ཀའི་མཉམ་ཤུགས་གཅིག་སྒྲིལ།སྤྱི་ཚོགས་ལས་དོན་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་ཨུའི་སྤྱི་ཚོགས་ལས་དོན་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཚོགས་ལས་དོན་གྱི་ཁུལ་རིམ་པའི“ལམ་སྲོལ་ཁག་ལྔའི”ཁོངས་མིའི་ཚན་པས་ཁག་བགོས་དོ་དམ་དང་འགོ་ཁྲིད་གནང་བ།རྫོང(གྲོང་ཁྱེར)ཁག་གི་ཏང་ཨུའི་ཁག་བགོས་འགན་འཁུར་བློ་མཐུན་དང་སྤྱི་ཚོགས་ལས་དོན་པུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
བདེ་ཆེན་ཁུལ་གྱིས་བོད་འབྲེལ་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108